分享按钮

ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག་ལ་ཤུགས་སྣོན་བརྒྱབ་ནས་ཐུན་མོང་ཐོག་མཛེས་ཤིང་ འཚོ་སྡོད་ལ་འཚམ་པའི་གྲོང་ཁྱེར་བཏོད་པ།

(པར་ངོས་དང་པོར་མཐུད) བོད་ལྗོངས་པོ་རུའེ་ཁོར་ཡུག་འཕྲོད་བསྟེན་ཞབས་ཞུ་ཚད་ཡོད་ཀུང་སིའི་གཙང་འཕྱག་པུའི་རུ་འབྲིང་གི་རུ་དཔོན་ཉི་མས་གསར་འགོད་པར་དེ་སྔོན་ཁོར་ཡུག་འཕྲོད་བསྟེན་ལས་བཟོ་པས་ཀརྨ་དགོན་གསར་ལམ་དུ་གཙང་སྦྲ་བྱེད་སྐབས། རྡོ་གཅལ་གྱི་ལམ་བུར་གཏོར་སྐྱོན་ཤོར་བའི་ཁར་སྣུམ་སྙིགས་མང་བ་དང་རླངས་འཁོར་གང་བྱུང་དུ་འཇོག་པ་སོགས་བྱེད་ཀྱི་ཡོད་སྟབས་གཙང་སྦྲ་བྱེད་ཁག་པོ་ཡོད། ད་ཆ་ཀརྨ་དགོན་གསར་ལམ་དུ་ཆུ་སིམ་ལེགས་པའི་སོ་ཕག་གསར་པ་བཏིང་རྗེས་སྣུམ་སྙིགས་ཉུང་དུ་ཕྱིན་པར་མ་ཟད། ཁོར་ཡུག་འཕྲོད་བསྟེན་ལས་བཟོ་པའི་ལས་ཀའི་གནོན་ཤུགས་ཀྱང་ཆུང་དུ་ཕྱིན་ཡོད། སླད་ཕྱིན་ང་ཚོས་མུ་མཐུད་ཁོར་ཡུག་འཕྲོད་བསྟེན་གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུ་ཡིན་ཞེས་བཤད།

ཀརྨ་དགོན་གསར་ལམ་དུ་གསར་འགོད་པས་མི་བགྲོད་ལམ་དུ་གསར་དུ་བཏིང་བའི་ཆུ་སིམ་ལེགས་པའི་སོ་ཕག་གཙང་ཞིང་གྲལ་འགྲིག་པ་དང་། ཉེ་འཁོར་དུ་ཁོར་ཡུག་འཕྲོད་བསྟེན་ལས་བཟོ་པ་ཚོས་དཀའ་སྤྱད་འབད་བརྩོན་གྱིས་གཙང་སྦྲའི་ལས་དོན་སྤེལ་བཞིན་ཡོད་པ་མཐོང་བྱུང་། ལམ་འགྲམ་གཡས་གཡོན་གྱི་ཆུ་སིམ་ལེགས་པའི་སོ་ཕག་འདིང་བའི་ལས་དོན་དེ་བརྒྱ་ཆ་70ལེགས་གྲུབ་ཟིན་པ་དང་ཀརྨ་དགོན་གསར་ལམ་དུམ་ཡོངས་ཀྱི་མི་བགྲོད་ལམ་ངོས་སུ་ཁྱོན་ཡོངས་ནས་གསར་བརྗེས་བྱས་ཟིན་ཞིང་། ཆུ་སིམ་ལེགས་པའི་སོ་ཕག་གསར་པ་བཏིང་བས་ལམ་ངོས་ཀྱི་མཛེས་ཉམས་ལེགས་སུ་ཕྱིན་པར་མ་ཟད། ཁོར་ཡུག་འཕྲོད་བསྟེན་ལས་བཟོ་པའི་གད་འཕྱག་ལས་དོན་ལ་སྟབས་བདེ་ཆེན་པོ་བསྐྲུན་ཡོད་པ་རེད།

