分享按钮

ཉི་དྲོད་གླིང་སྡེ་ཁུལ་གྱིས་ཁོངས་གཏོགས་ཁུལ་གྱི་སློབ་གྲྭའི་ཟ་ཁང་གི་བཟའ་བཅའི་བདེ་འཇགས་ཐད་ཞིབ་བཤེར་བྱས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། སློབ་གྲྭའི་བཟའ་བཅའི་བདེ་འཇགས་ཀྱི་ལྟ་སྐུལ་དོ་དམ་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་རྒྱ་ཆེའི་དགེ་སློབ་ཚོའི་བཟའ་བཅའི་བདེ་འཇགས་ལ་འགན་ལེན་བྱ་ཆེད། ཟླ་11ཚེས་4ཉིན།ཉི་དྲོད་གླིང་སྡེ་ཁུལ་གྱིས་སྡེ་ཁུལ་གྱི་ཉེན་དོན་ཁང་དང་མཉམ་དུ་ཁོངས་གཏོགས་ཁུལ་གྱི་སློབ་གྲྭའི་ཟ་ཁང་གི་བཟའ་བཅའི་བདེ་འཇགས་ཐད་ཞིབ་བཤེར་བྱས་པ་རེད།

ད་ཐེངས་ཀྱི་ཞིབ་བཤེར་དེ་གཙོ་བོ་སློབ་གྲྭའི་ཟ་ཁང་གི་ཁོར་ཡུག་འཕྲོད་བསྟེན་དང་། ལས་ཞུགས་མི་སྣའི་བདེ་ཐང་དོ་དམ། བཟའ་བཅའི་རྒྱུ་ཆ་ཉོ་སྒྲུབ་དང་གསོག་ཉར། བཟའ་བཏུང་ཡོ་བྱད་གཙང་འཁྲུད་དང་དུག་སེལ། བཟའ་བཅའི་དཔེ་རྫས་འཇོག་པ་སོགས་ལ་དམིགས་ནས་སྤེལ་ཡོད། ཞིབ་བཤེར་མི་སྣ་ཟ་ཁང་གི་བཀོལ་སྤྱོད་ཁང་དང་མཛོད་ཁང་སོགས་སུ་བསྐྱོད་དེ་སྒྲིག་བཀོད་དང་སྒྲིག་ཆས་ཁག་འཁོར་སྐྱོད་བྱས་ཚུལ་དང་། དེ་བཞིན་བཟའ་བཅའ་ལས་སྣོན་བྱེད་པའི་བརྒྱུད་རིམ་སོགས་ལ་ལྟ་ཞིབ་ཞིབ་ཕྲ་བྱས་པ་རེད།

ཞིབ་བཤེར་བྱེད་རིང་། སྡེ་ཁུལ་གྱི་ལས་དོན་པ་དང་མི་དམངས་ཉེན་རྟོག་པས་ཁོངས་གཏོགས་ཁུལ་གྱི་སློབ་གྲྭ་ཁག་གི་ཟ་ཁང་དོ་དམ་ཚད་ལྡན་དང་བཟའ་བཅའི་བདེ་འཇགས་ཀྱི་བྱ་ཐབས་ཁག་དོན་ཐོག་ཏུ་འཁྱོལ་བ་ཤེས་རྟོགས་བྱུང་ཡོད། ཟ་ཁང་གི་ཁོར་ཡུག་གཙང་ལ་རླུང་འགྲོ་བཟང་པོ་ཡོད་པ་དང་། ལས་ཞུགས་མི་སྣ་ཚང་མར་གོ་ཆོད་ཀྱི་བདེ་ཐང་དཔང་ཡིག་ཡོད་པ། བཀོལ་སྤྱོད་ཚད་ལྡན་ཡིན་པ། བཟའ་བཅའི་རྒྱུ་ཆ་ཉོ་སྒྲུབ་ཀྱི་ཐབས་ལམ་ཚད་ལྡན་ཡིན་པ། ལག་ཁྱེར་དང་སྤ་སེ་ཚང་མ་ཡོད་པ། བཟའ་བཅའ་གསོག་ཉར་ཐད་བླང་བྱ་གཞིར་བཟུང་ཁག་དབྱེ་ནས་ཉར་ཚགས་བྱས་པ། བཟའ་བཏུང་ཡོ་བྱད་ཀྱི་དུག་སེལ་ཚད་དང་ལྡན་ལ་ཟིན་ཐོ་ཆ་ཚང་པོ་ཡོད་པ། ཟས་དཔེ་ཉར་སྟངས་གཏན་འབེབས་དང་མཐུན་པ་བཅས་ཡོད།

སྡེ་ཁུལ་གྱི་ལས་དོན་པ་ཕུར་ཚེ་ཡིས། སྡེ་ཁུལ་དང་ཉེན་དོན་ཁང་གིས་སློབ་གྲྭའི་ཟ་ཁང་དང་དེ་བཞིན་ཉེ་འཁོར་གྱི་བཟའ་བཅའ་གཉེར་སྐྱོང་ཚན་པར་ལྟ་སྐུལ་དོ་དམ་བྱེད་ཤུགས་མུ་མཐུད་ནས་ཆེ་རུ་བཏང་ནས་དགེ་སློབ་ཚོའི་བཟའ་བཅའི་བདེ་འཇགས་ལ་གཡས་གཞོགས་གཡོན་འདེགས་བྱ་རྒྱུ་ཡིན་ཞེས་བཤད།

(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-13 6 6 拉萨日报藏文 c190896.html 1 ཉི་དྲོད་གླིང་སྡེ་ཁུལ་གྱིས་ཁོངས་གཏོགས་ཁུལ་གྱི་སློབ་གྲྭའི་ཟ་ཁང་གི་བཟའ་བཅའི་བདེ་འཇགས་ཐད་ཞིབ་བཤེར་བྱས་པ། /enpproperty-->