(པར་ངོས་དང་པོར་མཐུད)ཞབས་ཞུའི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ། ཞབས་ཞུའི་རྣམ་པ་གསར་གཏོད་བཅས་བྱས་ནས་དང་བླངས་ཞབས་ཞུ་རྒྱུན་རྣམ་ཅན་དང་ཚད་ལྡན་ཅན་དུ་འགྱུར་རྒྱུར་འགན་ལེན་བྱེད་དགོས་པ། འབྲེལ་ཡོད་ཚན་པས་མཐུན་སྦྱོར་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་མཉམ་ཤུགས་ཤིག་ཆགས་པར་བྱས་ཏེ་དང་བླངས་ཞབས་ཞུའི་ལས་ཀའི་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་ནས་གཞོན་ནུ་དང་བླངས་པར་འཇོན་ཐང་ངོམ་པའི་ལས་སྟེགས་དེ་བས་རྒྱ་ཆེ་བ་ཞིག་མཁོ་འདོན་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
ཕྱིས་འབྱུང་། གྲོང་ཨུད་སྡེ་ཚོགས་ཀྱིས་དང་བླངས་ཞབས་ཞུའི་དཔུང་ཁག་10ལ་མཛུབ་ཁྲིད་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ཞབས་ཞུའི་རྣམ་གྲངས་དང་མང་ཚོགས་ཀྱི་དགོས་མཁོ་དང་རེ་སྒུག་ཟུང་འབྲེལ་དང་། གཞི་རིམ་བཅོས་སྐྱོང་དང་ཟུང་འབྲེལ། སྤྱི་ཚོགས་འཕེལ་རྒྱས་དང་ཟུང་འབྲེལ་བཅས་ཐུབ་པའི་འགན་ལེན་བྱ་རྒྱུ་དང་། རྒྱ་ཆེའི་གཞོན་ནུ་སྒྲིག་འཛུགས་དང་སྐུལ་སློང་བྱས་ཏེ་འཐབ་ཇུས་ཆེན་པོ་བཞིའི་བྱ་སྤྱོད་ལ་རམ་འདེགས་བྱེད་པའི་ཁྲོད་གདོང་དམག་དང་སྟོབས་གསར་དམག་གི་ནུས་ཤུགས་འདོན་རྒྱུར་བརྩོན་ལེན་བྱས་ནས་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་།ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལྷ་སའི་ལག་ལེན་ལ་སྐུལ་འདེད་གཏོང་ཆེད་གཞོན་ནུའི་སྟོབས་ཤུགས་གཅིག་ཏུ་སྒྲིལ་རྒྱུ་ཡིན་པ་རེད།
(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社