ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། འཕྲལ་སྡོམ་མྱུར་སྐྱོབ་པའི་ཤེས་བྱ་ཁྱབ་གདལ་བཏང་ནས་ལས་ཁུངས་དང་ཁེ་ལས་ཀྱི་ལས་དོན་པའི་ཐོལ་བྱུང་དོན་རྐྱེན་ཁྲོད་ཀྱི་རང་སྐྱོབ་དང་ཕན་ཚུན་སྐྱོབ་རེས་ཀྱི་ནུས་པ་མཐོ་རུ་གཏོང་ཆེད། ཉེ་ཆར་ལྷ་ས་གྲོང་ཁྱེར་རྒྱ་གྲམ་དམར་པོ་ཚོགས་པས་གཙོ་གཉེར་བྱས་པ་དང་།བོད་རང་སྐྱོང་ལྗོངས་སུ་བཅའ་སྡོད་ཧྲང་ཧའེ་གྲོང་ཁྱེར་མི་དམངས་སྲིད་གཞུང་དོན་གཅོད་ཁྲུའུ་ཡིས་གཞོགས་འདེགས་བྱས་ནས་གཉེར་བའི་ལྷ་ས་གྲོང་ཁྱེར་རྒྱ་གྲམ་དམར་པོ་ཚོགས་པའི་2024ལོའི་དུས་ཐེངས་བཞི་པའི་འཕྲལ་སྡོམ་མྱུར་སྐྱོབ་པའི་གསོ་སྦྱོང་འཛིན་གྲྭ་སློབ་འགོ་ཚུགས་པ་རེད།
ད་ཐེངས་ཀྱི་གསོ་སྦྱོང་ནང་དོན་ནང་གློ་སྙིང་སླར་གསོ་དང་། དབུགས་ལམ་འགག་པ། རྨས་སྐྱོན་བཅོས་སྐྱོབ། རྒྱུན་དུ་ཐོན་པའི་དོས་དྲག་གི་ནད་དང་བསམ་ཡུལ་ལས་འདས་པའི་གནོད་འཚེའི་ཐག་གཅོད། AEDཡང་དག་ངང་སྤྱོད་པ་སོཊ་ཚུད་ཡོད་པ་རེད། གསོ་སྦྱོང་ནང་ཆེད་ལས་ཀྱི་འཆད་ཁྲིད་དགེ་རྒན་གདན་དྲངས་ནས་རིགས་པའི་གཞུང་ལུགས་ཀྱི་འགྲེལ་བཤད་དང་། གྱོད་དཔེ་དབྱེ་ཞིབ། ཡུལ་དངོས་ཀྱི་ངོམས་སྟོན། ལག་ལེན་དངོས་ཀྱི་བཀོལ་སྤྱོད། འདྲ་བཟོའི་ནང་སྦྱོང་སོགས་ཀྱི་བྱ་ཐབས་སྣ་ཚོགས་སྤྱད་དེ་སློབ་མ་ཚོར་གསོན་ཉམས་དོད་ལ་ཞིབ་ཚཊ་པའི་སློབ་ཁྲིད་བྱས་ཡོད།
གྲོང་ཁྱེར་མི་དམངས་སྨན་ཁང་དོས་དྲག་ཁང་གི་ཀྲུའུ་རེན་སྨན་པ་དཀའ་བཅུ་པ་དབྱིན་ཤན་ཏེ་ཡིས་གསོ་སྦྱོང་བྱས་པ་བརྒྱུད་སློབ་མ་ཚོས་ཆེད་ལས་ཀྱི་རང་སྐྱོབ་དང་ཕན་ཚུན་སྐྱོབ་རེས་ཀྱི་རྩལ་ནུས་ཁོང་དུ་ཆུད་པར་མ་ཟད། སྨན་ཁང་གི་མྱུར་སྐྱོབ་ཐད་ལའང་རྨང་གཞི་ཡག་པོ་ཞིག་བཏིང་ཡོད། ཆེད་ལས་ཀྱི་སྨན་བཅོས་རོཊ་སྐྱོབ་པས་རྩ་ཆེའི་དུས་ཚོད་བརྩོན་ལེན་བྱས་ནས་ནད་པའི་འཚོ་གནས་བྱེད་ཚད་དང་བདེ་ཐང་སླར་གསོའི་གོ་སྐབས་མང་དུ་བཏང་ཡོད། ང་ཚོས་ལྷ་ས་གྲོང་ཁྱེར་རྒྱ་གྲམ་དམར་པོ་ཚོགས་པས་ལས་དོན་འདི་ཉིད་སྤེལ་བ་དང་ཁྱབ་གདལ་གཏོང་རྒྱུར་རམ་འདེགས་བྱས་ནས་མི་ཚང་མས་མྱུར་སྐྱོབ་བྱེད་སྟངས་སློབ་སྦྱོང་བྱེད་པ་དང་། མྱུར་སྐྱོབ་ཀྱིས་མི་ཚང་མར་ཕན་པ་འདོགས་པའི་འདུ་ཤེས་ཐུན་མོང་ཐོག་ཁྱབ་གདལ་གཏོང་རྒྱུ་ཡིན་ཞེས་བཤད།
