ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་11ཚེས་11ཉིན་གྱི་ཕྱི་དྲོ།རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་གྲོང་ཁྱེར་དམངས་སྲིད་ཅུས་དང་གྲོང་ཁྱེར་དབང་སྐྱོན་ལྷན་ཚོགས་སུ་བརྟག་ཞིབ་གནང་བར་ཕེབས་ཤིང་།ཁོང་གིས་དམངས་སྲིད་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལ་སློབ་སྦྱོང་དང་དེ་ལག་བསྟར་གཏིང་ཟབ་བྱེད་པ་དང་། དེ་བཞིན་དབང་པོ་སྐྱོན་ཅན་གྱི་བྱ་གཞག་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལ་སློབ་སྦྱོང་དང་དེ་ལག་བསྟར་གཏིང་ཟབ་བྱས་ཏེ།མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་མཐའ་འཁྱོངས་བྱས་ཐོག་མང་ཚོགས་ཀྱི་བསམ་བློ་གཏོང་སར་བསམ་བློ་གཏོང་བ་དང་།
མང་ཚོགས་ཀྱི་སེམས་ཁྲལ་བྱེད་སར་སེམས་ཁྲལ་བྱེད་པ།མང་ཚོགས་ཀྱི་དཀའ་ངལ་སེལ་བ་བཅས་ཀྱི་ཐོག་ནས་གྲོང་ཁྱེར་ཡོངས་ཀྱི་དམངས་སྲིད་ལས་དོན་དང་དབང་པོ་སྐྱོན་ཅན་གྱི་བྱ་གཞག་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་པའི་ནན་གསུངས་གནང་བ་རེད།
གྲོང་ཁྱེར་གྱི་འགོ་ཁྲིད་ཀྲའོ་ཧུའེ་ཉན་དང་།ཀྲང་ཁྲུན་དབྱང་།བློ་བསྟན་བཅས་བརྟག་ཞིབ་གནང་བར་ཕེབས་ཡོད།
ཤའོ་ཡིའུ་ཚའེ་ཡིས་སྔ་རྗེས་སུ་གྲོང་ཁྱེར་རྒན་གསོ་ཞབས་ཞུའི་སྤུས་ཚད་མཛུབ་ཁྲིད་ལྟེ་གནས་དང་། དམངས་སྲིད་སྲིད་ཇུས་བློ་འདྲི་ཁང་།ཡིག་བསྐུར་ངོ་བཅར་སྣེ་ལེན་ཁང་།རོགས་སྐྱོབ་ཁོའོ་སོགས་སུ་ཕེབས་ཏེ་ལས་བྱེད་པ་དང་ལས་བཟོ་བ་དང་བྱམས་བརྩེའི་ངང་བཀའ་མོལ་གནང་བ་དང་འབྲེལ་ཡུལ་དངོས་སུ་རིག་ལྡན་རྒན་གསོའི་གྲངས་གཞི་གཅིག་སྡུད་ལས་སྟེགས་ཀྱི་འཁོར་སྐྱོད་གནས་ཚུལ་ལ་གཟིགས་ཞིབ་གནང་བར་མ་ཟད།
(པར་ངོས་གསུམ་པར་གཟིགས)
ཟླ་11ཚེས་11ཉིན་གྱི་ཕྱི་དྲོ།རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་གྲོང་ཁྱེར་དམངས་སྲིད་ཅུས་དང་གྲོང་ཁྱེར་དབང་སྐྱོན་ལྷན་ཚོགས་སུ་བརྟག་ཞིབ་གནང་བར་ཕེབས་ཤིང་།པར་འདི་ནི་ཤའོ་ཡིའུ་ཚའེ་ཡིས་གྲོང་ཁྱེར་རྒན་གསོ་ཞབས་ཞུའི་སྤུས་ཚད་མཛུབ་ཁྲིད་ལྟེ་གནས་སུ་རིག་ལྡན་རྒན་གསོའི་གྲངས་གཞི་གཅིག་སྡུད་ལས་སྟེགས་ཀྱི་འཁོར་སྐྱོད་གནས་ཚུལ་ལ་གཟིགས་ཞིབ་གནང་བཞིན་པའི་གནས་ཚུལ་ཡིན།
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社