分享按钮

རང་ལྗོངས་ཀྱིས་ནུས་རྒྱུ་གཙང་མའི་གཅིག་སྡུད་དྲོད་རླངས་མཁོ་འདོན་བྱས་ནས་མང་ཚོགས་ཁྲི་20ཙམ་ལ་ཕན་པ་ཐོབ་རྒྱུ་ཡིན་པ།

(པར་ངོས་དང་པོར་མཐུད)མཚེའུ་གཉིས་དང་ཉི་མ་རྫོང་སོགས་ས་བབ་ཧ་ཅང་མཐོ་བའི་རྫོང་གྲོང་གི་དགུན་དུས་ཀྱི་དྲོད་ཚད་དམའ་ཤོས་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་40ཟིན་གྱི་ཡོད་པ་དང་། ལོ་ཧྲིལ་པོར་གྲང་ངར་ཆེ་བའི་གནམ་གཤིས་ཟླ་9ཟིན་གྱི་ཡོད། ས་བབ་མཐོ་ཚད་སྨི་5000ཡན་གྱི་ཤང་གྲོང་གི་ཞིང་འབྲོག་ཁུལ་གྱི་དྲོད་རླངས་མཁོ་འདོན་གྱི་གནད་དོན་ཐག་གཅོད་བྱ་ཆེད། རང་ལྗོངས་ཀྱིས་རང་རྒྱལ་གྱི་ས་བབ་མཐོ་ཤོས་ཀྱི་ཤང་སྟེ། ཕུ་མ་བྱང་ཐང་ཤང་ལ་དྲོད་རླངས་མཁོ་འདོན་གྱི་ཚོད་ལྟ་བྱས་ནས་དྲོད་རླངས་མཁོ་འདོན་བྱེད་ཁྱོན་སྨི་ངོས་གྲུ་13914.38ཟིན་པ་དང་། འཆར་གཞི་བྱས་ན་ལོ་མཇུག་ཏུ་ལས་མཇུག་འགྲིལ་རྒྱུ་ཡིན་པ་དང་། དྲོད་རླངས་མཁོ་འདོན་གྱི་ཁེ་ལས་སྒྲིག་འཛུགས་བྱས་ནས་གྲོང་ཚོ་14དང་ཞིང་འབྲོག་པ་དུད་ཚང་723ལ་དྲོད་རླངས་མཁོ་འདོན་གྱི་སྒྲིག་ཆས་སྒྲིག་སྦྱོར་བྱས་པ་དེ་དག་ཉེ་དུས་ལས་མཇུག་འགྲིལ་བ་དང་འབྲེལ་བེད་སྤྱོད་ཀྱང་གཏོང་བཞིན་ཡོད། གཞན་ཡང་། གྲོང་ཚོ་11དང་ཞིང་དུད་830ལ་འོད་ཤུགས་དང་། གློག་གསོག ཚ་རླུང་འཕྲུལ་ཆས་བཅས་ཟུང་དུ་འབྲེལ་བའི་བཟོ་རྩལ་ལ་བརྟེན་ནས་དྲོད་རླངས་མཁོ་འདོན་བྱ་རྒྱུ་ཡིན་ཞིང་། སྔོན་དཔག་བྱས་ན། ལོ་མཇུག་ཏུ་ས་བབ་མཐོ་ཚད་སྨི་5000ཡན་གྱི་ཤང་གྲོང་1དང་། གྲོང་ཚོ་25 ཞིང་དུད་1553བཅས་ཚང་མར་དྲོད་རླངས་མཁོ་འདོན་ཐུབ་རྒྱུ་རེད།

རང་སྐྱོང་ལྗོངས་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ཐིང་གི་སྤྱི་ཁྱབ་བཟོ་བཀོད་པ་ཧྥེང་ཅན་གོ་ཡིས། ཕྱིས་འབྱུང་། རང་སྐྱོང་ལྗོངས་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ཐིང་གིས་ཚོད་ལྟའི་ཉམས་མྱོང་ཕྱོགས་སྡོམས་བྱས་ཏེ། འདྲ་བཟོ་ཆོག་པ་དང་ཁྱབ་གདལ་དུ་གཏོང་ཆོག་པའི་རྣམ་གྲངས་ལག་བསྟར་བྱེད་སྟངས་དང་། ནོར་སྲིད་དང་། ཁྲལ་བསྡུ། གློག་རིན། ས་ཆ། དངུལ་རྩ་སོགས་ཀྱི་སྲིད་ཇུས་མ་ལག་བཙུགས་ནས་རང་ལྗོངས་ཀྱི་དྲོད་རླངས་མཁོ་འདོན་ཁྱོན་ཡོངས་ལ་ཁྱབ་པའི་ལས་དོན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད།

(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-11 6 6 拉萨日报藏文 c190775.html 1 རང་ལྗོངས་ཀྱིས་ནུས་རྒྱུ་གཙང་མའི་གཅིག་སྡུད་དྲོད་རླངས་མཁོ་འདོན་བྱས་ནས་མང་ཚོགས་ཁྲི་20ཙམ་ལ་ཕན་པ་ཐོབ་རྒྱུ་ཡིན་པ། /enpproperty-->