ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཟླ་11ཚེས་12ཉིན་གྱི་སྔ་དྲོ།རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་གྲོང་ཁྱེར་སྲིད་འཛིན་ཞིབ་མཆན་དང་དམངས་ཕན་ཞབས་ཞུ་ཅུས་སུ་བརྟག་ཞིབ་གནང་བར་ཕེབས་ཤིང་། ཁོང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སྣེ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་གྲོང་ཨུད་ཀྱི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་ཐོག་གཏན་འཁེལ་བྱས་པའི་སྒྱུར་བཅོས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་།མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་བརྟན་པོར་འཛུགས་པ།གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་ལ་དམིགས་པ།སྒྱུར་བཅོས་གཏིང་ཟབ་དང་འགག་སྒྲོལ་དཀའ་སེལ་བཅས་བྱས་ཏེ་ནུས་ཤུགས་ཡོད་རྒུས་སྤུས་ལེགས་ནུས་ཆེའི་སྲིད་དོན་ཁོར་ཡུག་ཅིག་གཏོད་དགོས་པའི་ནན་གསུངས་གནང་བ་རེད།
གྲོང་ཁྱེར་གྱི་འགོ་ཁྲིད་ཀྲང་ཁྲུན་དབྱང་དང་།ལུའུ་ཚུང་ཧྥུ།བློ་གསལ་བཅས་རྟག་ཞིབ་གནང་བར་ལྷན་དུ་ཕེབས་ཡོད།
ལྷ་སའི་རིམ་གསུམ་སྲིད་དོན་ཞབས་ཞུའི་ཚོམས་ཆེན་དུ་ལས་དོན་སྒྲུབ་མཁན་མང་ཚོགས་རྫོགས་རྒྱུ་མེད་པ་དང་ཞབས་ཞུའི་སྐར་ཁུང་གོ་རིམ་ལྡན་པ་ཞིག་ཡོད་པ་རེད།ཤའོ་ཡིའུ་ཚའེ་སྔ་རྗེས་སུ་གཏན་འཇགས་རྒྱུ་ནོར་ཕྱོགས་བསྡུས་ལས་སྒོའི་ཞབས་ཞུ་ཁུལ་དང་།12345སྲིད་དོན་ཞབས་ཞུའི་ཐད་སྦྲེལ་ཁ་པར་ལྟེ་གནས།སྤྱི་པའི་ཐོན་ཁུངས་ཉོ་ཚོང་ལྟེ་གནས་སོགས་སུ་ཕེབས་ཏེ་ལས་དོན་པ་དང་བྱམས་བརྩེའི་ངང་སྤེལ་རེས་གནང་བ་དང་།ཞབས་ཞུའི་ལས་དོན་དང་།ལས་སྒྲུབ་བརྒྱུད་རིམ།ལས་སྒྲུབ་དུས་བཅད་བཅས་འདྲི་རྩད་ནན་ཏན་གནང་བ།སྲིད་དོན་ཞབས་ཞུ་ལྟེ་གནས་ཀྱི་འཁོར་རྒྱུག་དང་ཕྱོགས་བསྡུས་སྐར་ཁུང་སྒྱུར་བཅོས་སོགས་འབྲེལ་ཡོད་ལས་དོན་སྤེལ་ཚུལ་ཐད་མཁྱེན་རྟོགས་ཞིབ་ཕྲ་གནང་བ།ཡུལ་དངོས་སུ་གཞུང་དོན་སྒྲུབ་པ་དང་གནད་དོན་ཐག་གཅོད་གནང་བ་རེད།ཁོང་གིས་བསྟན་དོན།གློད་སྡོམ་ཞབས་གསུམ་གྱི་སྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་གཏོང་བ་དང་།སྐར་ཁུང་བཀོད་སྒྲིག་ལེགས་སུ་གཏོང་བ།ལས་ཀའི་སྟོབས་ཤུགས་བསྡུ་སྒྲིལ་བྱེད་པ།ཞབས་ཞུའི་འདུ་ཤེས་གསར་གཏོད་བྱེད་པ།ལས་སྒོའི་བྱང་ཚད་མཐོ་རུ་གཏོང་བ།སྲིད་དོན་ཞབས་ཞུ་ཚད་ལྡན་ཅན་དང་།ལམ་ལུགས་ཅན།སྟབས་བདེ་ཅན་བཅས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་གཉེར་སྐྱོང་གི་ཁོར་ཡུག་མུ་མཐུད་ལེགས་སུ་གཏོང་ཆེད་འགན་ལེན་ནུས་ལྡན་བྱེད་དགོས།
(པར་ངོས་གསུམ་པར་གཟིགས)
ཟླ་11ཚེས་12ཉིན་གྱི་སྔ་དྲོ།རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་གྲོང་ཁྱེར་སྲིད་འཛིན་ཞིབ་མཆན་དང་དམངས་ཕན་ཞབས་ཞུ་ཅུས་སུ་བརྟག་ཞིབ་གནང་བར་ཕེབས་ཤིང་།པར་འདི་ནི་ཤའོ་ཡིའུ་ཚའེ་ལྷ་སའི་རིམ་གསུམ་སྲིད་དོན་ཞབས་ཞུ་ཚོམས་ཆེན་དུ་སྲིད་དོན་ཞབས་ཞུ་ལྟེ་གནས་ཀྱི་གཉེར་སྐྱོང་དང་ཕྱོགས་བསྡུས་སྐར་ཁུང་སྒྱུར་བཅོས་སོགས་འབྲེལ་ཡོད་ལས་དོན་སྤེལ་ཚུལ་ལ་མཁྱེན་རྟོགས་གནང་བཞིན་པའི་རྣམ་པ་ཡིན།
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社