ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་གནང་བའི་སྤྱི་ཚོགས་འགན་བཅོལ་གཱ་གཞི་རྟེན་དུ་བྱས་ནས་གྲོང་མིར་ཞབས་འདེགས་ཞུ་བའི་གཱ་གཅིག་ཀུན་འཐུས་འཚོལ་ཞིབ་བྱེད་དགོས་པའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་ཆེད། མཚོ་སྔོན་དང་བོད་ལྗོངས་ས་གནས་གཉིས་ཀྱི་མི་སྤྱི་ཚན་པས་མཉམ་དུ་སྤྱི་ཚོགས་འགན་བཅོལ་གཱའི་མཚོ་བོད་གཱ་གཅིག་ཀུན་འཐུས་ཞེས་པར་འཛུགས་སྐྱོང་བྱ་རྒྱུར་སྐུལ་འདེད་བཏང་ཡོད། ཟླ་11ཚེས་7ཉིན། སྤྱི་ཚོགས་འགན་བཅོལ་གཱའི་མཚོ་བོད་གཱ་གཅིག་ཀུན་འཐུས་ཞེས་པའི་འགོ་ཚུགས་མཛད་སྒོ་ལྷ་སར་འཚོགས་ཤིང་། མཚོ་བོད་གཱ་གཅིག་ཀུན་འཐུས་ཞེས་པ་དེ་མཚོ་བོད་ས་ཁུལ་གཉིས་ཀྱི་མི་དམངས་དབར་ཕན་ཚུན་སྤེལ་རེས་གཏིང་ཟབ་བྱེད་པའི་སྒྲོག་ཐག་ལྟ་བུ་ཞིག་ཏུ་འགྱུར་རྒྱུ་རེད།
ཐེངས་འདིའི་མཚོ་བོད་ས་ཁུལ་གཉིས་སུ་སྤྱི་ཚོགས་འགན་བཅོལ་གཱ་གཞི་རྟེན་དུ་བྱས་པའིམཚོ་བོད་གཱ་གཅིག་ཀུན་འཐུས་ཞེས་པའི་ཞབས་ཞུའི་དོ་དམ་བྱེད་སྟངས་བཙུགས་པ་དེས་ས་ཁུལ་གཉིས་ཀྱི་སྤྱི་ཚོགས་འགན་བཅོལ་གཱ་ཁྱབ་ཁོངས་མང་པོ་ཞིག་ཏུ་ས་ཁོངས་ལས་བརྒལ་ནས་ཐུན་མོང་ཐོག་སྤྱོད་ཆོག་པ་དང་། མཚོ་བོད་གཱ་གཅིག་ཀུན་འཐུས་ཞེས་པ་མངོན་འགྱུར་ཐུབ་རྒྱུ་རེད། མི་སྤྱི་ཞབས་ཞུའི་གཱ་གཅིག་ཀུན་འཐུས་ཞེས་པ་དེ་ས་གནས་གཉིས་ཀྱིས་སྤྱི་ཚོགས་འགན་བཅོལ་གཱ་རེ་ཞུ་དང་། ནུས་སློང་། གསབ་བརྗེ། བོར་ཐོ་འགོད་པ། གསང་ཨང་བཟོ་བཅོས་དང་བསྐྱར་དུ་བརྗེ་བ་སོགས་ལས་སྒོ་ཁག་10ཐུན་མོང་ཐོག་གཉེར་ཆོག་པར་མ་ཟད། ད་དུང་གཱ་ཁྱེར་ནས་ས་གནས་གཉིས་ཀྱི་མི་སྤྱི་སྐར་ཁུང་དུ་འགན་བཅོལ་ནང་ཞུགས་པའི་འདྲི་རྩད་དང་། ལས་ཞུགས་ཐོ་འགོད། ཤེས་ལྡན་པའི་མི་དོན་སོགས་མི་སྤྱི་ཞབས་ཞུའི་འགྲོ་ལུགས་གཉེར་ཆོག་གི་ཡོད་པ་རེད། སྨན་བཅོས་དང་སྨན་རྫས་ཉོ་བའི་གཱ་གཅིག་ཀུན་འཐུས་ཞེས་པའི་ཐད་འགན་བཅོལ་ནང་ཞུགས་མཁན་གྱིས་གཱ་ཁྱེར་ནས་ས་གནས་གཉིས་ཀྱི་གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞིར་ཐོ་འགོད་དང་། སྨན་བཅོས། སྨན་ཉོ་བ། རྩིས་རྒྱག་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོ་སྨན་བཅོས་གཱ་གཅིག་ཀུན་འཐུས་ཀྱིས་ལོངས་སུ་སྤྱོད་ཆོག་གི་ཡོད་པ་རེད།
མཚོ་བོད་གཱ་གཅིག་ཀུན་འཐུས་ཀྱིས་ད་དུང་རིག་གནས་ཡུལ་སྐོར་དང་འགྲིམ་འགྲུལ་འགྲོ་སྐྱོད་སོགས་རྒྱུན་གཏན་འཚོ་བའི་ཁྱབ་ཁོངས་ཀྱི་དམངས་ཕན་བྱེད་སྒོ་དུས་གཅིག་ཏུ་སྤེལ་ཞིང་། ས་གནས་གཉིས་ཀྱི་གཱ་སྤྱོད་མཁན་གྱིས་Appཕབ་ལེན་བྱས་ནས་སྤྱི་ཚོགས་འགན་བཅོལ་གཱ་དངུལ་ཁང་གི་རྩིས་ཐོར་སྦྲེལ་ཚེ་འབྲེལ་ཡོད་གཟིགས་སྐྱོང་ལོངས་སུ་སྤྱོད་ཆོག་གི་ཡོད་པ་རེད།
(པར་ངོས་གསུམ་པར་གཟིགས)
པར་འདི་ནི་སྤྱི་ཚོགས་འགན་བཅོལ་གཱའི་མཚོ་བོད་གཱ་གཅིག་ཀུན་འཐུས་ཞེས་པ་སྤྱོད་འགོ་ཚུགས་པའི་མཛད་སྒོ་སྤེལ་ཡུལ་དངོས་ཡིན།
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社