གྲོང་ཁྱེར་ཡོངས་སུ་གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བའི་འཐབ་ཇུས་ལག་བསྟར་བྱས་ཚུན།
ལྷ་སའི་མཐོ་གསར་ཁུལ་གྱིས་བྱ་སྤྱོད་སྤེལ་ནས་དམངས་བདེ་དམངས་ཕན་ཞེས་པ་ཕྱོཊ་སྟོན་དུ་བྱེད་པ་དང་། མང་ཚོཊ་ཀྱི་དགོས་མཁོ་ནས་འགོ་བཙུཊ་ཏེ། ཞབས་ཞུའི་ཕན་ནུས་ཆེ་རུ་གཏོང་བ་དང་། གཞི་རིམ་བཅོས་སྐྱོང་སྦྲེལ་མཐུད་གཏིང་ཟབ་བྱེད་པའི་རྣམ་པ་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་ཏེ། ཕྱོགས་ཡོངས་དང་བར་ཐག་མེད་པའི་སྒོ་ནས་དམངས་བདེ་དམངས་ཕན་གྱི་ཞབས་འདེཊ་ཞུས་ནས་མང་ཚོགས་ཀྱི་ཐོབ་སྣང་དང་། བདེ་སྣང་། སྐྱིད་སྣང་བཅས་སྔར་བས་ཆེ་རུ་བཏང་ཡོད།
ལྷ་སའི་མཐོ་གསར་ཁུལ་གྱི་སྲིད་དོན་ཞབས་ཞུ་ལྟེ་གནས་སུ་སྐྱོད་སྐབས། གཙང་ལ་གྲལ་འགྲིག་པའི་ཚོམས་ཆེན་གྱི་ཁོར་ཡུག་དང་དེང་རབས་ཅན་གྱི་ཞབས་ཞུའི་སྒྲིག་བཀོད་དག་མི་རྣམས་ཀྱི་མིག་ལམ་དུ་ཁྲ་ལྷམ་མེར་འཆར། སྲིད་དོན་ཞབས་ཞུའི་ཆུ་ཚད་སྔར་བས་མཐོ་རུ་གཏོང་བ་དང་། ལས་སྒྲུབ་ཁོར་ཡུག་ལེགས་སུ་གཏོང་བ།ལས་ཕྱོད་ཆེ་རུ་གཏོང་བ་བཅས་བྱ་ཆེད། འདི་ལོའི་ཟླ་10པར་ལྷ་སའི་མཐོ་གསར་ཁུལ་གྱི་ཏང་གི་ལས་དོན་དོ་དམ་ཨུ་ལྷན་གྱི་སྤྱི་འདོམས་བཀོད་སྒྲིག་འོག་ལྷ་སའི་མཐོ་གསར་ཁུལ་གྱི་སྲིད་དོན་ཞབས་ཞུ་ལྟེ་གནས་དངོས་སུ་སྤྱོད་འགོ་ཚུགས་པ་རེད། ལྟེ་གནས་ཀྱི་ཐོག་སོ་དང་པོར་ཁེ་ལས་ཀྱི་མགྲོན་ཁང་ཡོད་པ་དེའི་ནང་ཇ་ཁང་དང་། ཁེ་ལས་ཀྱི་ངོ་འཕྲད་གྲོས་མོལ་ཁང་། ཀོག་ཧྥེ་ཁང་སོགས་ལེ་ལག་ཚང་བའི་སྒྲིག་བཀོད་སྒྲིག་སྦྱོར་ཞིབ་ཚགས་བྱས་ནས་ཁེ་ལས་ལ་བག་ཕེབས་དང་སྟབས་བདེའི་སྤེལ་རེས་དང་ངོ་འཕྲད་གྲོས་མོལ་གྱི་བར་མཐོངས་མཁོ་འདོན་བྱས་ཏེ།ཁེ་ལས་དབར་མཉམ་ལས་སྤེལ་རེས་དང་རྣམ་གྲངས་ངོ་འཕྲད་གྲོས་མོལ་སོགས་ཀྱི་བྱེད་སྒོ་སྤེལ་རྒྱུར་སྟབས་བདེ་བསྐྲུན་ཡོད།ཐོག་སོ་གཉིས་པ་ནི་སྲིད་དོན་ཞབས་ཞུའི་ཚོམས་ཆེན་ཡིན་པ་དེའི་ནང་ཅུས(གཞུང་དོན་ཁང)7གཅིག་སྡུད་བྱས་ཡོད་པ་དང་འགན་ནུས་ཚན་པ་མང་པོའི་སྲིད་དོན་ཞབས་ཞུའི་ལས་དོན་ཚུད་ཡོད་པ་རེད། ཐོག་སོ་གསུམ་པ་ནི་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ལྷ་ས་གྲོང་ཁྱེར་ཁྲལ་དོན་ཅུས་སྣེའུ་ཁུལ་གསར་ཁྲལ་དོན་ཡན་ལག་ཅུས་ཀྱི་རིག་ལྡན་ཁྲལ་གཉེར་ཞབས་ཞུའི་ཚོམས་ཆེན་ཞིག་ཡིན་པ་དང་དེས་རིག་ལྡན་ཁྲལ་སྒྲུབ་ཁུལ་དང་།5Gཉམས་ལེན་ཁུལ། སྐར་ཁུང་ལས་གཉེར་ཁུལ། ཁྲལ་ཁྲིམས་དྲིལ་བསྒྲགས་ཁུལ། ཁྲལ་འཇལ་ཁུལ། རྒྱང་ཁྲིད་རོགས་གཉེར་ཁུལ་བཅས་ཀྱི་ཆེད་སྒྲིག་ཁུལ་ཆེན་པོ་དྲུག་བཙུགས་ནས་རྒྱ་ཆེའི་མང་ཚོགས་ལ་འཐུས་སྒོ་ཚང་བ་དང་། ནུས་ཆེ། སྟབས་བདེ་བཅས་ཀྱི་ཁྲལ་དོན་ཞབས་ཞུ་བསྒྲུབ་རྒྱུ་ཡིན་པ་རེད།
ལྷ་སའི་མཐོ་གསར་ཁུལ་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱི་རིམ་པ་བཞི་པའི་ཀྲུའུ་རེན་ཁོའོ་ཡོན་ཚེ་རིང་ལྷ་མོས་ལྷ་སའི་མཐོ་གསར་ཁུལ་གྱི་སྲིད་དོན་ཞབས་ཞུའི་ཚོམས་ཆེན་ནི་མཐོ་གསར་ཁུལ་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་མཐོ་གསར་ཁུལ་གྱི་ཁེ་ལས་དང་། གྲོང་མིར་ཞབས་འདེགས་ཞུ་རྒྱུ་ཁྲིད་སྟོན་དུ་བྱེད་པའི་ཕྱོགས་བསྡུས་ཞབས་ཞུའི་ལས་སྟེཊ་ཆེན་པོ་ཞིག་ཡིན་པས། མིག་སྔར། ཞབས་ཞུའི་ལྟེ་གནས་ནང་སྤྱི་ཚོགས་འགན་བཅོལ་དང་།སྨན་བཅོས་འགན་བཅོལ། གྲོང་ཁྱེར་ལྟ་སྐུལ། གྲོང་ཁྱེར་དོ་དམ་སོཊ་ཚན་པ་མང་པོ་ཡོད་པས་ཁྱོན་སྲིད་དོན་ཞབས་ཞུའི་ཞིབ་མཆན་རྣམ་གྲངས་74དང་དེ་བཞིན་སྲིད་དོན་ཞབས་ཞུའི་རྣམ་གྲངས་སྒྲུབ་གཉེར་བྱས་ནས་ཁེ་ལས་དང་མི་སྒེར་ལ་སྟབས་བདེ་ལ་གཅིག་འཐུས་རྣམ་པའི་ཞབས་ཞུ་བསྒྲུབ་ཆོག་གི་ཡོད་པ་རེད་ཅེས་བཤད།
གསར་དུ་བསྐྲུན་པའི་རིག་ལྡན་ཁྲལ་སྒྲུབ་ཞབས་ཞུའི་ཚོམས་ཆེན་དེས་ཁྲལ་འཇལ་བའི་ཁུར་པོ་དེ་བས་ཡང་བ་དང་། (པར་ངོས་གསུམ་པར་གཟིགས)
པར་འདི་ནི་གསར་དུ་སྤྱོད་འགོ་ཚུགས་པའི་ལྷ་སའི་མཐོ་གསར་ཁུལ་གྱི་སྲིད་དོན་ཞབས་ཞུའི་ལྟེ་གནས་ཀྱི་རྣམ་པ་ཡིན།
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社