གསོ་སྦྱོང་བྱ་ཡུལ་དུ་འཆད་ཁྲིད་དགེ་རྒན་གྱིས་འགྱིག་མིའི་བྲང་ཁ་ནས་གནོན་པ་དང་མི་ཐབས་ལ་བརྟེན་ནས་དབུགས་འབྱིན་རྔུབ་བྱེད་པའི་ལག་རྩལ་དང་དོ་སྣང་བྱེད་དགོས་པའི་དོན་ཚན་ཞིབ་ཕྲ་བསླབ་པར་མ་ཟད། སློབ་མ་ཚོར་རེ་རེ་བཞིན་དུ་སྦྱོང་བརྡར་བྱ་རྒྱུའི་མཛུབ་ཁྲིད་ཀྱང་བྱས་ཏེ་མི་ཚང་མས་གློ་སྙིང་སླར་གསོའི་འགག་རྩའི་རྩལ་ནུས་ཁོང་དུ་ཆུད་པར་བྱས་ཡོད།རྨས་སྐྱོན་མྱུར་སྐྱོབ་ཀྱི་སློབ་ཚན་ནང་སློབ་མ་ཚོས་ཁྲག་འགོག་པ་དང་རྨ་རས་དཀྲི་བ་སོགས་ཀྱི་ལག་རྩལ་སློབ་སྦྱོང་ནན་ཏན་བྱས་ཏེ་རྨས་སྐྱོན་ཕོག་པའི་རྣམ་པར་ལད་མོ་བྱས་ནས་དངོས་སུ་ལག་ལེན་བསྟར་ཡོད།དེ་རྗེས་རིགས་པའི་གཞུང་ལུགས་ཀྱི་ཡིག་རྒྱུགས་དང་དངོས་སྦྱོང་གི་དཔྱད་ཞིབ་བྱས་པ་རེད།
ཅིན་ཅང་མགྲོན་ཁང་ཧྲང་ཧའེ་ཐོག་བརྩེགས་ཁང་ཆེན་གྱི་སྤྱི་ཁྱབ་ཅིང་ལི་ཧོ་ཐའོ་ཅེས་འཕྲལ་སྡོམ་མྱུར་སྐྱོབ་ཀྱི་གསོ་སྦྱོང་དེ་ས་མཐོར་མེད་དུ་མི་རུང་བ་ཞིག་ཡིན་ཞིང་། ལྷག་པར་དུ་ང་ཚོ་མགྲོན་ཁང་ལས་རིགས་སུ་ཡུལ་སྐོར་བ་མང་པོ་ཞིག་ལ་ཐོལ་བྱུང་གི་བདེ་ཐང་གནས་ཚུལ་འཕྲད་ཚེ་མགྲོན་ཁང་གི་མི་སྣས་འཕྲལ་མར་མྱུར་སྐྱོབ་བྱེད་དགོས་ཀྱིན་ཡོད་ཅེས་བཤད།
ཕྱིས་སུ་ལྷ་ས་གྲོང་ཁྱེར་རྒྱ་གྲམ་དམར་པོ་ཚོགས་པས་དཔྱད་ཞིབ་ཐོབ་པའི་སློབ་མ་30ལྷག་ཙམ་ལ་ལྷ་ས་གྲོང་ཁྱེར་རྒྱ་གྲམ་དམར་པོ་ཚོཊ་པའི་སྐྱོབ་བཅོས་པའི་ལག་ཁྱེར་སྤྲོད་རྒྱུ་མ་ཟད། རང་ངོས་ཀྱི་ལེགས་ཆ་མུ་མཐུད་འདོན་སྤེལ་དང་འཕྲལ་སྡོམ་སྐྱོབ་བཅོས་ཀྱི་གསོ་སྦྱོང་མུ་མཐུད་གཏིང་ཟབ་བྱས་ནས་ཁྱབ་ཁྱོན་སྔར་བས་ཆེ་རུ་བཏང་ཐོག་ཚེ་སྲོག་ལ་སྲུང་སྐྱོང་བྱ་རྒྱུ་ཡིན་པ་རེད།
(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社