ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།འདི་ལོ་ཤར་ཚུན།སྟག་རྩེ་ཆུས་འབྲོམ་ཐོད་ཤང་གིས་གཞི་རིམ་གྱི་བཅོས་སྐྱོང་བྱེད་སྟངས་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་ནས་ཏང་འཛུགས་སྐྱོང་ཁྲིད་སྟོན་དུ་བྱས་ཏེ“136”ལས་དོན་སྤེལ་སྟངས་བེད་སྤྱད་དེ་རྩ་འཛུགས་འཛུགས་སྐྱོང་དང་། མང་ཚོགས་རང་སྐྱོང་། ཞབས་ཞུ་མཐོར་འདེགས། བློ་རིག་ལ་བརྟེན་ནས་བཅོས་སྐྱོང་ལ་སྐུལ་འདེད། ཕྱོགས་མང་བཅོས་སྐྱོང་སོགས་ཀྱི་ཐད་ཕན་འབྲས་མངོན་གསལ་དོད་པོ་ཐོན་ནས་མཉམ་སྐྲུན་དང་། མཉམ་བཅོས། མཉམ་སྤྱོད་བཅས་ཀྱི་གཞི་རིམ་བཅོས་སྐྱོང་གི་རྣམ་པ་གསར་པ་བཏོད་ཡོད།
གཞི་རིམ་བཅོས་སྐྱོང་བྱེད་རིང་འབྲོམ་ཐོད་ཤང་གིས་གཞི་རིམ་བཅོས་སྐྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ།གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱི་ཏང་ཨུད་ཀྱི་གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བའི་འཐབ་ཇུས་མཛུབ་ཁྲིད་དུ་བྱས་ནས་ནུས་ཤུགས་ཡོད་རྒུས་ཁྱད་ལྡན་གཞི་རིམ་བཅོས་སྐྱོང་གི་དཔེ་མཚོན་བཏོད་ཡོད།“ཤར་ཁུལ་གདོང་ལེན་པའི”ཏང་འཛུགས་སྐྱོང་གི་སྤུས་རྟགས་ལ་དམིགས་ནས་གྲོང་གསེབ་ཀྱི་ཁྱད་ཆོས་ཟབ་ཏུ་གཏོང་བ་དང་གྲོང་ཚོ་རེར་སྤུས་རྟགས་རེ་བསྐྲུན་རྒྱུར་སྐུལ་འདེད་བཏང་ནས་ཤང་དང་གྲོང་ཚོ་རིམ་པ་གཉིས་ཀྱི“མདོག་ལྔའི”ཏང་འཛུགས་སྐྱོང་གི་སྤུས་རྟགས་བཏོད་ཡོད། དྲ་མིག་བཀོད་སྒྲིག་ལེགས་སུ་བཏང་ནས་ཤང་ཡོངས་སུ་དྲ་མིག་12ལ་དབྱེ་བ་དང་། དྲ་མིག་23གྱི་སྟོབས་ཤུགས་བཀོད་སྒྲིག་བྱས་པ། དུད་དཔོན་89འཐུས་ཚང་དུ་བཏང་བ་བཅས་རེད།
(པར་ངོས་བཞི་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社