(པར་ངོས་དང་པོར་མཐུད)དམངས་སྲིད་རོགས་སྐྱོབ་ལས་དོན་སྤེལ་ཚུལ་ཐད་ལའང་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཁོང་གིས་རྒན་གསོའི་ཞབས་ཞུ་དང་སྤྱི་ཚོགས་རོགས་སྐྱོབ་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ཏེ།བློ་རིག་ལས་སྟེགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་།སྲིད་ཇུས་དྲིལ་བསྒྲགས་དང་གསལ་འགྲེལ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་སྲིད་ཇུས་ཁག་དོན་འཁྱོལ་ཞིབ་ཕྲ་ཡོང་བའི་འགན་ལེན་བྱེད་དགོས་པའི་མཛུབ་སྟོན་གནང་བ་རེད།དེའི་རྗེས་སུ་འཚོགས་པའི་བཞུགས་མོལ་ཚོགས་འདུའི་ཐོག་ཤའོ་ཡིའུ་ཚའེ་ཡིས་ལས་ཀའི་སྙན་ཞུར་གསན་ནས་དམངས་སྲིད་ལས་དོན་དང་དབང་སྐྱོན་ལྷན་ཚོགས་ཀྱི་བྱ་གཞག་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་དང་། གྲོང་ཁྱེར་ཡོངས་ཀྱི་དམངས་སྲིད་དང་དབང་སྐྱོན་ལྷན་ཚོགས་ཁོངས་གཏོགས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་ལས་བཟོ་བ་ཚོས་དཀའ་སྤྱད་འབད་བརྩོན་བྱས་པར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་ནན་གསུངས་གནང་དོན།དམངས་སྲིད་ལས་དོན་དང་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་བྱ་གཞག་དེ་མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་དང་།འབྲེལ་བ་ཟབ་ཤོས། རྒྱ་ཁྱབ་ཆེ་ཤོས་བཅས་ཡིན་པས་དམངས་ཀྱི་འཚོ་བ་དང་དམངས་སེམས་བརྟན་སྲུང་བྱེད་དགོས། གྲོང་ཁྱེར་ཡོངས་ཀྱི་དམངས་སྲིད་དང་དབང་སྐྱོན་ལྷན་ཚོགས་ཁོངས་གཏོཊ་ཀྱིས་དམངས་ཆེད་དམངས་སྲིད་དང་དམངས་སྲིད་དམངས་གཅེས་ཀྱི་འདུ་ཤེས་ལག་ལེན་གཏིང་ཟབ་ཏུ་བསྟར་ནས་དམངས་འཚོའི་མཐའ་ཚད་ཡག་པོ་སྲུང་བ་དང་། གནད་ལ་འཁེལ་བ། ཏན་ཏིག་སྲུང་བ་བཅས་བྱས་ཏེ་མི་རིཊ་ཁག་གི་མང་ཚོཊ་ཀྱི་ཐོབ་སྣང་དང་།སྐྱིད་སྣང་།བདེ་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།
ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱེད་དགོས། དེ་ཡང་ཏང་ལ་བློ་དཀར་སེམས་དཀར་དང་། རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་པ།ཆབ་སྲིད་ཀྱིས་སྣེ་ཁྲིད་པ་བཅས་བྱ་རྒྱུ་དེ་དམངས་སྲིད་ལས་དོན་དང་དབང་སྐྱོན་ལྷན་ཚོགས་ཀྱི་བྱ་གཞག་ཁག་གི་བརྒྱུད་རིམ་ཧྲིལ་པོ་དང་ལྷུ་ཚིགས་ཁག་ནང་ཁྱབ་པར་བྱས་ཏེ། ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་བརྒྱུད་ནས་མདུན་སྐྱོད་བྱ་རྒྱུར་འགན་ལེན་བྱེད་དགོས།
