分享按钮

(པར་ངོས་དང་པོར་མཐུད)ཁེ་ལས་ཀྱིས་ཐོན་ལས་འཕེལ་རྒྱས་དང་ཁེ་བེད་བདག་ཐོབ་ཀྱི་ཉེན་ཁ་དང་མཁར་རྫོང་སོགས་སྲུང་སྐྱོང་བྱས་ཡོད། ཤེས་བྱའི་བདག་དབང་དང་བླངས་པའི་ཞབས་ཞུ་རུ་ཁག་1བཙུགས་པ། རྫོང(ཆུས)ཁག་གི་ཤེས་བྱའི་བདག་དབང་སྲུང་སྐྱོང་ཞབས་ཞུའི་ས་ཚིགས་ཚང་མར་ཁྱབ་པ།ཤེས་བྱའི་བདག་དབང་གི་རྩོད་གཞི་འདུམ་འགྲིག་ལས་དོན་དེ་གཞི་རིམ་གྱི་མི་དམངས་འདུམ་འགྲིག་ཨུ་ཡོན་ལྷན་ཁང་དང་མི་དམངས་འདུམ་འགྲིག་ཁང་གི་ལས་དོན་གྱི་ཁྱབ་ཁོངས་ནང་འཇུག་རྒྱུ། 5·18རྒྱལ་སྤྱིའི་རྟེན་རྫས་བཤམས་མཛོད་ཁང་ཉིན་མོའི་འགྲེམས་ཚོགས་དང་། ཆིན་ཧོའེ་ལྒང་བཞུའི་འདུ་ཚོགས་ཀྱི་རྫོང་རྒྱབ་ཀླུ་ཁང་ཁྱད་ལྡན་ཐོན་རྫས་འགྲེམས་ཚོགས།ཞོ་སྟོན།ཀྲུང་གོའི་རྒྱལ་སྤྱིའི་ཚོང་རྟགས་སྤུས་རྟགས་དུས་ཆེན་སོགས་འགྲེམས་ཚོགས་ཀྱི་བྱེད་སྒོ་གལ་ཆེན་གྱི་ཤེས་བྱའི་བདག་དབང་གི་བློ་འདྲིའི་ཞབས་ཞུའི་ནང་ཞུགས་པ། ཤེས་བྱའི་ཐོན་དངོས་ཀྱི་བདག་དབང་དྲིལ་བསྒྲགས་དེ་ཁེ་ལས་དང་།གླིང་ཁུལ།སློབ་གྲྭ ཁྲོམ་གཞུང་།སྡེ་ཁུལ་བཅས་སུ་སྤེལ་བ་སོགས་ཀྱི་བྱེད་སྒོ་དང་ཟུང་འབྲེལ་བྱས་ནས། 4·26འཛམ་གླིང་གི་ཤེས་བྱའི་བདག་དབང་ཉིན་མོ་དང་5·10ཀྲུང་གོའི་ཚོང་རྟགས་ཉིན་མོ་སོགས་ཁྲིམས་སྐྱོང་དྲིལ་བསྒྲགས་གལ་ཆེན་དེ་གོ་སྐབས་སུ་བཟུང་སྟེ། གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་འཚོགས་པ་དང་བློ་འདྲིའི་ཞབས་ཞུ་སྤེལ་བ་སོགས་ཀྱི་སྟབས་བསྟུན་བྱེད་ཐབས་བརྒྱུད་ནས། གྲོང་ཁྱེར་ཡོངས་ཀྱི་ཤེས་བྱའི་བདག་དབང་གི་ཞབས་ཞུའི་སྤུས་ཚད་མུ་མཐུད་ནས་མཐོར་འདེགས་གཏོང་བ་དང་། ལྷག་པར་དུ་ལྗོངས་ཡོངས་སུ་བོད་རྒྱ་སྐད་ཡིག་གཉིས་ཀྱི་ཤེས་བྱའི་བདག་དབང་གསོ་སྦྱོང་སློབ་ཁང་སྔོན་ལ་བཙུགས་ཡོད་པ་རེད།ད་ཐེངས་ལྷ་ས་གྲོང་ཁྱེར་ལ་རྒྱལ་ཁབ་ཤེས་བྱའི་བདག་དབང་ཅུས་ཀྱི་ཁག་གཉིས་པའི་ཤེས་བྱའི་བདག་དབང་གི་སྤྱི་པའི་ཞབས་ཞུ་ཚད་ལྡན་ཅན་འཛུགས་སྐྲུན་གྱི་ཚོད་ལྟའི་གྲོང་ཁྱེར་གྱི་ཆོག་མཆན་ཐོབ་པ་དེའི་ཐོག་ནས་ལྷ་སའི་ཤེས་བྱའི་བདག་དབང་གི་ལས་དོན་དེ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་མཚོན་པ་དང་།ཤེས་བྱའི་བདག་དབང་གིས་ལྷ་སའི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལེགས་སྐྱེས་འབུལ་ཚད་སྔར་བས་མཐོ་རུ་ཕྱིན་ནས།ལྷ་སའི་ཁྱད་ཆོས་ལྡན་པའི་ཤེས་བྱའི་བདག་དབང་ལ་བརྟེན་ནས་གྲོང་ཁྱེར་སྟོབས་ཆེར་གཏོང་བའི་ལམ་བུའི་ཐོག་བསྐྱོད་ཐུབ་ངེས་རེད།

(ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-13 6 6 拉萨日报藏文 c190895.html 1 /enpproperty-->