分享按钮

གཟའ་འཁོར་འདིར་རང་གྲོང་དུ་ཆར་པ་མེད་ཅིང་དྲོད་ཚད་ཅུང་མཐོ་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་11ཚེས་11ཉིན་གསར་འགོད་པས་གྲོང་ཁྱེར་གནམ་གཤིས་ལས་ཁུངས་ནས་ཤེས་རྟོགས་བྱས་པར། གཟའ་འཁོར་གོང་མའི་ཟླ་སྟོད་དུ་རང་གྲོང་དུ་ཆར་པ(གངས)འབབ་པའི་གནམ་གཤིས་བསྟན་ཞིང་། དེའི་ནང་ནས་འདམ་གཞུང་རྫོང་གི་ལྷོ་རྒྱུད་དང་། ལྷུན་གྲུབ་རྫོང་གི་ས་ཆ་མང་ཆེ་བ། སྙེ་མོ་རྫོང་གི་བྱང་རྒྱུད། མལ་གྲོ་གུང་དཀར་རྫོང་གི་ཤར་རྒྱུད་སོགས་སུ་ཆར་པ་འབབ་ཚད་ཅུང་ཆེ་བ་དང་། རིམ་རྩིས་བྱས་ན་ཆར་པ་འབབ་ཚད་ཧའོ་སྨི་5.2ནས་19.8བར་ཟིན་ཡོད་ཅིང་། གཟའ་འཁོར་གོང་མའི་དུས་དཀྱིལ་དང་དུས་མཇུག་ཏུ་ས་གནས་ཁག་ཏུ་གནམ་དྭངས་ཤིང་དྲོད་ཚད་མཐོ་རུ་ཕྱིན་ཡོད། གཟའ་འཁོར་རེའི་ཆར་པ་འབབ་ཚད་དེ་རྒྱུན་གཏན་གྱི་དུས་མཚུངས་དང་བསྡུར་ན་ས་གནས་མང་ཆེ་བར་ཅུང་མང་པོ་ཡོད་པ་དང་། གཟའ་འཁོར་རེའི་ཆ་སྙོམས་དྲོད་ཚད་དེ་ལོ་ལྟར་གྱི་དུས་མཚུངས་ལས་མང་ཆེ་བར་ཧྲེ་ཧྲི་ཏུའུ་1ནས་2བར་མཐོ་བ་ཡོད།

སྔོན་དཔག་བྱས་ན། གཟའ་འཁོར་འདིའི་ནང་རང་གྲོང་དུ་ལྷཊ་པ་མང་པོ་རྒྱག་རྒྱུ་དང་། གཟའ་དཀྱིལ་དང་གཟའ་མཇུག་ཏུ་ས་བབ་མཐོ་བའི་ས་ཁུལ་དུ་ལྷགས་པ་རིམ་པ་8ཙམ་རྒྱག་རྒྱུ། གཙང་པོ་རྒྱུགས་ཁུལ་གྱི་ལུང་གཞུང་དུ་ལྷགས་པ་རིམ་པ་4ནས་5བར་རྒྱག་རྒྱུ།དུས་མཚམས་ཁག་ཅིག་གི་ལྷགས་ཤུགས་རིམ་པ་7ཟིན་རྒྱུ་བཅས་རེད། གནམ་གཤིས་གཙོ་བོ་ནི།གཟའ་ཟླ་བ་ནས་གཟའ་ལྷག་པའི་བར།རང་གྲོང་གི་ས་ཆ་མང་ཆེ་བར་གནམ་དྭངས་ནས་རིམ་གྱིས་སྤྲིན་པ་ཉུང་ཉུང་འཁོར་རྒྱུ་དང་། ཤར་རྒྱུད་དང་བྱང་རྒྱུད་ས་ཁུལ་དུ་སྤྲིན་པ་ཉུང་ཉུང་འཁོར་ནས་རིམ་གྱིས་སྤྲིན་པ་མང་པོ་འཁོར་རྒྱུ། གཟའ་ཕུར་བུ་ནས་གཟའ་ཉི་མའི་བར། ས་ཆ་ཁག་ཏུ་གནམ་དྭངས་ཤིང་ཕལ་ཆེ་བར་ནུབ་ལྷགས་རིམ་པ་5ཡས་མས་ཡོད་པ་དང་། དུས་མཚམས་ཁག་ཅིག་གི་ལྷཊ་ཤུཊ་རིམ་པ་8ཡན་ཟིན་གྱི་ཡོད། གྲོང་ཁྱེར་གནམ་གཤིས་ལས་ཁུངས་ཀྱིས་གྲོས་འགོ་བཏོན་དོན། གཟའ་འཁོར་འདིར་རང་གྲོང་དུ་ཆར་པ་མེད་པ་དང་། དྲོད་ཚད་མཐོ་ཙམ་ཡོད་པར་མ་ཟད། གནམ་གཤིས་སྐམ་ཤས་ཆེ་བ་དང་། གནམ་གཤིས་ཀྱི་མེ་ཉེན་རིམ་པ་མཐོན་པོ་ཡོད་པས། ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་དང་། དེ་བཞིན་གྲོང་ཁྱེར་དང་གྲོང་རྡལ་གྱི་མེ་སྤྱོད་བདེ་འཇགས་ལས་དོན་ལ་ཤུགས་སྣོན་རྒྱག་དགོས། ཉིན་བཅུ་ཡི་ནང་། གཙང་པོ་རྒྱུཊ་ཁུལ་གྱི་ལུང་གཞུང་དང་ས་བབ་མཐོ་བའི་ས་ཁུལ་དུ་ཕྱི་དྲོར་རིམ་པ་7ཡན་གྱི་ལྷཊ་པ་ཆེན་པོ་ཡོད་པས་འགྲིམ་འགྲུལ་སྐྱེལ་འདྲེན་དང་ཕྱི་རོལ་གྱི་གནས་སྐབས་སྐྲུན་དངོས་སོཊ་ལ་ཤུཊ་རྐྱེན་མི་ཐེབས་པར་བྱེད་དགོས།(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-13 6 6 拉萨日报藏文 c190902.html 1 གཟའ་འཁོར་འདིར་རང་གྲོང་དུ་ཆར་པ་མེད་ཅིང་དྲོད་ཚད་ཅུང་མཐོ་བ། /enpproperty-->