ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་པ་དང་བསྟུན་ནས་རང་གྲོང་གི་གྲོང་ཁུལ་གཙོ་བོའི་ཁོར་ཡུག་སྤྱི་ཡོངས་ནས་མངོན་གསལ་དོད་པོས་ལེཊ་སུ་ཕྱིན་ཡོད། འོན་ཀྱང་གྲོང་ཁུལ་གཙོ་བོའི་ལམ་དུམ་བུ་ཁག་གཅིག་ཏུ་གློག་སྐུད་ཁྲིད་དེ་གློག་གསོག་པ་དང་། གནས་ངེས་མེད་དུ་ཁྲོམ་འདོན་པ། འཁོར་རིགས་གང་བྱུང་དུ་འཇོག་པ་སོཊ་ཚུལ་མིན་སྣང་ཚུལ་སྔར་བཞིན་ཐོན་ནས་གྲོང་ཁྱེར་གྱི་གཟུཊ་བརྙན་དང་གྲོང་མིའི་འཚོ་བའི་ཁོར་ཡུག་ལ་ཤུཊ་རྐྱེན་ཐེབས་ཀྱི་ཡོད་པ་རེད།
ཟླ་11ཚེས་8ཉིན། གསར་འགོད་པ་གྲོང་ཁྱེར་ཤེས་དཔལ་གཞུང་དོན་ཁང་གི་ལས་དོན་མི་སྣ་དང་མཉམ་དུ་གཡུ་ཐོག་ལམ་རྐང་ཐང་ཁྲོམ་གཞུང་རྒྱུད་དུ་བཅར་འདྲི་དང་ཞིབ་བཤེར་བྱེད་པར་སྐྱོད་སྐབས་ལམ་དུམ་བུ་དེའི་ཁྲོམ་གཞུང་རྒྱུད་ཀྱི་ཚོང་ཁང་གི་སྒོ་རྩར་གློག་གསོག་པའི་སྣང་ཚུལ་རྟག་ཏུ་ཐོན་གྱི་ཡོད། ཚོང་དུད་ཁག་གཅིག་གིས་སྟབས་བདེ་ཡོང་ཆེད་ཚོང་ཁང་ནང་ནས་གློག་སྐུད་རིང་པོ་ཁྲིད་དེ་ལམ་འགྲམ་དུ་བཞག་པའི་གློག་སྒུལ་འཁོར་ལོར་གློག་གསོག་པ་དང་། ཚོང་དུད་ཁ་ཤས་ཀྱིས་ཚོང་ཁང་གི་སྒོ་འགྲམ་ས་ངོས་སུ་གང་འདོད་ལྟར་ཁུང་མང་བསྒར་ཁུང་ངམ་སྐུད་མཐུད་ཡོ་བྱད་གང་བྱུང་དུ་འཇོག་པའི་བྱ་སྤྱོད་དེ་རིགས་ལ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཧ་ཅང་ཆེན་པོ་ཡོད་པར་མ་ཟད། གཞུང་ལམ་ཉེ་འཁོར་གྱི་ཁོར་ཡུག་ཧྲིལ་པོར་ཡང་ཤུགས་རྐྱེན་ཚབས་ཆེན་ཐེབས་ཀྱི་ཡོད་པ། ཁུལ་དེར་སྐོར་སྐྱོད་ཚོང་པས་ཁྲོམ་འདོན་ཁུལ་དུ་མི་བགྲོད་ལམ་བཟུང་བའི་གནས་ཚུལ་ཐོན་ནས་འགྲོ་འོང་བྱེད་མཁན་ལ་སྟབས་མི་བདེ་བ་བཟོས་ཡོད་པ། ད་དུང་གྲོང་མི་ཁག་གཅིག་གིས་གློག་སྒུལ་རྐང་འཁོར་དང་རྐང་འཁོར་གང་བྱུང་དུ་རྐུབ་སྟེགས་རིང་པོའི་མདུན་དུ་བཞག་ནས་འགྲུལ་པ་གཞན་དག་ལ་ངལ་གསོ་རྒྱག་ས་མེད་པའི་སྣང་ཚུལ་ཡང་ཡོད་པ་བཅས་ཤེས་རྟོགས་བྱུང་།
ཡ་རབས་དང་གོ་རིམ་ལྡན་པའི་ཁོར་ཡུག་ལས་གྲོང་ཁྱེར་ཞིག་གི་ཤེས་དཔལ་གྱི་ཚད་གཞི་མངོན་པར་མ་ཟད། རྒྱ་ཆེའི་གྲོང་མིའི་འཚོ་བ་དང་དེ་བས་འབྲེལ་བ་ཡོད། གཡུ་ཐོག་ལམ་གྱི་རྐང་ཐང་ཁྲོམ་གཞུང་ནི་རང་གྲོང་གི་གྲོང་ཁུལ་གཙོ་བོའི་ལམ་གལ་ཆེན་ཞིག་ཡིན་པའི་ཆ་ནས་ཉིན་ལྟར་གྲོང་མི་དང་ཡུལ་སྐོར་བ་མང་པོ་འགྲོ་འོང་བྱེད་ཀྱི་ཡོད། ཚུལ་མིན་གྱི་སྣང་ཚུལ་དང་སྤྱོད་ཚུལ་དེ་དག་གིས་གྲོང་ཁྱེར་གྱི་ཁོར་ཡུག་ལ་གཏོར་བཤིག་གཏོང་བ་དང་གྲོང་ཁྱེར་གྱི་རྣམ་པར་ཤུགས་རྐྱེན་ངན་པ་བཟོ་བར་མ་ཟད། གྲོང་ཁྱེར་སྤྱི་ཡོངས་ཀྱི་གཟུགས་བརྙན་ལའང་གནོད་ཀྱི་ཡོད། རྒྱ་ཆེའི་གྲོང་མི་དང་ཚོང་པ་རྣམས་ཀྱིས་ཡ་རབས་ཀྱི་འདུ་ཤེས་ཟབ་ཏུ་བཏང་ནས་གཙང་སྦྲ་ལེགས་པ་དང་། གོ་རིམ་ལྡན་པ། ཡ་རབས་བཅས་ཀྱི་གྲོང་ཁྱེར་གྱི་ཁོར་ཡུག་ཐུན་མོང་ཐོག་བཏོད་དེ་མི་དམངས་ཀྱི་འཚོ་བ་དེ་བས་མཛེས་སྡུག་ལྡན་པ་དང་ལྷ་ས་དེ་བས་མཛེས་སྡུག་ལྡན་པ་ཞིག་ཡོང་བ་བྱ་རྒྱུའི་རེ་བ་ཡོད།
(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社