分享按钮

རང་གྲོང་གི་འབྱུང་ཁམས་ལ་བརྟེན་ནས་གྲོང་ཁྱེར་འཛུགས་སྐྲུན་གྱི་གཙོ་གནད་རྣམ་གྲངས་ལ་ཡུལ་དངོས་སུ་ལྟ་སྐུལ་མཛུབ་ཁྲིད་བྱས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཚེས་12ཉིན།ལྷ་ས་གྲོང་ཁྱེར་གྱི་འབྱུང་ཁམས་ལ་བརྟེན་ནས་གྲོང་ཁྱེར་འཛུགས་སྐྲུན་གྱི་གཙོ་གནད་རྣམ་གྲངས་ལ་ཡུལ་དངོས་སུ་ལྟ་སྐུལ་མཛུབ་ཁྲིད་དང་ཟོག་རོ་མེད་པའི་གྲོང་ཁྱེར་འཛུགས་སྐྲུན་གྱི་ཡུལ་དངོས་ཀྱི་སྐུལ་འདེད་ཚོགས་འདུ་འཚོགས་པ་རེད།

གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཀྲའོ་ཧུའེ་ཉན་གྱིས་གསུང་བཤད་གནང་བ་དང་།གྲོང་སྤྱི་གཞོན་པ་ཀྲའོ་ཧྲི་ཏུང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

ཉིན་དེར་ཀྲའོ་ཧུའེ་ཉན་དང་ཀྲའོ་ཧྲི་ཏུང་སྔ་རྗེས་སུ་ལྷ་ས་གྲོང་ཁྱེར་གདོང་དཀར་བཙོག་ཆུ་གཙང་སེལ་བཟོ་གྲྭའི་ལས་གྲྭའི་རྣམ་གྲངས་འཛུགས་སྐྲུན་ས་ཚིགས་དང་།བོད་ལྗོངས་ཅེ་ཁུན་ཁོར་ཡུག་སྲུང་སྐྱོང་ཚན་རྩལ་ཚད་ཡོད་ཀུང་སི།ལྷ་ས་གྲོང་ཁྱེར་གྱི་འཚོ་བའི་གད་སྙིགས་མེར་སྲེག་གློག་འདོན་བཟོ་གྲྭ(དུས་ཐེངས་དང་པོ)བཅས་སུ་ཕེབས་ནས་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་གནང་བ་རེད།

ལྷ་ས་གྲོང་ཁྱེར་གདོང་དཀར་བཙོག་ཆུ་གཙང་སེལ་བཟོ་གྲྭའི་ལས་གྲྭའི་རྣམ་གྲངས་འཛུགས་སྐྲུན་བྱ་ཡུལ་དུ་ཀྲའོ་ཧུའེ་ཉན་གྱིས་རྣམ་གྲངས་ཀྱི་ངོ་སྤྲོད་ལ་གསན་ནས་འཛུགས་སྐྲུན་གྱི་འཕེལ་རིམ་ལ་གཟིགས་པ་དང་།རྣམ་གྲངས་ཀྱི་ལས་ཡུན་དང་ཞིང་པ་ལས་མིའི་གླ་ཆ་སྤྲོད་ཚུལ་སོགས་ཀྱི་གནས་ཚུལ་ཐད་བཀའ་འདྲི་ཞིབ་ཕྲ་གནང་ཞིང་། ཁོང་གིས་ལྷ་ས་གྲོང་ཁྱེར་གདོང་དཀར་བཙོག་ཆུ་གཙང་སེལ་བཟོ་གྲྭ་ནི་ཀྲུང་དབྱང་གི་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཀྱི་གཙོ་གནད་བཅོས་སྒྲིག་ལས་འགན་གྱི་གྲས་ཤིག་ཡིན་པ་དང་།

(པར་ངོས་གཉིས་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-14 6 6 拉萨日报藏文 c190983.html 1 རང་གྲོང་གི་འབྱུང་ཁམས་ལ་བརྟེན་ནས་གྲོང་ཁྱེར་འཛུགས་སྐྲུན་གྱི་གཙོ་གནད་རྣམ་གྲངས་ལ་ཡུལ་དངོས་སུ་ལྟ་སྐུལ་མཛུབ་ཁྲིད་བྱས་པ། /enpproperty-->