分享按钮

ཁྲེང་ཀོན་ཆུས་ཀྱིས་ཏང་འཛུགས་སྐྱོང་ལ་བརྟེན་ནས་གཞི་རིམ་བཅོས་སྐྱོང་ལ་ སྣེ་ཁྲིད་བྱས་པར་ཕན་འབྲས་མངོན་གསལ་ཐོན་པ།

(པར་ངོས་དང་པོར་མཐུད)གྲོང་མི་བཅས་ཏང་ཡོན་ཁྲི་4.2ཚང་མ་དྲ་མིག་ནང་བཅུག་སྟེ་ཏང་གི་རྩ་འཛུགས་དང་ལས་དོན་མཐའ་གཅིག་ཏུ་བསྒྲུབ་རྒྱུའི་འགན་ལེན་བྱས་པ་དང་། རང་སྐྱོང་ལྗོངས་རིམ་པའི་ཏང་འཛུགས་སྐྱོང་དཔེ་སྟོན་ས་ཚིགས་8དང་།གྲོང་ཁྱེར་རིམ་པ་13 ཏང་འཛུགས་སྐྱོང་སྤུས་རྟགས་95བཅས་བཏོད་ནས་དཔེ་སྟོན་ཕན་འབྲས་ཆགས་པ། སྤྱི་ཚོགས་ལས་དོན་སྒྲིག་འཛུགས་བྱས་མ་ཐག་ཁྲོམ་གཞུང་སྡེ་ཚན་གྱི་འབྱོར་ཐོ་འགོད་པའི་ལམ་སྲོལ་འཐུས་ཚང་དུ་བཏང་ནས་བཅའ་སྡོད་ཚན་པ་300ལྷག་ཙམ་རང་འགུལ་ངང་སྡེ་ཁུལ་དུ་བསྐྱོད་ནས་ལས་འགན་སྒྲུབ་ཚུལ་ལ་དཔྱད་མོལ་བྱས་པ་དང་། “8+N”ཡི་དང་བླངས་ཞབས་ཞུའི་གཞི་རྟེན་བཏོད་དེ་ཁོངས་གཏོགས་ཁུལ་གྱི་ཏང་ཀྲི་པུའུ་2382དང་ཏང་ཡོན་ཁྲི་3.5ལྷག་ཙམ་གྱིས་ཕྱོགས་གཉིས་སུ་འབྱོར་ཐོ་འགོད་པ་དང་ཕྱོགས་གཉིས་སུ་ཞབས་འདེགས་ཞུ་བའི་ལས་དོན་རྒྱུན་རྣམ་ངང་སྤེལ་ནས་འདི་ལོ་ཁོ་ནར་མང་ཚོགས་ཀྱི་སེམས་ཁྲལ་བྱེད་པའི་གནད་དོན་ཁྲི་2.5ལྷག་ཙམ་ཐག་གཅོད་བྱས་པ་རེད།

དྲ་མིག་དངོས་ཚན་ཅན་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ། དྲ་མིག་ཅན་གྱི་དོ་དམ་མི་སྣ་1300ལྷག་ཙམ་གྱིས་ཆ་སྒྲིག་གཉེན་འཚོལ་གྱི་བྱ་སྤྱོད་སྤེལ་བ་བརྒྱུད་ཁྱབ་ཁོངས་བཅུའི་ནང་གི་མངོན་མེད་རྐྱེན་ངན་ཁྱོན་1300ལྷག་ཙམ་གྲལ་བཤེར་བྱས་པ་ལས་མངོན་མེད་རྐྱེན་ངན་ཁྱོན་1270བསལ་ཏེ་ཐག་གཅོད་ཐུབ་ཚད་བརྒྱ་ཆ་97ཟིན་ཡོད། ངའི་དྲ་མིག་ཅན་ངས་བཤད་སོགས་རྩལ་ནུས་འགྲན་བསྡུར་གྱི་བྱེད་སྒོ་ཐེངས་100ལྷག་ཙམ་སྤེལ་ནས་སྡེ་ཁུལ་གྱི་སྐར་གསོག་དཔྱད་ཞིབ་བྱ་ཐབས་གསར་གཏོད་བྱས་ནས་བཙུགས་པ་དང་། ཧེ་བག་ཅན་གྱི་མི་སྒེར་གྱི་ལས་རྗེས་ཐོབ་ཆ་སྤྲོད་རྒྱུར་སྐུལ་འདེད་བཏང་སྟེ་སྡེ་ཁུལ་གྱི་ལས་ཀ་བཟང་ངན་ལ་མི་བལྟོས་པའི་གནད་དོན་ནུས་ལྡན་ངང་བསལ་ཡོད།

