分享按钮

2024ལོའི་ངལ་རྩོལ་དཔེ་བཟང་བ་དང་བཟོ་བོའི་སྙིང་སྟོབས་སྐོར་སྐྱོད་སྒྲོག་འགྲེལ་གྱི་བྱེད་སྒོ་མཇུག་འགྲིལ་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཉེ་ཆར།ཀྲུང་གོའི་ཕུགས་འདུན། ངལ་རྩོལ་མཛེས་ཤོས་ཏེ། བློ་སྒྲིལ་སེམས་སྐྱེད་ཀྱིས་ཏང་གི་རྗེས་སུ་འབྲངས་ནས་མཐུན་སྒྲིལ་འབད་འཐབ་ཀྱི་རྒྱང་ལམ་གསར་པར་སྐྱོད་ཅེས་པའི་2024ལོའི་ངལ་རྩོལ་དཔེ་བཟང་བའི་བཟོ་བོའི་སྙིང་སྟོབས་སྐོར་སྐྱོད་སྒྲོག་འགྲེལ་གྱི་བྱེད་སྒོ་མཇུག་འགྲིལ་བ་རེད། ངལ་རྩོལ་གྱི་སྙིང་སྟོབས་དང་། ངལ་རྩོལ་དཔེ་བཟང་བའི་སྙིང་སྟོབས། བཟོ་བོའི་སྙིང་སྟོབས་བཅས་དར་སྤེལ་ཤུགས་ཆེན་གཏོང་ཆེད། ཟླ་9པའི་ཚེས་24ཉིན་ནས་བཟུང་སྒྲོག་འགྲེལ་བྱེད་འགོ་ཚུགས་ཚུན། རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ལས་རིགས་ཁག་གི་ངལ་རྩོལ་དཔེ་བཟང་གི་བཟོ་བོ་དང་འཐབ་ཕྱོགས་དང་པོའི་ལས་བཟོ་བ་12ལས་གྲུབ་པའི་སྒྲོག་འགྲེལ་ཚོགས་པ་སྒྲིག་འཛུགས་བྱས་ཏེ་སྔ་རྗེས་སུ་ལྷ་ས་གྲོང་ཁྱེར་དང་། ནག་ཆུ་གྲོང་ཁྱེར། གཞིས་རྩེ་གྲོང་ཁྱེར་སོགས་སུ་བསྐྱོད་ནས་སྒྲོག་འགྲེལ་ཐེངས་6བྱས་ཤིང་། གྲོང་ཁྱེར་དང་། རྫོང(ཆུས) ཤང(གྲོང་རྡལ)བཅས་ཀྱི་ཚན་པ་251ལ་ཁྱབ་པ་དང་། ལས་བྱེད་པ་དང་ལས་བཟོ་བ། དེ་བཞིན་སློབ་མའི་འཐུས་མི་2000ལྷག་ཙམ་གྱིས་ཡུལ་དངོས་སུ་སྒྲོག་འགྲེལ་ལ་ཉན་པ་རེད།

སྒྲོག་འགྲེལ་པ་ཚོས་ངལ་རྩོལ་དང་རྩལ་ནུས་ཤེས་ལྡན་མི་སྣར་འགྱུར་བ་དང་། འགྲིམ་འགྲུལ་དང་གློག་ཤུགས་འཛུགས་སྐྲུན་གྱི་ལོ་རྒྱུས་བརྒྱུད་རིམ། ལས་གནས་བརྟན་སྲུང་དང་ལང་ཚོ་ལེགས་སྐྱེས་སུ་འབུལ་བ། ས་མཐོའི་མེ་ཟོན་དང་ནགས་ཚལ་སྲུང་སྐྱོང་གི་འགན་འཁྲི། མཐའ་མཚམས་འགག་སྒོའི་དཔལ་འབྱོར་འཕེལ་རྒྱས་སོགས་ཀྱི་ཐད་ནས་རང་ཉིད་ཀྱི་སློབ་སྦྱོང་གི་མྱོང་ཚོར་དང་། ལས་ཀའི་ལོ་རྒྱུས། མཐོང་ཐོས་མྱོང་གསུམ་བཅས་མཉམ་སྤྱོད་བྱས་ཏེ་ཐོག་མའི་བསམ་འདུན་གླེང་བ་དང་བརྩེ་སེམས་མཚོན་པ་སོགས་བྱས་པ་རེད། རྒྱལ་ཁབ་ཆེན་མོའི་བཟོ་བོ་དང་ཀྲུང་གོ་ལྕགས་ལམ་ཕུག་ལམ་ཅུས་ཚོགས་པའི་ས་མཐོའི་ལྕགས་ལམ་རྣམ་གྲངས་ཀྱི་ཁ་ལོ་བ་མུའུ་ཡུང་ཆིས་དེ་སྔའི་དགེ་ཕྲུག་ཆུང་ཆུང་ནས་རྒྱལ་ཁབ་ཆེན་མོའི་བཟོ་བོར་གྱུར་བའི་སྐུལ་ལྕག་གི་གཏམ་རྒྱུད་བརྗོད་ཡོད་ལ། ལས་བྱེད་པ་དང་ལས་བཟོ་བ་ཀྲང་ཆིང་ཁྲུང་གིས་ཇི་ལྟར་བྱས་ནས་དམག་སྡེ་བཅོ་བརྒྱད་པའི་འཐབ་འཛིང་པ་རྒན་གྲས་392ལ་བཅར་འདྲི་བྱེད་པའི་དཀའ་ཚེགས་ཀྱང་གླེང་ཡོད།