ཀརྨ་དགོན་གསར་ལམ་གྱི་ཚོང་དུད་དབྱང་ལཊ་ཀྱིས་དེ་སྔའི་རྡོ་གཅལ་ཐོག་སྣུམ་སྙིཊ་ཅུང་མང་ཙམ་ཡོད་པས། ཉིན་ལྟར་ཁོར་ཡུག་འཕྲོད་བསྟེན་ལས་བཟོ་པས་དེ་གར་གཙང་སྦྲ་བྱེད་པ་མཐོང་རྒྱུ་ཡོད། ད་ཆ་ང་ཚོའི་ཚོང་ཁང་གི་སྒོ་འགྲམ་དུའང་དེ་སྔོན་ལས་གཙང་སྦྲ་དོད་དུ་ཕྱིན་ཡོད་པས་ཁོང་ཚོར་བསྔཊ་བརྗོད་བྱ་རྒྱུ་ཡིན་ཞེས་བཤད།

ཁོར་ཡུག་འཕྲོད་བསྟེན་ལས་བཟོ་པ་ཚོས་རྡོ་གཅལ་ལམ་གྱི་སྣུམ་སྙིགས་གཙང་བཟོའི་ལས་དོན་ལ་དམིགས་ཏེ་བློ་རྩེ་གཅིག་སྒྲིམ་གྱིས་སྒྱུ་རྩལ་གྱི་ཐོན་རྫས་བཟོ་བ་ལྟར་གྲོང་ཁྱེར་གྱི་ཁོར་ཡུག་ཁྲོད་ཀྱི་གནད་དོན་ཆུང་ཆུང་དེ་དག་གྲོང་ཁྱེར་གྱི་ཁོར་ཡུག་འཕྲོད་བསྟེན་ལེགས་སུ་གཏོང་བའི་གྲུབ་འབྲས་ཤིག་ཏུ་རིམ་བཞིན་འགྱུར་བར་བྱེད་ཀྱི་ཡོད་པ་རེད། བཅོས་སྒྲིག་གི་བྱ་སྤྱོད་མུ་མཐུད་གཏིང་ཟབ་ཏུ་གཏོང་བ་དང་ཆབས་ཅིག་གནད་དོན་དེ་དག་རིམ་བཞིན་སེལ་བཞིན་ཡོད་པ་དང་གྲོང་ཁྱེར་གྱི་རྣམ་པར་ཡང་དགའ་འོས་པའི་འགྱུར་ལྡོག་འགྲོ་བཞིན་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་མཛུབ་སྟོན་གྱི་དགོངས་དོན་གཞིར་བཟུང་ཁོར་ཡུག་འཕྲོད་བསྟེན་གྱི་གནས་ཚུལ་དངོས་དང་ཟུང་འབྲེལ་བྱས་ཏེ་གྲོང་ཁྱེར་གྱི་ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག་བྱ་སྤྱོད་ཀྱི་ཆེད་དོན་ཚོགས་ཆུང་གིས《གྲོང་ཁྱེར་གྱི་ཁོར་ཡུག་འཕྲོད་བསྟེན་གྱི་སྤུས་ཚད་མཐོ་རུ་གཏོང་རྒྱུ་དང་ཕྱོགས་བསྡུས་བཅོས་སྒྲིག་ལས་དོན་ཁག་དོན་འཁྱོལ་བྱ་རྒྱུའི་སྐོར་གྱི་ལག་བསྟར་ཇུས་གཞི》བཟོས་ནས་གཤམ་སྤྲོད་བྱས་ཏེ་ལས་ཀའི་ཆེད་དོན་ཚོགས་ཆུང་ཞིག་ཆགས་པར་བྱེད་པ་དང་། རིམ་པ་ཁག་གི་དོ་དམ་མི་སྣའི་འགན་འཁུར་ས་ཁོངས་དང་འགན་འཁྲི་ཞིབ་ཕྲ་བཟོ་བ། བཅོས་སྒྲིག་གི་ལས་དོན་ཁ་གསལ་བཟོ་བ། ཕུཊ་ཕན་དོ་དམ་གྱི་རྒྱུན་འཁྱོངས་ལམ་སྲོལ་བཟོ་བ་བཅས་བྱས་ནས་བཅོས་སྒྲིག་གི་གྲུབ་འབྲས་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་དུ་འགྱུར་བའི་འགན་ལེན་བྱས་ཡོད།