ཞབས་ཞུ་ཞིབ་ཚགས་ཅན་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ།རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་3.6བཏང་ནས་སྡེ་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་ཁྱོན་ཡོངས་ནས་ལེགས་སུ་བཏང་བ། ཏང་དང་མང་ཚོགས་ཀྱི་ཞབས་ཞུའི་ས་ཚིགས་62བཏོད་ནས་སྐར་མ་15ཡི་དམངས་ཕན་ཞབས་ཞུའི་ཚོགས་པ་རགས་ཙམ་ཆགས་པ། སྡེ་ཁུལ་གྱི་འགན་འཁྲི་གཙོ་བོ་དང་ལས་ཀ་གཙོ་བོ་12ཡོད་པ་དང་། ཤུགས་རྐྱེན་ངན་པའི་དོན་ཚན་10མི་སྒྲུབ་པ།སྤྱི་ཚོགས་ལས་མི་800ལྷག་ཙམ་གཞི་རིམ་བཅོས་སྐྱོང་གི་འཇོན་ཐང་ཅན་དུ་གྱུར་པ། སྟོབས་ལྡན་གྲོང་ཚོས་ཉམས་ཞན་གྲོང་ཚོར་སྣེ་ཁྲིད་ཀྱི་ཚོགས་པ་འཕེལ་རྒྱས་གཏོང་སྟངས་ལ་བརྟེན་ནས་ཚལ་གུང་ཐང་སྡེ་ཁུལ་གྱི་ཟ་ཁང་དང་བར་སྐོར་ཡུལ་སྐོར་པར་ལེན་ཁང་སོགས་ཡུལ་གཞན་ལ་གཉེར་བའི་མཉམ་སྡེབ་དཔལ་འབྱོར་2བསྐྲུན་པ་དང་། སྡེ་ཁུལ་5ལ་མཉམ་སྡེབ་དཔལ་འབྱོར་སྒོར་ཁྲི་1000ཡན་ཟིན་པ་དང་སྡེ་ཁུལ་27ལ་སྒོར་ཁྲི་100ཡན་ཟིན་ཡོད་པ་རེད།

ཚན་རྩལ་ཀུན་ཕན་ཅན་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ།“སྤྱི་ཚོགས་ལས་དོན་པ་ཀུན་ཁྱབ”དང“ཁུར་པོ་ཡང་གཏོང་ཀུན་ཁྱབ”ཀྱི་སྟེགས་བུ་ཆེན་པོ་གཉིས་བཏོད་ནས“མི་དང་ས་གནས་བྱ་དངོས་གནས་ཚུལ་རྩ་འཛུགས”སོགས་ཀྱི་རྒྱུ་རྐྱེན་གཙོ་བོ་དག་གཞི་གཅིག་ཏུ་བཅུག་པ།སྐྱིད་རས་དང་།འཇག་མ་གླིང་ཁ། གསང་ཡིབ་སྡེ་ཁུལ་བཅས་སུ་རྒན་རྒོན་ལ“མཐེབ་བརྡ་གཏོང་བའི”སྒྲིག་ཆས་དང་AIརིག་ནུས་ལྟ་ཞིབ་ཚད་ལེན་བརྙན་མིག་སོགས་སྒྲིག་སྦྱོར་ཚོད་ལྟ་བྱས་པ་དང་དམིགས་བསལ་བྱིས་པ་87ལ་བོར་བརླག་མི་ཤོར་བའི་གནས་གཏན་འཁེལ་གྱི་གཱ་སྤྲད་པ་རེད།

ནུས་ཤུགས་ཡོད་རྒུས་བཅོས་སྐྱོང་མཐུན་སྦྱོར་ཅན་ལ་སྐུལ་འདེད་བཏང་སྟེ།གསལ་ཐོ་གསུམ་གྱི་རྣམ་གྲངས་700བཟོས་ནས་མང་ཚོགས་ཀྱི་སེམས་ཁྲལ་ཆེ་བའི་གནད་དོན་ཁག་1900ལྷག་ཙམ་ཐག་གཅོད་བྱས་པ་དང་། ལྷ་ཞབས་གླིང་ཕྲན་སྡེ་ཁུལ་དུ་གསར་བརྗེའི་སྡེ་ལས་སྔོན་ལ་བཏོད་པ་དང་གྲྭ་བཞི་ཁུལ་ཆུང་དུ་མི་གཅིག་ལ་མི་ལྔ་ཡི་དོ་དམ་བྱེད་སྟངས་ཚོད་ལྟ་བྱས་ནས་ཏང་དང་མང་ཚོགས་དབར་གྱི་བར་ཐག་ཉེ་རུ་བཏང་བ། ཆེད་དོན་མ་དངུལ་སྒོར་ཁྲི་2000བཙུགས་པ་དང་། ཚོགས་པ་86དང་དང་བླངས་ཞབས་ཞུའི་རུ་ཁག་234བཙུགས་ནས་སྡེ་ཁུལ་གྱི་དཀའ་ངལ་ཡོད་པའི་མང་ཚོགས་དང་དམིགས་བསལ་ཚོགས་སྤྱི་སོགས་ལ་སྣ་མང་ཅན་གྱི་ཞབས་ཞུ་སྒྲུབ་པ། སྐོར་སྐྱོད་རྐུབ་སྟེགས་ཆུང་ངུ་སོགས་ལས་དོན་ལ་གྲོས་བསྡུར་བྱེད་པའི་སྟེགས་བུ་28བཏོད་པ་དང་། རིམ་རྩིས་བྱས་ན་ལས་གྲོས་ཚོགས་འདུ་ཐེངས་ཁྲི་2.8ལྷག་ཙམ་འཚོགས་ནས་སྒྲོལ་མའི་འདུམ་སྒྲིག་ཁང་སོགས་མང་ཚོགས་ཀྱི་རང་སྐྱོང་སྤུས་རྟགས་37བཏོད་ཡོད།

(ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-11 6 6 拉萨日报藏文 c190776.html 1 ཁྲེང་ཀོན་ཆུས་ཀྱིས་ཏང་འཛུགས་སྐྱོང་ལ་བརྟེན་ནས་གཞི་རིམ་བཅོས་སྐྱོང་ལ་ སྣེ་ཁྲིད་བྱས་པར་ཕན་འབྲས་མངོན་གསལ་ཐོན་པ། /enpproperty-->