分享按钮

བོད་ལྗོངས་གཞོང་པ་ལྷ་ཆུ་བོད་སྨན་ཚད་ཡོད་ཀུང་སིས་ཁེ་ལས་ལ་ཕན་པའི་སྲིད་ཇུས་ལ་བརྟེན་ནས་ཁེ་ལས་ ཀྱི་གསོན་ཤུགས་འཕེལ་བར་བྱས་པ།

དམངས་གཉེར་དཔལ་འབྱོར་ནི་ལྷ་ས་གྲོང་ཁྱེར་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་གཙོ་ཤུགས་དམག་དང་དེང་རབས་ཅན་གྱི་ལྷ་ས་གསར་པ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། ཐུན་མོང་ཐོག་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་སྟོབས་ཤུགས་གལ་ཆེན་ཞིག་ཡིན། ཉེ་བའི་ལོ་ཤས་རིང་། ལྷ་སས་མང་ཚོགས་དང་འབྲེལ་འདྲིས་དང་དོན་འཁྱོལ་ཐུབ་པའི་ཁེ་ལས་ལ་ཕན་པའི་སྲིད་ཇུས་རབ་དང་རིམ་པ་བཏོན་ནས་ཁེ་ལས་ཀྱི་གསར་གཏོད་གསོན་ཤུགས་གང་ལེགས་འཕེལ་བ་དང་། དམངས་གཉེར་དཔལ་འབྱོར་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བས།དམངས་གཉེར་དཔལ་འབྱོར་ལ་གྲངས་འབོར་དང་སྤུས་ཚད་གཉིས་ཀ་འཕར་བའི་གྲུབ་འབྲས་བཟང་པོ་ཐོབ་ཡོད།

བོད་ལྗོངས་གཞོང་པ་ལྷ་ཆུ་བོད་སྨན་ཚད་ཡོད་ཀུང་སི་འདི་ཉིད་སྟོད་ལུང་བདེ་ཆེན་ཆུས་གནས་ཆུང་ཁྲོམ་གཞུང་དུ་གནས་ཤིང་། 1996ལོར་བསྐྲུན་ནས་ཐོན་སྐྱེད་བྱེད་འགོ་ཚུགས་པ་དང་། ས་ཁྱོན་སྨི་ངོས་གྲུ་30466ཟིན་ཞིང་། ཏང་ཨུད་དང་། ཞིབ་འཇུག་གསར་སྤེལ་པུའུ། སྤུས་ཚད་དོ་དམ་པུའུ། ཐོན་སྐྱེད་དོ་དམ་པུའུ་སོགས་སྡེ་ཁག་9བཙུགས་ཡོད། གཞོང་པ་ལྷ་ཆུའི་ཆུ་མིག་གི་ཉེ་འགྲམ་དུ་ཀུང་སི་བཙུགས་ཡོད་པས་ལྷ་ཆུའི་བོད་སྨན་ཞེས་པའི་མིང་ཡང་དེ་ལྟར་ཐོབ།

རྒྱལ་སྒོ་ནས་སྨི་ཉིས་བརྒྱ་སུམ་བརྒྱ་ཙམ་བསྐྱོད་དེ་གཡོན་ངོས་ཀྱི་སྤུས་ཚད་དོ་དམ་ལྟེ་གནས་ཀྱི་ཐོག་བརྩེགས་ནང་ལས་དོན་པས་གོ་རིམ་ལྡན་པའི་ངང་དངོས་དཔེའི་ཞིབ་བཤེར་ལས་འགན་སྒྲུབ་བཞིན་ཡོད་པ་དང་། ཐོན་རྫས་ཀྱི་སྤུས་ཚད་གཏན་འབེབས་ཀྱི་ཚད་གཞི་དང་མཐུན་པར་བྱེད་བཞིན་ཡོད། ཀུང་སི་བཙུགས་པ་ནས་བཟུང་། ཚད་ལྡན་དོ་དམ་གྱིས་སྣེ་ཁྲིད་དང་།

(པར་ངོས་གཉིས་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-12 6 6 拉萨日报藏文 c190867.html 1 བོད་ལྗོངས་གཞོང་པ་ལྷ་ཆུ་བོད་སྨན་ཚད་ཡོད་ཀུང་སིས་ཁེ་ལས་ལ་ཕན་པའི་སྲིད་ཇུས་ལ་བརྟེན་ནས་ཁེ་ལས་ ཀྱི་གསོན་ཤུགས་འཕེལ་བར་བྱས་པ། /enpproperty-->