分享按钮

ཁྲེང་ཀོན་ཆུས་ཀྱིས་གཤམ་སྤེལ་གསུམ་གྱི་གཅིག་སྡུད་དྲིལ་བསྒྲགས་ཞབས་ཞུའི་བྱེད་སྒོ་སྤེལ་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་11ཚེས་6ཉིན། ཁྲེང་ཀོན་ཆུས་ཀྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལ་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་དང་།2024ལོའི་གཤམ་སྤེལ་གསུམ་གྱི་གཅིག་སྡུད་དྲིལ་བསྒྲགས་ཞབས་ཞུའི་བྱེད་སྒོ་སྤེལ་བའི་མཛད་སྒོ་ཆུ་མིག་ལམ་གྱི་འདམ་རའི་སྤྱི་གླིང་དུ་འཚོགས་པ་རེད།

ད་ཐེངས་ཀྱི་བྱེད་སྒོས་སེམས་ནུས་གཅིག་སྒྲིལ་གྱིས་སྒྱུར་བཅོས་ལ་སྐུལ་འདེད་བཏང་ནས་ལེའུ་གསར་པར་འཆར་འགོད་ཡག་པོ་བྱེད་ཅེས་པ་གཙོ་དོན་དུ་བྱས་པ་དང་། དེ་ནི་དུས་བབ་གསར་པའི་འོག་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་དང་། ཞི་མཐུན་སྡེ་ཁུལ་སྐྲུན་པའི་ཐབས་ལམ་ནུས་ལྡན་ཞིག་ཡིན་ལ། ཁྲེང་ཀོན་ཆུས་ཀྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མང་ཚོགས་ཀྱི་ཚན་རྩལ་ཆུ་ཚད་མཐོ་རུ་ཤུགས་ཆེན་གཏོང་བ་དང་། འབབ་འཕར་ལ་སྐུལ་འདེད་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་བྱ་ཐབས་གལ་ཆེན་ཞིག་ཀྱང་རེད། བྱེད་སྒོ་དེས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་བྱེད་སྒོ་གཏིང་ཟབ་སྤེལ་རྒྱུའི་སྐོར་གྱི་ལྗོངས་དང་གྲོང་ཁྱེར་ཏང་ཨུད་དང་ཁྲེང་ཀོན་ཆུས་ཨུད་ཀྱི་ལས་དོན་བཀོད་སྒྲིག་དང་ཟུང་འབྲེལ་གྱིས་དམངས་ཁྲོད་སྒྱུ་རྩལ་ཚོགས་པ་དང་སྡེ་ཁུལ་རིག་རྩལ་འཁྲབ་སྟོན་དཔུང་ཁག་སྒྲིག་འཛུགས་བྱས་ཏེ། ཁྲོམ་གཞུང་དང་གྲོང་ཚོར(སྡེ་ཁུལ)བསྐྱོད་ནས་རིག་རྩལ་འཁྲབ་སྟོན་བྱས་ཏེ།གཞི་རིམ་གྱི་རིག་གནས་རིག་རྩལ་བྱེད་སྒོ་སྔར་བས་ཕུན་སུམ་ཚོགས་སུ་དང་འཁྲུག་ཏུ་བཏང་ནས་རྒྱ་ཆེའི་གྲོང་མི་མང་ཚོགས་ཚང་མས་ངོ་མཚར་ཆེ་བའི་རིག་རྩལ་ལེ་ཚན་མཐོང་ཐུབ་པའི་འགན་ལེན་བྱས་པ་རེད།

ཁྲེང་ཀོན་ཆུས་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་དང་། སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གི་ཀྲུའུ་རེན་ཡུའེ་ལི་ཐའོ་ཡིས། ད་ཐེངས་ཀྱི་བྱེད་སྒོའི་དམིགས་ཡུལ་ནི་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་དང་ཞིང་ཕན་སྲིད་ཇུས་གསར་ཤོས་ཁྱིམ་ཚང་ཁྲི་སྟོང་མང་པོར་ཁྱབ་གདལ་དུ་གཏོང་བ་དང་། དམངས་ཕན་ཞབས་ཞུ་མང་ཚོགས་ཀྱི་ཉེ་འགྲམ་དུ་སྤེལ་ནས་མི་དམངས་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་མཐོ་རུ་བཏང་སྟེ། གྲོང་གསེབ་དར་རྒྱས་ཡོང་བར་རོགས་རམ་བྱ་རྒྱུ་དེ་ཡིན། བྱེད་སྒོའི་ཁྱབ་ཁོངས་ནང་ཉང་བྲན་ཁྲོམ་གཞུང་དང་། བརྒྱད་གཅིག་ཁྲོམ་གཞུང་སོགས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ཁང(ས་ཚིགས)མང་པོ་ཚུད་ཡོད་པ་དང་། ཁྲེང་ཀོན་ཆུས་ཀྱི་ཐད་གཏོགས་སྡེ་ཚན་10ལྷག་ཙམ་ད་ཐེངས་ཀྱི་བྱེད་སྒོའི་ནང་ཞུགས་ཡོད་ཅེས་བཤད།

བྱེད་སྒོ་དེ་སྒྲོག་འགྲེལ་དང་། རིག་རྩལ། གཅིག་སྡུད་དྲིལ་བསྒྲགས་བཅས་ཟུང་དུ་འབྲེལ་བའི་རྣམ་པ་མང་པོ་ཞིག་གི་ཐོག་ནས་སྤེལ་བ་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན། ལྷ་ས་གྲོང་ཨུད་ཀྱི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་དགོངས་དོན་བཅས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། རྒྱ་ཆེའི་མང་ཚོགས་ཚོས་བག་ཕེབས་དང་སྤྲོ་སྣང་གི་རྣམ་པའི་ཁྲོད་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཕུམ་སུམ་ཚོགས་པའི་ནང་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱས་ཏེ།དམངས་ཡོངས་ཀྱི་བྱང་ཚད་རིམ་བཞིན་མཐོ་རུ་བཏང་བ་རེད།

(པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-13 6 6 拉萨日报藏文 c190892.html 1 ཁྲེང་ཀོན་ཆུས་ཀྱིས་གཤམ་སྤེལ་གསུམ་གྱི་གཅིག་སྡུད་དྲིལ་བསྒྲགས་ཞབས་ཞུའི་བྱེད་སྒོ་སྤེལ་བ། /enpproperty-->