དམངས་འཚོའི་མཚམས་ཐིག་དམ་པོར་སྲུང་དགོས། དེ་ཡང་དམངས་སྲིད་ཆེན་པོའི་འདུ་ཤེས་བརྟན་པོར་བཙུགས་ནས་ནུས་ཤུགས་གང་ཡོད་དང་ནུས་པས་ལྕོགས་ཚོད་ཀྱིས་མ་མཐའི་འཚོ་བར་འགན་ལེན་དང་།དམིགས་བསལ་དབུལ་པོ།དབང་པོ་སྐྱོན་ཅན་གྱི་ཁ་གསབ།གནས་སྐབས་རོགས་སྐྱོབ་སོགས་ཀྱི་ལས་དོན་ལ་མུ་མཐུད་ནས་ཤུགས་སྣོན་བརྒྱབ་སྟེ་འགན་ལེན་བྱེད་དགོས་རིགས་ཚང་མར་འགན་ལེན་བྱེད་པ་དང་།རོགས་སྐྱོབ་བྱེད་དགོས་རིགས་ཚང་མར་རོགས་སྐྱོབ་བྱེད་པ།མི་གཅིག་ཀྱང་མི་ལུས་པ་བཅས་ཀྱི་འགན་ལེན་བྱེད་དགོས།
སྤྱི་ཚོགས་རྩ་འཛུགས་ལ་དོ་དམ་ཡག་པོ་བྱེད་དགོས། དེ་ཡང་ཞིབ་བཤེར་གྱི་འགག་སྒོ་དང་ལྟ་སྐུལ་དོ་དམ་གྱི་འགག་སྒོ་ནན་པོར་སྲུང་བ་དང་།གཞི་གྲངས་ཆེན་པོའི་རམ་འདེགས་ཐབས་ཇུས་དང་སྔོན་ཚུད་ཉེན་བརྡའི་ལམ་སྲོལ་འཛུཊ་པ་དང་འཐུས་ཚང་དུ་གཏོང་བ།རྒྱུན་ལྡན་གྱི་དཔྱད་དཔོག་ལ་ཤུགས་སྣོན་དང་།གྲགས་རྟགས་འཛུགས་སྤེལ་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་སྤྱི་ཚོཊ་ཀྱི་རྩ་འཛུཊ་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་བར་ཁྲིད་སྟོན་ཧུར་ཐག་བྱེད་དགོས།
གཞི་རྩའི་ཞབས་ཞུ་ལེགས་སུ་གཏོང་དགོས། དེ་ཡང་རྒན་རྒོན་དང་བྱིས་པ་གཙོ་བོར་བཞག་ཏེ་མགྱོགས་མྱུར་ངང་ཞན་ཆ་གསབ་པ་དང་ཉམ་ཞན་སྟོབས་ཆེར་གཏོང་བ་དང་། རྒན་གསོའི་ཞབས་ཞུའི་མ་ལག་ནུས་ཤུགས་ཡོད་རྒུས་འཐུས་ཚང་དུ་གཏོང་བ།བྱིས་པའི་ཁྲིམས་མཐུན་གྱི་ཁེ་དབང་ལ་ནུས་ཤུགས་ཡོད་རྒུས་འགན་ལེན་བཅས་བྱས་ནས་གཞི་རྩའི་སྤྱི་ཚོགས་ཞབས་ཞུ་དེ་བས་དོ་སྙོམས་དང་། གནད་སྨིན། ནུས་ལྡན་བཅས་ཡོང་བར་བྱེད་དགོས།
སྤྱོད་གཙང་ལས་ཁུངས་འཛུགས་སྐྱོང་བྱེད་དགོས། དེ་ཡང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ཆབ་སྲིད་ཀྱི་འགན་འཁྲི་དོན་འཁྱོལ་ནན་པོ་དང་། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་གཏོང་བ།ལས་བྱེད་པའི་སློབ་གསོ་གསོ་སྐྱོང་ལ་དམ་འཛིན་ཏན་ཏིག་བྱས་ནས། ལས་སྒྲུབ་ལས་གཏོད་དང་སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཀྱི་ཁོར་ཡུག་སྐྲུན་གང་ཐུབ་བཅས་བྱེད་དགོས། (སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社