ལྷ་ས་གྲོང་ཁྱེར་ཁོར་ཡུག་འཕྲོད་བསྟེན་ལྟེ་གནས་ཀྱི་ཏང་ཀྲི་པུའི་ཧྲུའུ་ཅི་དང་གྲོང་ཁྱེར་ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག་བྱ་སྤྱོད་ཀྱི་ཆེད་དོན་ཚོགས་ཆུང་གི་གཞོགས་འདེགས་འགན་འཁུར་བ་ཟླ་བས་གྲོང་ཁྱེར་ཡོངས་སུ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་བྱ་སྤྱོད་སྤེལ་བ་ནས་བཟུང་ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག་བྱ་སྤྱོད་ཀྱི་ཆེད་དོན་ཚོགས་ཆུང་གིས་བཅོས་སྒྲིག་གི་བྱ་སྤྱོད་ལ་སྐུལ་འདེད་ཏན་ཏིག་བཏང་བ་དང་དེ་བས་ནུས་ལྡན་གྱི་བྱེད་ཐབས་སྤྱད་དེ་གྲོང་ཁྱེར་གྱི་ཁོར་ཡུག་འཕྲོད་བསྟེན་གྱི་བཙོག་ཟིང་ཞན་གསུམ་གྱི་གནད་དོན་བཅོས་སྒྲིག་བྱས་ནས་གཙང་ཞིང་གྲལ་འགྲིག་པ་དང་གོ་རིམ་ལྡན་པ་བཅས་ཀྱི་གྲོང་ཁྱེར་གྱི་ཁོར་ཡུག་ཧུར་ཐག་བཏོད་ཡོད། ཁྱོན་གནད་དོན་གྱི་ཁུངས་སྣེ་929བསྡུ་རུབ་བྱས་པའི་ནང་དོན་ཚན་907བཅོས་སྒྲིག་བྱས་ཟིན་ནས་བཅོས་སྒྲིག་བྱེད་ཚད་བརྒྱ་ཆ་98ཟིན་ཡོད་ཅེས་བཤད།

ཕྱིས་འབྱུང་གྲོང་ཁྱེར་ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག་བྱ་སྤྱོད་ཀྱི་ཆེད་དོན་ཚན་པས《ལྷ་ས་གྲོང་ཁྱེར་གྱི་ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག་བྱ་སྤྱོད་ཀྱི་ལས་ཀའི་ཇུས་གཞིའི》བླང་བྱ་གཞིར་བཟུང་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཆབ་སྲིད་ཀྱི་ཚུགས་གནས་ཟམ་མི་ཆད་པར་མཐོ་རུ་གཏོང་བ། བསམ་བློ་དང་བྱ་སྤྱོད་དེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་སྐོར་གྱི་གྲོང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བར་བྱེད་པ། སྤྱི་འདོམས་མཉམ་འགུལ་ལ་ཤུགས་སྣོན་རྒྱག་པ། བཅོས་སྒྲིག་གི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། གྲོང་ཁྱེར་གྱི་སྤུས་ཚད་དང་གྲོང་ཁྱེར་གྱི་གཟུགས་བརྙན་ཟམ་མི་ཆད་པར་ལེགས་སུ་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཚོ་སྡོད་ཁོར་ཡུག་དེ་བས་མཛེས་སྡུག་ལྡན་པ་ཞིག་གཏོད་པ་བཅས་བྱས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་རྒྱུ་ཡིན་པ་རེད།

(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-14 6 6 拉萨日报藏文 c190993.html 1 ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག་ལ་ཤུགས་སྣོན་བརྒྱབ་ནས་ཐུན་མོང་ཐོག་མཛེས་ཤིང་ འཚོ་སྡོད་ལ་འཚམ་པའི་གྲོང་ཁྱེར་བཏོད་པ། /enpproperty-->