分享按钮

(པར་ངོས་དང་པོར་མཐུད)དེ་རྗེས་ཀྱི་བཞུགས་མོལ་ཚོགས་འདུའི་ཐོག་ཤའོ་ཡིའུ་ཚའེ་ཡིས་ལས་ཀའི་གནས་ཚུལ་གྱི་སྙན་ཞུར་གསན་པ་དང་།གྲོང་ཁྱེར་སྲིད་འཛིན་ཞིབ་མཆན་དང་དམངས་ཕན་ཞབས་ཞུ་ཅུས་ཀྱི་ལས་དོན་ལ་ཁས་ལེན་གང་ལེགས་གནང་བ།ལྷ་སའི་རིམ་གསུམ་སྲིད་དོན་ཞབས་ཞུའི་ཚོམས་ཆེན་དུ་ལས་དོན་སྒྲུབ་མཁན་རྒྱ་ཆེའི་ལས་བྱེད་པ་དང་ལས་བཟོ་བ་ཚོར་སྙིང་དབུས་ནས་ཐུཊ་རྗེ་ཆེ་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་རེད།ཁོང་གིས་ནན་གསུངས་གནང་དོན།གྲོང་ཁྱེར་སྲིད་འཛིན་ཞིབ་མཆན་དང་དམངས་ཕན་ཞབས་ཞུ་ཅུས་ནི་ཁེ་ལས་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་སྐར་ཁུང་གལ་ཆེན་ཞིག་ཡིན་པའི་ངོས་ནས་ཏང་དང་སྲིད་གཞུང་གི་གཟུགས་བརྙན་མཚོན་གྱི་ཡོད།དུས་བབ་གསར་པ་ཁོང་དུ་ཡང་དག་ཆུད་པ་དང་རང་འགུལ་ངང་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་དང་འཚམ་པར་བྱས་ནས་གཞུང་དྲང་དང་།དྲང་གཞག ཁ་གསལ།ནུས་ཆེ་བཅས་ཀྱི་འཕེལ་རྒྱས་ཁོར་ཡུག་ཧུར་ཐག་བཏོད་དེ་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་དེ་བས་ལེགས་པའི་སྒོ་ནས་ཞབས་འདེགས་ཞུ་དགོས་པ་སྟེ།

དར་ཆ་གསལ་སྟོན་གྱིས་ཆབ་སྲིད་ལ་སྣང་ཆེན་བྱེད་དགོས་ཤིང་།ཐོག་མཐའ་བར་གསུམ་དུ་ཏང་ལ་ལྷག་བསམ་རྣམ་དག་དང་།ཆབ་སྲིད་ལ་སྣང་ཆེན།ཁྱོན་ཡོངས་ལ་ལྟ་རྟོག མཉམ་ལས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ལས་དོན་ཁག་ཡང་དག་པའི་ཁ་ཕྱོགས་བརྒྱུད་དེ་མདུན་སྐྱོད་ཐུབ་པའི་འགན་ལེན་བྱེད་པ་དང་།གྲོང་ཁྱེར་ཡོངས་ཀྱི་སྲིད་འཛིན་ཞིབ་མཆན་དང་དམངས་ཕན་ཞབས་ཞུའི་ལས་དོན་དེ་ལྗོངས་ཡོངས་ཀྱི་མདུན་གྲལ་དུ་སྐྱོད་པ་དང་དཔེ་སྟོན་སྣེ་ཁྲིད་ཐུབ་པར་བྱེད་དགོས་པ།

ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་ཀྱིས་ཞབས་ཞུ་ལེགས་སུ་གཏོང་དགོས་ཤིང་།ཞིབ་མཆན་འགོད་པར་ཚད་གཞི་ཡོད་པ་དང་།དྲོད་ཚད་ཡོད་པ།མྱུར་ཚད་ཡོད་པ་བཅས་ཀྱི་འདུ་ཤེས་བརྟན་པོར་བཙུཊ་ཏེ་ལྷུ་ཚིགས་ཉུང་དུ་དང་།དུས་ཚོད་ཐུང་དུ།འགྲོ་རྒྱུག་ཉུང་དུ།རྒྱུ་ཆ་ཉུང་དུ་བཅས་གཏོང་བའི་ཐད་མུ་མཐུད་ཤུགས་སྣོན་བརྒྱབ་ནས་ཞབས་ཞུ་ལེགས་སུ་གཏོང་བ་དང་ནུས་པ་སྔར་བས་ཆེ་རུ་བཏང་སྟེ་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་བྱེད་པ་དང་སྲིད་དོན་ཞབས་ཞུ་ལེགས་སུ་གཏོང་དགོས་པ།

དམངས་ལ་སྟབས་བདེ་དང་ཞབས་ཞུའི་ནུས་ཆོད་ཇེ་མཐོར་གཏོང་དགོས་ཤིང་།ལས་ཀའི་འགན་འཁྲི་སྔར་བས་ཁ་གསལ་བཟོ་བ་དང་།སྒྲུབ་གཉེར་ལས་རིམ་ཚད་ལྡན་བཟོ་བ།སྤྱི་ཡོངས་ཀྱི་བྱང་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ་སྲིད་དོན་ཞབས་ཞུའི་དམངས་བདེའི་ཐད་སྦྲེལ་ཁ་པར་12345ཡི་ལས་ཀའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་ཐོག་ཐད་སྦྲེལ་ཁ་པར་དེ་སེམས་ཁྲལ་དང་དཀའ་ངལ་སེལ་བའི་དམངས་བདེའི་ཐད་སྦྲེལ་ཁ་པར་དང་དམངས་ཕན་ཐད་སྦྲེལ་ཁ་པར་ཞིག་ཏུ་དངོས་འབྲེལ་འགྱུར་བར་བྱེད་དགོས་པ།

ཕྱོགས་ཡོངས་ནས་སྲིད་དོན་གཙང་སྐྱོང་དམ་འཛིན་ནན་པོ་བྱེད་དགོས་ཤིང་།སྣེ་ཁྲིད་དེ་སྒྲིག་ལམ་ལ་སློབ་སྦྱོང་དང་། སྒྲིག་ལམ་ལ་བརྩི་སྲུང་། སྒྲིག་ལམ་ལ་སྲུང་སྐྱོང་བཅས་བྱེད་པ་དང་།ཏང་གཤིས་ཀྱི་རྩ་དོན་ལྟར་བྱ་བ་ནན་སྒྲུབ་དང་།སྲིད་ཇུས་དང་ཁྲིམས་སྲོལ་ལྟར་བྱ་བ་སྒྲུབ་པ།གཏན་འབེབས་ཀྱི་གོ་རིམ་ལྟར་བྱ་བ་སྒྲུབ་པ་བཅས་བྱས་ཏེ།བཀག་སྡོམ་ལས་མི་བརྒལ་བ་དང་སྒྲིག་ལམ་མི་འཁྲུག་པ་བྱེད་དགོས་པ།

(བུ་ཆུང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-14 6 6 拉萨日报藏文 c190992.html 1 /enpproperty-->