བོད་ལྗོངས་ལག་རྩལ་པའི་སློབ་གླིང་ལས་གྲྭའི་ཚད་འཇལ་ཆེད་ལས་ཀྱི་སློབ་མ་བསྟན་འཛིན་སྒྲོལ་དཀར་གྱིས་ནན་ཏན་ངང་ཉན་ཞོར་དུ་ཟིན་བྲིས་ཐོག་བཀོད་ཅིང་། ཁོ་མོས་ཁོང་ཚོའི་ལུས་ཐོག་ནས་སྤྱིར་བཏང་གི་ལས་དོན་གྱིས་ཀྱང་དུས་རབས་ཀྱི་དཔའ་བོ་སྐྱེད་སྲིང་བྱེད་ཐུབ་པ་མཐོང་བྱུང་ལ། རང་ཉིད་ཀྱིས་སློབ་སྦྱོང་ཏན་ཏིག་དང་ལས་གནས་ཐོག་གཞི་ཚུགས་ནས་འཇོན་ཐང་ཅན་དུ་འགྱུར་བའི་དད་སེམས་ཀྱང་སྔར་བས་བརྟན་དུ་ཕྱིན་སོང་། འབྱུང་འགྱུར་ངས་སློབ་སྦྱོང་ཁྲོད་ཆེད་ལས་ཀྱི་རྩལ་ནུས་མཐོ་རུ་ཧུར་ཐག་བཏང་ནས་རྩལ་ནུས་ཤེས་ལྡན་པར་འགྱུར་བ་དང་རྩལ་ནུས་ལ་བརྟེན་ནས་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་ལམ་བུའི་ཐོག་བསྐྱོད་རྒྱུ་ཡིན་ཞེས་བཤད། གློག་འཕྲིན་གྱི་ལས་བཟོ་བ་ཕུར་བུ་དོན་གྲུབ་ཀྱིས་དམག་སྡེ་བཅོ་བརྒྱད་པ་བོད་དུ་བསྐྱོད་པའི་གཏམ་རྒྱུད་ཀྱིས་ང་ལ་སེམས་འགུལ་ཆེན་པོ་ཐེབས་བྱུང་། ཁོང་ཚོས་བོད་ཀྱི་ཆེད་དུ་བློ་གཅིག་སེམས་གཅིག་གིས་བོད་ལྗོངས་འཛུགས་སྐྲུན་བྱས་ཡོད། གཏམ་རྒྱུད་དེ་དག་ངས་སྒྲ་འཇུག་བྱས་ཡོད། སླད་ཕྱིན་རྟག་ཏུ་ཉན་རྒྱུ་མ་ཟད། ད་དུང་ངའི་བུ་ཕྲུག་ཚོར་ཉན་དུ་བཅུག་ནས་ཏང་གི་བཀའ་དྲིན་དང་གཉེན་ཉེ་བརྗེད་དུ་མི་འཇུག་པ་བྱ་རྒྱུ་ཡིན་ཞེས་བཤད། གསོན་ཉམས་དོད་པ་དང་། སྟོབས་ཤུགས་གཅིག་ཏུ་འགྲིལ་བའི་སྒྲོག་འགྲེལ། དྲོ་སྐྱིད་ལྡན་པ་དང་མང་ཚོགས་དང་འབྲེལ་འདྲིས་ཆེ་བའི་གཏམ་རྒྱུད་རེ་རེ་ནི་རེ་བའི་ས་བོན་ལྟར་རྒྱ་ཆེའི་ལས་བྱེད་པ་དང་ལས་བཟོ་བ་ཚོའི་སེམས་སུ་བཏབ་ནས་དུས་རབས་གསར་པའི་རྒྱང་ལམ་གསར་པའི་ཐོག་ཁོང་ཚོར་འབད་འབུངས་ཀྱི་སྟོབས་ཤུཊ་གཅིག་ཏུ་བསྒྲིལ་རྒྱུར་སྐུལ་ལྕག་ཐེབས་བཞིན་ཡོད་ཅེས་བཤད།

(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-12 6 6 拉萨日报藏文 c190879.html 1 2024ལོའི་ངལ་རྩོལ་དཔེ་བཟང་བ་དང་བཟོ་བོའི་སྙིང་སྟོབས་སྐོར་སྐྱོད་སྒྲོག་འགྲེལ་གྱི་བྱེད་སྒོ་མཇུག་འགྲིལ་བ། /enpproperty-->