分享按钮

(པར་ངོས་གཉིས་པར་མཐུད)ཁྲལ་སྒྲུབ་དུས་ཚོད་དེ་བས་ཐུང་བ།ཁྲལ་སྒྲུབ་ཐབས་ལམ་དེ་བས་རྒྱ་ཆེ་བ་བཅས་ཕྱོགས་གསུམ་ནས་འགོ་བཙུགས་ཏེ་ཐེངས་གཅིག་ལས་འགྲོ་མི་དགོས་པ་དང་ཐེངས་གཅིག་ཕྱིན་ནས་བྱ་བ་ཐག་ཆོད་པ་སོགས་ཀྱི་དམངས་ཕན་ཁྲལ་སྒྲུབ་འདུ་ཤེས་མངོན་འགྱུར་བྱུང་ཡོད། སྲིད་དོན་ཞབས་ཞུའི་སྐར་ཁུང་དང་ལྷ་ས་མཐོ་གསར་ཁུལ(སྣེའུ་ཁུལ་གསར)ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་ཁྲོམ་རའི་ཞུགས་འཐུས་ཁོར་ཡུག་རྒྱུན་མཐུད་ངང་ལེགས་སུ་བཏང་ནས་མི་གཅིག་གིས་བདག་སྤྲོད་དང་། མི་གཅིག་གིས་ཞིབ་མཆན་འགོད་པའི་ལྷུ་ཚིགས་དེ་མི་གཅིག་གིས་སྒྲུབ་གཉེར་བྱེད་པའི་ཕྱོགས་སུ་བསྒྱུར་ནས་ཁེ་ལས་གཉེར་བའི་དུས་བཀག་དེ་ལས་ཀའི་ཉིན་གྲངས་0.5བར་ཐུང་དུ་བཏང་བ་དང་། ཐོ་འགོད་སྙན་སེང་ལས་སྒོ་གཉེར་བའི་དུས་བཀག་གཞན་དག་ལས་ཀའི་ཉིན་གྲངས་3བར་ཐུང་དུ་བཏང་བ་རེད།

ལས་སྒོ་གཉེར་བར་ཡོང་མཁན་གྲོང་མི་སྐུ་ཞབས་ཤེ་ལགས་ཀྱིས་ཚོམས་ཆེན་གྱི་སྤྱི་ཡོངས་ཀྱི་ཁོར་ཡུག་ཡག་པོ་ཡོད་པ་མ་ཟད། ལས་དོན་པའང་སེམས་རྩ་འཁོལ་པོ་འདུག འདིར་ཡོང་ན་ལས་སྒོ་སྒྲུབ་པའི་སྒེའུ་ཁུང་ཁག་ལམ་སེང་རྙེད་ཐུབ་པ་དང་ལས་ཆོད་ཀྱང་ཧ་ཅང་ཆེན་པོ་འདུག་ཅེས་བཤད།

