དུས་རབས་འཕེལ་རྒྱས་ཀྱི་རླབས་རྒྱུན་ཁྲོད། སྟོད་ལུང་བདེ་ཆེན་ཆུས་ཀྱིས་དཔའ་ངར་ཆེན་པོས་རླབས་རྒྱུན་གྱི་མདུན་དུ་ལངས་ནས་ཐོག་མཐའ་བར་གསུམ་དུ་འབྱུང་ཁམས་ལ་བརྟེན་ནས་གྲོང་ཁྱེར་འཛུགས་སྐྱོང་དང་། རིག་གནས་ལ་བརྟེན་ནས་གྲོང་ཁྱེར་དར་རྒྱས་གཏོང་བ། ཐོན་ལས་ལ་བརྟེན་ནས་གྲོང་ཁྱེར་སྟོབས་ཆེར་གཏོང་བ། ཁྲིམས་ལུགས་ལ་བརྟེན་ནས་གྲོང་ཁྱེར་སྐྱོང་བ། གྲོང་ཁྱེར་བརྟན་ལྷིང་དང་བདེ་འཇགས་ཡོང་བར་བྱེད་པ་བཅས་ཀྱི་ལས་ཀའི་རྩ་དོན་ལྔ་བློ་བརྟན་འགྱུར་མེད་ངང་མཐའ་འཁྱོངས་དང་། ཐོན་ལས་ཆེན་པོ་དགུའི་ཁྱབ་ཚུལ་ལ་དམ་པོར་དམིགས་ནས། གྲོང་གསེབ་དར་རྒྱས་གཏོང་བའི་ཁྱད་ལྡན་ལམ་བུ་འཚོལ་ཞིབ་ཧུར་ཐག་བྱས་པས། ད་ཆ་གསོན་ཤུགས་དང་ཡིད་དབང་འཕྲོག་ཤུགས་གསར་རྐྱང་ཞིག་མངོན་པ་སྟེ། ཐོན་ལས་དར་ཞིང་། འབྱུང་ཁམས་འཚོ་སྡོད་ལ་འཚམ་པ། ཡུལ་སྲོལ་ཡ་རབས། བཅོས་སྐྱོང་ནུས་ལྡན། འཚོ་བ་འབྱོར་ཕྱུག་བཅས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བ་ཞིག་ས་གཞི་འདིའི་ཐོག་རོལ་བཞིན་ཡོད།
སྟོད་ལུང་བདེ་ཆེན་ནི་རང་ལྗོངས་ཀྱི་དཀྱིལ་ལྷོའི་རྒྱུད་དང་། ལྷ་ས་གྲོང་ཁྱེར་གྱི་ནུབ་བྱང་རྒྱུད། ཤར་ཕྱོགས་ཁྲེང་ཀོན་ཆུས་དང་ལྷུན་གྲུབ་རྫོང་དང་སྦྲེལ་ཡོད་པ་དང་། ལྷོ་ཕྱོགས་ཆུ་ཤུར་རྫོང་དང་ལྷོ་ཁ་གྲོང་ཁྱེར་གྱི་གོང་དཀར་རྫོང་དང་སྦྲེལ་ཡོད། ནུབ་ཕྱོགས་སྙེ་མོ་རྫོང་དང་སྦྲེལ་ཡོད། བྱང་ཕྱོགས་འདམ་གཞུང་རྫོང་དང་སྦྲེལ་ཡོད། 2015ལོའི་ཟླ་10ཚེས་13ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད་རྫོང་མེད་པར་བཟོས་ནས་ཆུས་བཙུགས་ཏེ། ལྷ་སའི་ལྟེ་བའི་གྲོང་ཁུལ་ཏེ་ཁྲེང་ཀོན་ཆུས་རྗེས་ཀྱི་ཆུས་གཉིས་པར་གྱུར་པ་རེད། ཁོངས་གཏོགས་ཁུལ་གྱི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་2670ཡོད་པ་དང་། ཁོངས་གཏོགས་གྲོང་རྡལ་3དང་། ཁྲོམ་གཞུང་3 གྲོང་ཚོ(སྡེ་ཁུལ)34བཅས་ཡོད། སྔ་རྗེས་སུ་རྒྱལ་ཡོངས་ཀྱི་མཛེས་སྡུག་ལྡན་པའི་གྲོང་གསེབ་གཏོད་པའི་སྔོན་ཐོན་ཁུལ་དང་། ཀྲུང་གོའི་ཚོང་གཉེར་ཁོར་ཡུག་སྟོབས་ཆེའི་རྫོང་བརྒྱ། ཁག་ལྔ་པའི་རྒྱལ་ཁབ་ཀྱི་འབྱུང་ཁམས་ཤེས་དཔལ་གྱི་དཔེ་སྟོན་རྫོང(ཆུས)སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་པ་རེད།
(པར་ངོས་བཞི་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社