ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་2024ལོའི་ནུས་འབྲས་མཚོན་རྟགས་ཀྱི་ཚད་འཇལ་ལ་ཆེད་དོན་ལྟ་སྐུལ་ཞིབ་བཤེར་བྱས་པ་རེད། ད་ཐེངས་ཀྱི་ཞིབ་བཤེར་དེ་གྲོང་ཁྱེར་ཡོངས་ཀྱི་ཁྱབ་ཁོངས་ནང་གི་གློག་ཆས་ཆེད་ཚོང་ཁང་མང་པོར་ཁྱབ་ནས་ཁྱིམ་སྤྱོད་འཁྱག་སྒམ་དང་། གོས་འཁྲུའི་འཕྲུལ་ཆས། གློག་རྡིག བརྙན་འཕྲིན། ཝེ་པོ་ཚ་ཐབ་སོགས་ནུས་ཟན་དང་ཆུ་ཟད་ཀྱི་ཐོན་རྫས་ལ་གཙོ་གནད་ཐོག་ཞིབ་བཤེར་བྱས་ཡོད་པ་རེད།
ཞིབ་བཤེར་ཚོགས་ཆུང་གིས་ཡུལ་དངོས་སུ་བརྟག་དཔྱད་ཚད་ལེན་དང་རྟགས་བཤེར་བཙལ་འཚོལ་གྱི་བྱ་ཐབས་བརྒྱུད་ནུས་འབྲས་མཚོན་རྟགས་ཀྱི་དོན་དངོས་རང་བཞིན་ལ་རིམ་གྱིས་ཞིབ་བསྡུར་བྱས་པ་དང་མཚོན་རྟགས་དེ་འབྲེལ་ཡོད་ཚད་གཞི་དང་ལག་བསྟར་ཞིབ་སྲོལ་གྱི་བླང་བྱ་གཞིར་བཟུང་བཀོད་ཡོད་མེད་ལ་ཞིབ་བཤེར་བྱས་པ་དང་འབྲེལ་ནུས་འབྲས་མཚོན་རྟགས་རྫུན་བཟོ་དང་རྫུན་སྤྱོད་བྱས་ཡོད་མེད་དང་། ནུས་རྒྱུ་གྲོན་ཆུང་གི་མཚོན་རྟགས་སྤྱད་དེ་དྲིལ་བསྒྲགས་རྫུན་མ་བྱས་ཡོད་མེད་ལ་གྲལ་བཤེར་བྱས་པ་རེད།
གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཞིབ་དཔྱད་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་བློ་བཟང་དགེ་ལེགས་ཀྱིས་ནུས་འབྲས་མཚོན་རྟགས་ཀྱི་ཚད་འཇལ་ལ་ཆེད་དོན་ལྟ་སྐུལ་ཞིབ་བཤེར་བྱེད་པའི་དམིགས་ཡུལ་ནི་གཉེར་སྐྱོང་མཁན་ལ་རྒྱལ་ཁབ་ཀྱི་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་དང་དེ་བཞིན་ནུས་རྒྱུ་དང་ཆུ་གྲོན་ཆུང་གི་སྲིད་ཇུས་ལག་བསྟར་ནན་པོ་བྱ་རྒྱུར་ལྟ་སྐུལ་བྱས་ནས་ནུས་འབྲས་མཚོན་རྟགས་ཐོན་རྫས་ཀྱི་སྤུས་ཚད་ལ་བདེ་འཇགས་ཀྱི་འགན་ལེན་བྱ་རྒྱུ་དེ་རེད་ཅེས་བཤད།
སླད་ཕྱིན་ཁྲོམ་ར་ལྟ་སྐུལ་དོ་དམ་སྡེ་ཚན་གྱིས་ནུས་འབྲས་མཚོན་རྟགས་ལ་ལྟ་སྐུལ་ཞིབ་བཤེར་བྱ་རྒྱུར་མུ་མཐུད་ཤུགས་སྣོན་བརྒྱབ་ནས་ཐོན་རྫས་ཀྱི་སྤུས་ཚད་ལ་བདེ་འཇགས་ཀྱི་འགན་ལེན་བྱས་ཏེ་འཛད་སྤྱོད་པར་བློ་བདེའི་འཛད་སྤྱོད་ཀྱི་ཁོར་ཡུག་གཏོད་རྒྱུ་ཡིན་པ་རེད།
(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社