ལྷ་ས་མཐོ་གསར་ཁུལ་པའེ་དབྱི་ལྷོ་ངོགས་ཁུལ་ཆུང་གི་ལམ་ངོས་གཙང་ལ་ཁོད་སྙོམས་པའི་གཞུང་ལམ་གྱི་འགྲམ་ནི་མཛེས་ལྗོངས་ཤ་སྟག་ཡིན་པ་དང་། འཚོ་སྡོད་ལ་འཚམ་པའི་ཁོར་ཡུག་ལས་མི་རྣམས་ལ་དྲོ་སྐྱིད་ཀྱི་སྣང་བ་ཞིག་སྦྱིན། ཞབས་ཞུའི་ཁྱབ་རྒྱ་ཆེ་རུ་གཏོང་བ་དང་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་ཆེད། 2024ལོར་ལྷ་ས་མཐོ་གསར་ཁུལ་གྱི་ར་མ་སྒང་ཁྲོམ་གཞུང་གིས་སྡེ་ལས་ལས་རིགས་ལ་སྡེ་ལས་ལས་རིགས་ཀྱི་ཏང་རྩ་འཛུགས་འཛུགས་རྒྱུར་མཛུབ་ཁྲིད་བྱས་པ་དང་། གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ཀྱི་ལེགས་ཆ་དང་རྩ་འཛུགས་ཀྱི་ལེགས་ཆར་ཤུགས་སྣོན་བརྒྱབ་པ་བརྒྱུད། བཅོས་སྐྱོང་གི་ཐོན་ཁུངས་ལེགས་སྒྱུར་དང་སྡེབ་སྒྲིག་བྱེད་པར་སྐུལ་འདེད་གཏོང་བ་དང་། བཅོས་སྐྱོང་ཐུབ་པ་དང་བཅོས་སྐྱོང་བྱེད་མཁས་པའི་སྡེ་ལས་ལས་དོན་དཔུང་ཁག་ཅིག་བཏོད་ཡོད། མིག་སྔར་པའེ་དབྱི་ལྷོ་ངོགས་ཀྱི་གསར་བརྗེའི་སྡེ་ལས་དང་སྡེ་བདག་གི་འཐུས་མིས་ཏང་འཛུགས་སྐྱོང་མཉམ་སྐྲུན་བྱས་ཏེ་དུས་བཀག་ལྟར་གསར་བརྗེའི་ལས་དོན་གྱི་གྲོས་མོལ་ཚོགས་འདུ་དང་། སྡེ་ལས་མཉམ་འབྲེལ་ཚོགས་འདུ་སོགས་འཚོགས་ནས་གྲོང་མིས་དོ་ཁུར་ཆེ་ཤོས་བྱེད་པའི་སེམས་ཁྲལ་ཆེ་ཤོས་ཀྱི་དོན་དག་ལ་གྲོས་མོལ་དང་ཐག་གཅོད་བྱས་པ་རེད། དམིགས་བསལ་ཤེས་ལྡན་པའི་དང་བླངས་ཞབས་ཞུའི་རུ་ཁག་བཏོད་དེ་བཅའ་ཁྲིམས་དང་། སྨན་བཅོས་བདེ་སྲུང་། དྲ་རྒྱའི་རྒྱབ་སྐྱོར། ཁང་པ་ཉོ་ཚོང་སོགས་ཕྱོགས་ཁག་གི་ཆེད་ལས་པ་བསྡུ་རུབ་བྱས་ཏེ། རིགས་དབྱེ་ནས་ཁང་བདག་གི་རེ་ཞུ་ཐག་གཅོད་བྱེད་རོགས་བྱས་ཡོད་ལ། སྡེ་ཁུལ་གྱི་སྔོ་འགྱུར་ཚད་གཞི་གཞིར་བཟུང་ནས་སྔོ་འགྱུར་དང་། ཤིང་ལ་ཡལ་བཅོས་བྱེད་པ། ཆུ་འདྲེན་པ་སོགས་ཀྱི་ལས་དོན་སྤེལ་ནས་གྲོང་མིར་འཚོ་བའི་ཁོར་ཡུག་བཟང་པོ་ཞིག་བཏོད་པས་ཁུལ་ཆུང་གི་གྲོང་མི་དང་སྡེ་ལས་དབར་གྱི་འབྲེལ་བ་སྔར་བས་འཆམ་མཐུན་དང་བདེ་སྐྱིད་ཚོར་སེམས་དེ་བས་ཆེ་རུ་ཕྱིན་ཡོད་པ་རེད།

གཞི་རིམ་བཅོས་སྐྱོང་ཁྲོད་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་རྒྱུ་དེ་མི་དམངས་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་ཐད་ཀར་འབྲེལ་བ་ཡོད། ཕྱིས་འབྱུང་། ལྷ་ས་མཐོ་གསར་ཁུལ་གྱི་ཏང་གི་ལས་དོན་ཨུ་ལྷན་གྱིས་ཏང་འཛུགས་སྐྱོང་གི་སྤུས་ཚད་དང་ཞབས་ཞུའི་ཕན་ནུས་མུ་མཐུད་ཆེ་རུ་བཏང་ནས་དངོས་དངོས་རྗེན་རྗེན་གྱི་ཕན་འབྲས་ཐོག་ནས་གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བའི་འཐབ་ཇུས་ལྷ་སའི་མཐོ་གསར་ཁུལ་དུ་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།

(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-12 6 6 拉萨日报藏文 c190876.html 1 /enpproperty-->