分享按钮

ལྷ་ས་འདི་ཉིད་རྒྱལ་ཁབ་ཤེས་བྱའི་བདག་དབང་ཅུས་ཀྱི་ཁག་གཉིས་པའི་ཤེས་བྱའི་བདག་དབང་གི་སྤྱི་པའི་ཞབས་ཞུ་ཚད་ལྡན་ཅན་དུ་འཛུཊ་སྐྲུན་བྱེད་པའི་ཚོད་ལྟའི་གྲོང་ཁྱེར་ལ་གཏན་འཁེལ་བྱས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཉེ་ཆར་རྒྱལ་ཁབ་ཤེས་བྱའི་བདག་དབང་ཅུས་ཀྱིས་བརྡ་ཐོ་པར་འགྲེམས་བྱས་ནས་ལྷ་ས་གྲོང་ཁྱེར་འདི་ཉིད་རྒྱལ་ཁབ་ཤེས་བྱའི་བདག་དབང་ཅུས་ཀྱི་ཁག་གཉིས་པའི་ཤེས་བྱའི་བདག་དབང་གི་སྤྱི་པའི་ཞབས་ཞུ་ཚད་ལྡན་ཅན་དུ་འཛུགས་སྐྲུན་བྱེད་པའི་ཚོད་ལྟའི་གྲོང་ཁྱེར་ལ་གཏན་འཁེལ་བྱས་པ་རེད། ལྷ་སའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་མྱུར་བགྲོད་ལམ་བུའི་ཐོག་སླེབས་པ་དང་བསྟུན་ནས་ཤེས་བྱའི་བདག་དབང་དང་ས་ཁོངས་དཔལ་འབྱོར་འཕེལ་རྒྱས་ཟུང་འབྲེལ་བྱེད་ཚད་ཉིན་རེ་བཞིན་ཟབ་ཏུ་ཕྱིན་པ་དང་ཤེས་བྱའི་བདག་དབང་ལས་དོན་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བའི་ཕན་འབྲས་རིམ་བཞིན་མངོན་བཞིན་ཡོད། ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་གྱིས་ཤེས་བྱའི་བདག་དབང་གི་སྐྱེད་སྲིང་དང་། སྲུང་སྐྱོབ། ཞབས་ཞུ་བཅས་ཕྱོགས་གསུམ་ལ་དམ་པོར་དམིགས་ཏེ། སྔ་རྗེས་སུ《ཤེས་བྱའི་བདག་དབང་སྲུང་སྐྱོང་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་རྒྱུའི་སྐོར་གྱི་ལྷ་ས་གྲོང་ཁྱེར་གྱི་ལག་བསྟར་ཇུས་གཞི》དང་། 《ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱི་ཤེས་བྱའི་བདག་དབང་གི་རྩོད་གཞི་འདུམ་འགྲིག་ལས་དོན་གྱི་དོ་དམ་བྱ་ཐབས(ཚོད་ལྟའི་ལག་བསྟར)》《ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱི་ཤེས་བྱའི་བདག་དབང་སྲུང་སྐྱོང་ཞབས་ཞུའི་ལས་དོན་གྱི་ས་ཚིགས(ཚོད་ལྟའི་ལག་བསྟར)》《ཤེས་བྱའི་བདག་དབང་ཁྱབ་ཁོངས་ཀྱི་ཁྲོམ་རའི་གྲུབ་ཆ་གཙོ་བོའི་ཡིད་རྟོན་རིམ་དབྱེ་རིགས་དབྱེའི་ལྟ་སྐུལ་དོ་དམ་བྱ་ཐབས(ཚོད་ལྟའི་ལག་བསྟར)》སོགས་སྲིད་ཇུས་ཡིག་ཆ་བཏོན་པ་དང་ཆབས་ཅིག་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱི་སྔོན་ཐོན་ཉམས་མྱོང་དང་བྱ་ཐབས་ལ་བརྟེན་ནས། ལྗོངས་ཡོངས་ཀྱི་ཤེས་བྱའི་བདག་དབང་གི་སྤྱི་པའི་ཞབས་ཞུའི་ལས་སྟེགས་ཐོག་མ་དེ་བསྐྲུན་ནས།(པར་ངོས་གསུམ་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-13 6 6 拉萨日报藏文 c190886.html 1 ལྷ་ས་འདི་ཉིད་རྒྱལ་ཁབ་ཤེས་བྱའི་བདག་དབང་ཅུས་ཀྱི་ཁག་གཉིས་པའི་ཤེས་བྱའི་བདག་དབང་གི་སྤྱི་པའི་ཞབས་ཞུ་ཚད་ལྡན་ཅན་དུ་འཛུཊ་སྐྲུན་བྱེད་པའི་ཚོད་ལྟའི་གྲོང་ཁྱེར་ལ་གཏན་འཁེལ་བྱས་པ། /enpproperty-->