ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར།གྲོང་ཁྱེར་ཚོང་དོན་ཅུས་ཀྱིས་ལྷ་ས་གྲོང་ཁྱེར་གྱི་འཛད་སྤྱོད་དངོས་རྫས་རྙིང་ཚབ་གསར་བརྗེའི་དྲིལ་བསྒྲཊ་ཚོགས་འདུ་འཚོགས་པ་རེད།
བྱེད་སྒོ་སྤེལ་ཡུལ་དུ་འབྲེལ་ཡོད་ཚན་པའི་འགན་འཁུར་བས་འཛད་སྤྱོད་དངོས་རྫས་རྙིང་ཚབ་གསར་བརྗེའི་སྲིད་ཇུས་ཀྱི་ཞིབ་ཕྲའི་ནང་དོན་ལ་འགྲེལ་བཤད་ཞིབ་ཕྲ་བརྒྱབ་ཅིང་། རྒྱུན་མཐོང་གི་ཁྱིམ་སྤྱོད་གློག་ཆས་དང་། ཐབ་ཚང་དང་གསང་སྤྱོད་ཀྱི་ཡོ་བྱད་སོགས་ཐོན་རྫས་སྣ་ཚོགས་ཚུད་ཡོད།ཁ་གསབ་ཀྱི་ཚད་གཞིའི་ནང་ཐོན་རྫས་མི་འདྲ་བའི་དངོས་རྫས་རྙིང་ཚབ་གསར་བརྗེའི་ཁ་གསབ་ཀྱི་གྲངས་ཚད་ཁ་གསལ་བཀོད་ཡོད་པ་རེད།
གྲོང་ཁྱེར་ཚོང་དོན་ཅུས་འཁོར་སྐྱོད་ཁོའོ་ཡི་ཁོའོ་ཀྲང་ཀྲའོ་ཧན་ཚའེ་ཡིས་ཐེངས་འདིའི་བྱེད་སྒོའི་ནང་གཙོ་བོ་རླངས་འཁོར་དང་། ཁྱིམ་སྤྱོད་གློག་ཆས། ཐབ་ཚང་དང་གསང་སྤྱོད་ཀྱི་ཡོ་བྱད། གློག་སྒུལ་རྐང་འཁོར་བཅས་ཁག་བཞི་ཚུད་ཡོད། ཁྱབ་ཁོངས་བཞི་པོ་དེར་དམིགས་ནས་ང་ཚོས་བྱེད་སྒོའི་ནང་ཞུགས་མཁན་ཚོང་པ་དང་ཁེ་ལས་ལ་འབྲེལ་ཡོད་ཀྱི་ཁ་གསབ་སྲིད་ཇུས་དང་དེ་བཞིན་ཞིབ་ཕྲའི་བཀོལ་སྤྱོད་ཀྱི་བརྒྱུད་རིམ་ལ་འགྲེལ་བཤད་ཞིབ་ཕྲ་བརྒྱབ་པ་དང་སྦྲགས། ང་ཚོས་ད་དུང་གྲོང་ཁྱེར་སྤྱི་བདེ་ཅུས་དང་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱི་ལས་དོན་པ་གདན་དྲངས་ནས་སྒྲིག་འགལ་གྱོད་དཔེའི་ཐག་གཅོད་ཀྱི་གཏན་འབེབས་ངོ་སྤྲོད་བྱས་ཡོད་ལ།རྒྱ་ཆེའི་ཚོང་པས་ཁ་དན་ཚིག་གནས་ངང་གཉེར་སྐྱོང་བྱ་རྒྱུར་ཁྲིད་སྟོན་ཀྱང་བྱས་ཡོད་ཅེས་བཤད།
