分享按钮

གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་རུ་ཁག་གིས་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་ཁྲིམས་འགལ་སྒྲིག་འགལ་ལ་རྡུང་རྡེག་གཏོང་ཤུགས་ཆེ་རུ་གཏོང་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། དགུན་དུས་བོད་དུ་ཡུལ་སྐོར་བྱེད་པའི་ཚ་རླབས་རིམ་བཞིན་འཕྱུར་བ་དང་བསྟུན་ནས་ལྷ་སར་ཡུལ་སྐོར་དུ་ཡོང་མཁན་ཡང་མངོན་གསལ་དོད་པོས་མང་དུ་ཕྱིན་ཡོད།རྒྱ་ཆེའི་ཡུལ་སྐོར་བ་བདེ་འཇགས་ངང་ཕྱིར་སྐྱོད་ཐུབ་རྒྱུར་འགན་ལེན་བྱ་ཆེད།ཉིན་ཤས་བསྟུད་མར།ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་རུ་ཁག་གིས་ཆུ་ཤུར་རྫོང་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུཊ་སྐྲུན་ཅུས་དང་།འགྲིམ་འགྲུལ་སྐྱེལ་འདྲེན་ཅུས།ཆུ་ཤུར་རྫོང་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་བཅས་དང་མཉམ་འབྲེལ་ཐོག་མཉམ་འབྲེལ་བཅོས་སྒྲིག་ལས་དོན་ཚོགས་ཆུང་བཙུགས་ཏེ་ཆུ་ཤུར་རྫོང་གི་འགྲིམ་འགྲུལ་གཙོ་ལམ་ཁག་ཏུ་གཞུང་ལམ་སྐྱེལ་འདྲེན་གྱི་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་བཏང་ནས་རྒྱ་ཆེའི་ཡུལ་སྐོར་བ་བདེ་འཇགས་དང་སྟབས་བདེའི་ངང་ཕྱིར་སྐྱོད་ཐུབ་རྒྱུའི་འགན་ལེན་བྱས་པ་རེད།

ཉིན་ཤས་གོང་། ཆུ་ཤུར་རྫོང་རྟ་དཀར་གྲོང་རྡལ་དུ་བཅོས་སྒྲིག་ལས་དོན་ཚོཊ་ཆུང་གིས་འགྲོ་འོང་བྱེད་མཁན་གྱི་དོཊ་ཡོད་རླངས་འཁོར་ལམ་བར་དུ་བཀག་ནས་ཞིབ་བཤེར་བྱས་པ་དང་། ཡུལ་དངོས་སུ་འདྲི་རྩད་དང་བརྟག་དཔྱད་དཔང་ལེན་བྱས་ཏེ་འགྲུལ་སྐྱེལ་རླངས་འཁོར་མིན་པའི་རིཊ་ལ་སྒྲིག་འགལ་ངང་འགྲུལ་སྐྱེལ་བྱེད་ཀྱི་ཡོད་མེད་ཞིབ་བཤེར་བྱེད་པ་དང་སྦྲཊ་རླངས་འཁོར་ཐོག་གི་འགྲུལ་པར་འགྲིམ་འགྲུལ་སྒྲིག་འགལ་གྱི་ཤེས་བྱ་ཁྱབ་གདལ་གཏོང་བ་དང་། གྲོང་མི་དང་ཡུལ་སྐོར་བས་རང་འགུལ་ངང་འགྲིམ་འགྲུལ་གྱི་གོམས་གཤིས་ངན་པ་དོར་ནས་ཁྲིམས་འགལ་ཐོག་འགྲུལ་སྐྱེལ་བྱེད་པའི་རླངས་འཁོར་ལ་བཀག་འགོག་དང་དེར་མི་སྡོད་པའི་ཁྲིད་སྟོན་བྱས་པ་རེད།

ཆུ་ཤུར་རྫོང་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་དང་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱི་ཁྲིམས་འཛིན་མི་སྣ་ཕུར་བུ་བཀྲ་ཤིས་ཀྱིས་ང་ཚོས་ཞིབ་བཤེར་དང་བཀག་ཉར་བྱས་པའི་རླངས་འཁོར་ནང་གཙོ་བོ་གསོལ་མགྲོན་ཁང་གིས་སྐུ་མགྲོན་ལ་མཁོ་འདོན་བྱས་པའི་འབྲེལ་ཡོད་ཞབས་ཞུའི་ཐོབ་ཐང་མེད་པའི་རླངས་འཁོར་ཡོད།གལ་སྲིད་ལས་འཛོལ་ཐོན་ཚེ་ཡུལ་སྐོར་བའི་ཁེ་དབང་འགན་ལེན་བྱེད་ཐབས་བྲལ་བས།ང་ཚོས་ངེས་པར་དུ་ཞིབ་བཤེར་ཐག་གཅོད་བྱེད་ཤུགས་ཆེ་རུ་བཏང་ནས་ཤེས་རྟོགས་བྱུང་མ་ཐག་ཐག་གཅོད་བྱ་རྒྱུ་ཡིན་ཞེས་བཤད།

(པར་ངོས་བཞི་པར་གཟིགས)

པར་འདི་ནི་ཁྲིམས་འཛིན་མི་སྣས་དོགས་ཡོད་རླངས་འཁོར་བཀག་ནས་ཞིབ་བཤེར་བྱེད་པའི་རྣམ་པ་ཡིན།

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-12 6 6 拉萨日报藏文 c190878.html 1 གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་རུ་ཁག་གིས་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་ཁྲིམས་འགལ་སྒྲིག་འགལ་ལ་རྡུང་རྡེག་གཏོང་ཤུགས་ཆེ་རུ་གཏོང་བ། /enpproperty-->