分享按钮

ཝང་ཆང་གིས་མེ་ཟོན་རོགས་སྐྱོབ་དཔུང་ཁག་ ལ་འཚམས་འདྲི་གནང་བ།

(པར་ངོས་དང་པོར་མཐུད)སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་གཞི་ཚུགས་ཏེ། མི་དམངས་དང་ཚེ་སྲོག་གོང་དུ་བཀུར་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་ཀྱིས་འགན་འཁྲི་ཁུར་ནས་འཐབ་ས་མདུན་མར་བསྐྱོད་དེ་མི་དམངས་ཀྱི་སེམས་ཁྲལ་དང་དཀའ་ངལ་སེལ་བ་དང་ཉེན་སེལ་རོགས་སྐྱོབ་བྱས་ནས་བློ་གཅིག་སེམས་གཅིག་དང་རང་སྲོག་བློས་གཏོང་གིས་ལས་རིགས་ཀྱི་བྱང་ཚད་མཐོན་པོ་དང་སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བའི་སྙིང་སྟོབས་མངོན་པར་བྱས་ཏེ། མི་དམངས་ཀྱི་སེམས་ནང་རྒྱབ་རྟེན་ཡོད་པ་དང་། འདེགས་སྐྱོར་ཡོད་པ། རྟེན་ས་ཡོད་པ་བཅས་བྱས་ནས་སྤྱི་ཚོགས་ཀྱི་ཞི་མཐུན་དང་བརྟན་ལྷིང་ལ་སྲུང་སྐྱོང་དང་། མི་དམངས་མང་ཚོགས་བདེ་སྡོད་ལས་བརྩོན་ཡོང་བར་འགན་ལེན་བྱ་ཆེད་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་ཡོད།

ཝང་ཆང་གིས་ནན་གསུངས་གནང་དོན། མེ་ཟོན་སྡེ་ཚན་གྱིས་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོ་མུ་མཐུད་ནས་དར་སྤེལ་ཤུགས་ཆེན་བཏང་སྟེ། རང་ངོས་ཀྱི་བྱང་ཚད་དང་ལས་སྒོའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ཐོག་ མི་དམངས་ཀྱི་སེམས་ཁྲལ་བསལ་ནས་གྲོང་ཁྱེར་གྱི་མེ་ཟོན་བདེ་འཇགས་ཀྱི་ཆེད་དུ་གཡས་གཞོགས་གཡོན་འདེགས་ཧུར་ཐག་བྱེད་དགོས་པ་དང་། དཔུང་ཁག་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་འཕྲལ་སྡོམ་ཐག་གཅོད་བྱེད་ནུས་ཆེ་རུ་བཏང་སྟེ། ཏང་ཨུད་དང་སྲིད་གཞུང་བློ་བདེ་བ་དང་མི་དམངས་མང་ཚོགས་བློ་ཡིད་ཚིམ་པའི་ཞུམ་མེད་ཀྱི་དམག་དཔུང་ཅིག་ཧུར་ཐག་བཏོད་དེ། འགག་རྩའི་དུས་སུ་དོན་ཐུབ་པ་དང་རྒྱལ་ཁ་ཐོབ་པའི་འགན་ལེན་བྱེད་དགོས་པ། མེ་ཟོན་བདེ་འཇགས་ཀྱི་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་བརྒྱབ་ནས་རྒྱ་ཆེའི་གྲོང་མིའི་མེ་ཟོན་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་བཏང་སྟེ། ཐུན་མོང་ཐོག་བདེ་འཇགས་དང་ཞི་མཐུན་གྱི་སྤྱི་ཚོགས་ཁོར་ཡུག་ཅིག་བསྐྲུན་དགོས།

གྲོང་ཁྱེར་ཡོངས་ཀྱི་མེ་ཟོན་དཔུང་ཁག་གི་དཔོན་དམག་ཚོས་སྔར་རྒྱུན་བཞིན་སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་སློབ་ཀྱི་དགོངས་དོན་གཞིར་བཟུང་། ནུས་ཤུགས་ཡོད་རྒུས་ཏང་ལ་ལྷག་བསམ་རྣམ་དག་དང་། སྒྲིག་ཁྲིམས་ནན་པོ། རང་སྲོག་བློས་གཏོང་། དམངས་ཀྱི་བྱ་བ་སྒྲུབ་པ་བཅས་ཀྱི་སྤྱིའི་བླང་བྱ་ལག་ལེན་ཡག་པོ་བསྟར་བ་དང་། གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་བཀོད་སྒྲིག་དང་ལེན་མཐའ་གཅིག་ཏུ་བྱེད་པ། དུས་དང་རྣམ་པ་ཀུན་ཏུ་བདེ་འཇགས་ལ་དམ་འཛིན་བྱེད་པ། དུས་ཐོག་ཏུ་བདེ་འཇགས་ཀྱི་ཉེན་ཁ་སེལ་བ་བཅས་བྱས་ཏེ། དཔའ་ངར་ཆེར་བསྐྱེད་དང་བསམ་པའི་ཉམས་འགྱུར་ཡག་ཤོས་ཀྱི་ཐོག་ནས་གྲོང་ཁྱེར་ཡོངས་ཀྱི་མེ་ཟོན་བྱ་གཞག་ནང་ཞུགས་པ་དང་། ནུས་ཤུགས་ཡོད་རྒུས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་སྲུང་སྐྱོང་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-11 6 6 拉萨日报藏文 c190777.html 1 ཝང་ཆང་གིས་མེ་ཟོན་རོགས་སྐྱོབ་དཔུང་ཁག་ ལ་འཚམས་འདྲི་གནང་བ། /enpproperty-->