分享按钮

ལྷ་ས་གྲོང་ཁྱེར་གྱི་གཞོན་ནུ་དང་བླངས་པས་འཐབ་ཇུས་ཆེན་པོ་བཞིར་རམ་འདེགས་བྱེད་པའི་ཆེད་དོན་ བྱ་སྤྱོད་སྤེལ་འགོ་ཚུགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་11ཚེས་7ཉིན། གཞོན་ནུ་དང་བླངས་པས་འཐབ་ཇུས་ཆེན་པོ་བཞིར་རམ་འདེགས་བྱེད་པའི་ལྷ་སའི་གཞོན་ནུ་དང་བླངས་ཞབས་ཞུའི་ཆེད་དོན་བྱ་སྤྱོད་སྤེལ་འགོ་ཚུགས་པའི་མཛད་སྒོ་དེ་ཁྲེང་ཀོན་ཆུས་གསང་ཡིབ་སྡེ་ཁུལ་དུ་འཚོགས་ཤིང་། བྱེད་སྒོ་དེ་གུང་གཞོན་སྡེ་ཚོགས་ལྷ་ས་གྲོང་ཁྱེར་ཨུ་ལྷན་གྱིས་གྲོང་ཨུད་ཀྱི་སྤྱི་ཚོགས་ལས་དོན་པུའུ་དང་གྲོང་ཁྱེར་དམངས་སྲིད་ཅུས་དང་མཉམ་དུ་སྤེལ་བ་ཞིག་ཡིན་པ་དང་། དང་བླངས་པ་སྒྲིག་འཛུགས་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་ལེགས་སྐྱེས་དང་། མཛའ་གྲོགས།རོགས་རེས། ཡར་ཐོན་བཅས་ཀྱི་དང་བླངས་པའི་སྙིང་སྟོབས་ལག་ལེན་བསྟར་བ་ཞིག་ཡིན་པ་རེད།

གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཀྲའོ་ཧུའེ་ཉན་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

ཀྲའོ་ཧུའེ་ཉན་གྱིས་དུས་རབས་གསར་པའི་ལྷ་སའི་གཞོན་ནུ་ཚོས་ཐོག་མཐའ་བར་གསུམ་དུ་དུས་རབས་ཀྱི་མདུན་གྲལ་དུ་ལངས་ནས་ཏང་གི་འབོད་སྐུལ་དང་ལེན་ཧུར་ཐག་ཞུས་ཏེ་སྤྱི་ཚོགས་འཛུགས་སྐྲུན་ནང་ཞུགས་ཀྱི་ཡོད། གཞོན་ནུ་དང་བླངས་པ་ནི་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ཁྲོད་གསོན་ཤུགས་ཆེ་ཤོས་དང་གསར་གཏོད་ཀྱི་ནུས་པ་ཆེ་ཤོས་ལྡན་པའི་ཚོགས་སྤྱི་ཞིག་ཡིན་ཞིང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་སྤྱི་ཚོགས་བཅོས་སྐྱོང་ཁྲོད་ཀྱི་མང་ཚོགས་ཚོགས་པའི་རྩ་འཛུགས་དང་སྤྱི་ཚོགས་རྩ་འཛུགས་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་དང་། གཞོན་ནུ་དང་བླངས་པས་འཐབ་ཇུས་ཆེན་པོ་བཞིར་རམ་འདེགས་བྱེད་པའི་ཆེད་དོན་བྱ་སྤྱོད་སྤེལ་བ་ནི་ཏང་ཀྲུང་དབྱང་གི་འབོད་སྐུལ་དང་ལེན་བྱེད་པ་དང་། གྲོང་ཨུད་ཀྱི་ལྟེ་བའི་ལས་དོན་ལ་དམིགས་པ། མང་ཚོགས་ཀྱི་དམངས་འཚོར་ཞབས་འདེགས་ཞུ་བ་བཅས་ཀྱི་དངོས་སྒྲུབ་བྱ་ཐབས་ཤིག་རེད།

ཀྲའོ་ཧུའེ་ཉན་གྱིས་དང་བླངས་པ་ཚོས་བསམ་བློ་གཅིག་གྱུར་དང་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་སྟེ།ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། ཏང་གི་མཛད་ཕྱོགས་སྲིད་ཇུས་ཤེས་རྟོགས་དང་ཁོང་དུ་གཏིང་ཟབ་ཆུད་པར་བྱས་ཏེ། ཆེད་དོན་བྱ་སྤྱོད་ལ་སྐུལ་འདེད་གཏོང་ཆེད་རིགས་པའི་གཞུང་ལུགས་ཀྱི་རྨང་གཞི་བརྟན་པོ་ཞིག་མཁོ་འདོན་བྱེད་དགོས་པ་དང་། འཐབ་ཇུས་ཆེན་པོ་བཞི་ལག་བསྟར་བྱེད་པའི་ཕུགས་ཀྱི་དོན་སྙིང་ལ་ངོས་འཛིན་གང་ལེགས་བྱས་ཏེ་མང་ཚོགས་ཀྱི་དགོས་མཁོ་སྐོང་རྒྱུ་ཨང་དང་པོར་བཞག་ནས་མང་ཚོགས་ཀྱི་ཐོབ་སྣང་དང་། བདེ་སྣང་། སྐྱིད་སྣང་བཅས་ཆེ་རུ་ཏན་ཏིག་གཏོང་དགོས་པ། ཆེད་དོན་བྱ་སྤྱོད་ཐད་མང་ཚོགས་ཀྱི་མངགས་ཐོ་དང་། སྡེ་ཁུལ་གྱི་མངགས་ཐོ། གུང་གཞོན་སྡེ་ཚོགས་ཀྱི་མངགས་ཐོ། དང་བླངས་ཞབས་ཞུའི་དཔུང་ཁག་གི་མངགས་ཐོ་བཅས་ཀྱི་ཞབས་ཞུའི་རྣམ་པ་སྤྱད་དེ་དང་བླངས་པ་ཚོས་རང་འགུལ་ངང་གཞི་རིམ་སྡེ་ཁུལ་གྱི་ལས་དོན་ནང་ཧུར་ཐག་ཞུགས་ཏེ། བཅའ་ཁྲིམས་བློ་འདྲི་དང་འཕྲོད་བསྟེན་བདེ་ཐང་སོགས་ཀྱི་ཐད་དང་བླངས་ཞབས་ཞུ་བསྒྲུབས་ནས་གཞི་རིམ་གྱི་དགོས་མཁོ་མགྱོགས་མྱུར་དང་ལེན་ཐུབ་པར་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

ཀྲའོ་ཧུའེ་ཉན་གྱིས་རྒྱ་ཆེའི་དང་བླངས་པས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་ལེན་ཧུར་ཐག་བསྟར་བ་དང་། དྲང་ནུས་བརྒྱུད་སྤྲོད་བྱས་ཏེ་ལྷ་ས་གྲོང་ཁྱེར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་གཞོན་ནུའི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུའི་རེ་བ་གནང་བ་དང་།དང་བླངས་ཞབས་ཞུའི་རྩ་འཛུགས་ཁག་གིས་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་གཏོང་བ་དང་།

(པར་ངོས་གསུམ་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-12 6 6 拉萨日报藏文 c190868.html 1 ལྷ་ས་གྲོང་ཁྱེར་གྱི་གཞོན་ནུ་དང་བླངས་པས་འཐབ་ཇུས་ཆེན་པོ་བཞིར་རམ་འདེགས་བྱེད་པའི་ཆེད་དོན་ བྱ་སྤྱོད་སྤེལ་འགོ་ཚུགས་པ། /enpproperty-->