2023ལོའི་ཟླ་11པ་ནས་བཟུང་། གྲོང་ཁྱེར་ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག་བྱ་སྤྱོད་ཀྱི་ཆེད་དོན་ཚན་པས་རྒྱུན་རྣམ་ཅན་གྱི་ཁོར་ཡུག་འཕྲོད་བསྟེན་གྱི་འགན་ལེན་ལས་དོན་ཡག་པོ་བསྒྲུབས་པའི་རྨང་གཞིའི་ཐོག་ཁང་པའི་རྒྱབ་མདུན་གྱི་གད་སྙིགས་དང་། ཁྲོམ་གཞུང་གི་ཚོང་དུད་ཀྱི་ཚོང་གཉེར་ལས་བྱུང་བའི་སྣུམ་སྙིགས། ཁོར་ཡུག་འཕྲོད་བསྟེན་གྱི་ལས་སྒྲུབ་ས་ཁོངས་མིན་པ་སོགས་ལ་གཙོ་གནད་དུ་དམིགས་ནས་ཁོར་ཡུག་འཕྲོད་བསྟེན་གྱི་སྟོབས་ཤུགས་གཅིག་སྡུད་ཀྱིས་ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག་གི་འགག་སྒྲོལ་དམག་འཐབ་ལེགས་པར་བརྒྱབ་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་ཐོག་ཕན་འབྲས་དངོས་ཐོན་རྒྱུར་མུ་མཐུད་སྐུལ་འདེད་བཏང་བ་རེད།
གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོ་བྱེད་འགོ་ཚུགས་མ་ཐག་པའི་དུས་སུ་གྲོང་ཁུལ་གྱི་ཁྱབ་ཁོངས་ནང་འཚོ་བའི་གད་སྙིགས་གང་བྱུང་དུ་སྤུངས་པའི་གནད་དོན་རྟག་ཏུ་ཐོན་གྱི་ཡོད་པ་དང་། ཁྲོམ་གཞུང་དུ་རླངས་འཁོར་གང་བྱུང་དུ་འཇོག་པའི་སྣང་ཚུལ་ཡང་ཚབས་ཆེ་ཙམ་ཡོད་པ་དེས་འཚོ་བའི་གད་སྙིགས་གཙང་སེལ་བྱེད་པའི་ལས་དོན་སྤེལ་རྒྱུར་འགོག་རྐྱེན་ཆེན་པོ་བཟོས་ཡོད། ལྷག་པར་དུ་ཀརྨ་དགོན་གསར་གྱི་རྡོ་གཅལ་ལམ་དང་འདམ་ར་ཤར་ལམ་དུ་གཉེར་སྐྱོང་རང་བཞིན་གྱི་བྱེད་སྒོ་སྤེལ་མང་བའི་དབང་གིས་མི་བགྲོད་ལམ་དུ་སྣུམ་སྙིགས་ཀྱིས་ཁེངས་པ་དང་། ཚོང་དུད་ཀྱིས་གད་སྙིགས་གང་བྱུང་དུ་སྤུངས་པ་སོགས་ཚུལ་མིན་གྱི་སྣང་ཚུལ་དེ་དག་གིས་གྲོང་ཁྱེར་ཧྲིལ་པོའི་རྣམ་པ་དང་ཁོར་ཡུག་ལ་ཤུགས་རྐྱེན་ངན་པ་བཟོས་ཡོད།
(པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社