ཡུལ་དངོས་སུ་ཚོང་པའི་འཐུས་མིས་ནན་ཏན་ངང་ཉན་བཞིན་དུ་རང་ཉིད་ཀྱིས་དོ་ཁུར་བྱེད་པའི་གནད་དོན་ལ་དྲི་བ་བཏོན་པ་རེད། ཚོང་པའི་ངོས་ནས་བརྗོད་ན། ད་ཐེངས་ཀྱི་དྲིལ་བསྒྲགས་དང་སྣེ་ཁྲིད་ཚོགས་འདུའི་ཐོག་ནས་ཁོང་ཚོས་རང་ངོས་ཀྱི་སྲིད་ཇུས་ལག་བསྟར་བྱེད་པའི་བརྒྱུད་རིམ་ཁྲོད་ཀྱི་འགན་འཁྲི་དང་གོ་སྐབས་ཤེས་རྟོགས་ཐུབ་ནས་རྙིང་ཚབ་གསར་བརྗེའི་ལས་དོན་དེ་བས་ལེགས་པའི་ངང་སྤེལ་རྒྱུར་གཞོགས་འདེགས་བྱ་རྒྱུར་ཕན་ཐོགས་ཡོད་པ་དང་འཛད་སྤྱོད་ཀྱི་ཁྲོམ་ར་འཁྲུག་ཏུ་འགྲོ་རྒྱུར་སྐུལ་མ་ཐེབས་རྒྱུ་ཡིན་པ་རེད།
བོད་ལྗོངས་ཅ་ཧུའེ་ཏུའོ་ཏུའོ་ཞེས་པའི་རིག་ནུས་ཀྱི་ལས་དོན་པ་ཟླ་བ་སྒྲོལ་མས་ད་ཐེངས་ཀྱི་བྱེད་སྒོའི་ནང་། འཛད་སྤྱོད་པས་སྐད་འཕྲིན་ཐོག་ཅ་ཧུའེ་ཏུའོ་ཏུའོ་ཞེས་པའི་གོ་རིམ་ཆུང་གྲས་འཚོལ་ཞིབ་དང་བྱེད་སྒོའི་ནང་འཛུལ་བའི་ཚོང་དུད་འཚོལ་ཞིབ་བྱས་ཚེ། ཚོང་ཁང་དུ་སླེབས་རྗེས་རང་ཉིད་ཀྱི་དགོས་མཁོར་གཞིགས་ནས་ཚོང་ཟོག་འདེམས་ཆོག་པ་དང་། ཁེ་ལས་ཀྱིས་འཛད་སྤྱོད་པར་རམ་འདེགས་བྱས་ནས་ཚོང་ཟོག་འདེམས་ཉོ་བྱེད་པར་མ་ཟད། བླང་བྱ་ལྟར་མ་ལག་ནང་འབྲེལ་ཡོད་རེ་ཞུའི་ཡིག་ཆ་གོང་ཞུ་བྱས་ཚེ་དེ་མཚུངས་ཀྱི་ཁ་གསབ་ལོངས་སྤྱོད་བྱེད་ཆོག དུས་མཚུངས་བྱེད་སྒོ་མ་སྤེལ་གོང་བྱེད་སྒོའི་ནང་ཞུགས་མཁན་ཁེ་ལས་ལ་འབྲེལ་ཡོད་ཀྱི་གསོ་སྦྱོང་བྱས་པ་དང་།བྱེད་སྒོའི་ནང་ཞུགས་པའི་ཡིད་རྟོན་ཁས་ལེན་ཡི་གེར་མིང་རྟགས་བཀོད་དུ་བཅུག་ནས་སྲིད་གཞུང་གི་མ་དངུལ་གྱི་བདེ་འཇགས་ལ་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག དེ་བས་ལེགས་པའི་སྒོ་ནས་བྱེད་སྒོ་ཁྱབ་གདལ་དུ་བཏང་སྟེ་མཐར་ང་ཚོས་མ་ལག་རིམ་སྤོར་དང་འཛད་སྤྱོད་པར་དེ་བས་སྟབས་བདེ་ལ་ནུས་ཆེའི་ཞབས་ཞུ་བསྒྲུབ་རྒྱུ་ཡིན་ཞེས་བཤད། (ཕུར་སྒྲོན་དང་ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社