分享按钮

ལྷ་ས་གྲོང་ཁྱེར་གྱི་གྲོང་སྤྱིས་ངོ་བཅར་ཡོང་མཁན་མང་ཚོགས་ལ་སྣེ་ལེན་ཞུས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་11ཚེས་12ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་གྲོང་སྤྱི་ཝང་ཆང་ལྷ་ས་གྲོང་ཁྱེར་ཡིག་བསྐུར་ངོ་བཅར་ཅུས་སུ་ཕེབས་ནས་ངོ་བཅར་ཡོང་མཁན་མང་ཚོགས་ལ་སྣེ་ལེན་ཞུས་ཤིང་། ཁོང་གིས་མང་ཚོགས་ཀྱི་ཁྲིམས་མཐུན་བདེ་སྡུག་ཞུ་བའི་ཐབས་ལམ་སྔར་བས་ཤར་གཏོང་ཡོང་བ་དང་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་བྱས་ནས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་འགན་ལེན་བྱེད་དགོས་པའི་ནན་གསུངས་གནང་བ་རེད།

ཝང་ཆང་གིས་གྲོང་ཁྱེར་ཡིག་བསྐུར་ངོ་བཅར་ཅུས་སུ་ཡིག་བསྐུར་ངོ་བཅར་ཞུ་མཁན་གཉིས་དང་ངོ་ཐུག་གདོང་འཕྲད་ཀྱིས་སྤེལ་རེས་གནང་སྟེ། ཡིག་བསྐུར་ངོ་བཅར་ཞུ་མཁན་གྱི་སྐད་ཆ་ནན་ཏན་ངང་གསན་པདང་། ཡིག་བསྐུར་ངོ་བཅར་ཞུ་མཁན་གྱི་རེ་ཞུ་ཞིབ་ཕྲ་ཟིན་ཐོར་བཀོད་པར་མ་ཟད། ཡུལ་དངོས་སུ་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བར་བརྟག་དཔྱད་ཞིབ་བསྡུར་ནན་ཏན་བྱ་རྒྱུ་དང་། ཐག་གཅོད་ཀྱི་ཇུས་གཞི་གང་མགྱོགས་བཏོན་ནས་མང་ཚོགས་ཀྱིས་བཏོན་པའི་གནད་དོན་ཁྲིམས་དང་སྒྲིག་སྲོལ་ལྟར་ཐག་གཅོད་བྱེད་དགོས་པའི་འགན་དཀྲིས་པ་རེད། གཅིག་ཤེས་ཀུན་གྲོལ་གྱི་སྒོ་ནས་གླ་ཆ་འགྱངས་ཆད་གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁའི་མངོན་མེད་རྐྱེན་ངན་ལ་ཁྱོན་ཡོངས་ནས་གྲལ་བཤེར་བྱེད་དགོས་པ་དང་།

(པར་ངོས་བཞི་པར་གཟིགས)

པར་འདི་ནི་ཟླ་11ཚེས་12ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་གྲོང་སྤྱི་ཝང་ཆང་ལྷ་ས་གྲོང་ཁྱེར་ཡིག་བསྐུར་ངོ་བཅར་ཅུས་སུ་ཕེབས་ནས་ངོ་བཅར་ཡོང་མཁན་མང་ཚོགས་ལ་སྣེ་ལེན་ཞུ་བཞིན་པའི་གནས་ཚུལ་ཡིན།

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-14 6 6 拉萨日报藏文 c190984.html 1 ལྷ་ས་གྲོང་ཁྱེར་གྱི་གྲོང་སྤྱིས་ངོ་བཅར་ཡོང་མཁན་མང་ཚོགས་ལ་སྣེ་ལེན་ཞུས་པ། /enpproperty-->