(པར་ངོས་གཉིས་པར་མཐུད)ཡུལ་མི་ཁྱིམ་མཚེས་རྣམས་འགལ་བ་དང་རྩོད་གཞི་སེལ་བའི་ནང་ཞུགས་རྒྱུའི་སྐུལ་སློང་བྱས་པ།《དཔལ་གླིང་སྡེ་ཁུལ་གྱི་གྲོང་མིའི་སྤྱི་ཆིངས》ཁྱབ་བསྒྲགས་དང་ཡ་རབས་ཁྱིམ་ཚང་དཔྱད་འདེམས་བྱེད་པ་སོགས་ཀྱི་བྱ་ཐབས་བརྒྱུད་མང་ཚོགས་ཀྱིས་རང་གིས་རང་ལ་དོ་དམ་དང་རང་གིས་རང་ལ་ལྟ་སྐུལ་བྱ་རྒྱུར་རྒྱབ་སྐྱོར་བྱས་ཡོད།
དྲུག་ནས་འཐབ་ས་དང་པོར་ཁྲིམས་ལུགས་ཁྱབ་གདལ་དང་དྲིལ་བསྒྲགས་བྱ་རྒྱུ་མཐའ་འཁྱོངས་བྱས་པ།དེ་ཡང་སྡེ་ཁུལ་གྱི་ལས་དོན་པ་དང་དང་བླངས་པ་ཟུང་དུ་འབྲེལ་བའི་རྣམ་པ་གསར་གཏོད་བྱས་ནས་ཁྲོམ་གཞུང་གི་ཁྲིམས་འཛིན་ཆེད་ལས་དང་སྡེ་ཁུལ་གྱི་ལས་དོན་པ་གཙོ་བོར་བྱས་པའི་བཅའ་ཁྲིམས་ཁྱབ་གདལ་དཔུང་ཁག་དང་།ཏང་ཡོན། ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བྱེད་རྒན་པ།དགེ་རྒན་རྒན་གྲས་བཅས་འགན་ལེན་དུ་བྱེད་པའི་དང་བླངས་པའི་དཔུང་ཁག་ཅིག་བཙུགས་ནས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ས་ཚིགས་དང་ཏང་དང་མང་ཚོགས་ཀྱི་ཞབས་ཞུའི་ས་ཚིགས་འདེགས་སྐྱོར་དུ་བྱས་ཏེ་ཁྲིམས་སྐྱོང་འཆད་འཁྲིད་དང་།དྲིལ་བསྒྲགས་ཀྱི་ལག་དེབ་པར་འགྲེམས། ཁྲིམས་སྐྱོང་བློ་འདྲི་ས་ཚིགས་འཛུགས་པ་སོགས་ཀྱི་རྣམ་པ་སྤྱད་དེ་རྩ་ཁྲིམས་དང་།ཉེས་ཁྲིམས།དམངས་དོན་ཁྲིམས་གཞུང་།མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་གཏོད་པའི་སྲོལ་ཡིག དེ་བཞིན་དུས་བདེ་འཛུགས་སྐྱོང་གི་སྲོལ་ཡིག་སོགས་བཅའ་ཁྲིམས་ཁྱབ་གདལ་གྱི་དྲིལ་བསྒྲགས་བྱེད་སྒོ་གཏིང་ཟབ་སྤེལ་ཡོད།
བདུན་ནས་འཐབ་ས་དང་པོར་དམངས་ཕན་ཞབས་ཞུ་བསྒྲུབ་རྒྱུ་མཐའ་འཁྱོངས་བྱས་པ།དེ་ཡང་ཏང་ཡོན་གྱིས་འབྲེལ་གཏུགས་བྱ་ཡུལ་དུད་ཚང་དུ་མང་ཚོགས་དང་འབྲེལ་གཏུགས་བྱེད་པའི་སྦྲེལ་ཟམ་བཙུགས་ནས་མང་ཚོགས་ལ་ཟས་གོས་སྡོད་གསུམ་དང་།སྐྱེ་རྒ་ན་འཆི། བདེ་སྡོད་ལས་བརྩོན་སོགས་ཐད་ཀྱི་དཀའ་གནད་7ཐག་གཅོད་བྱེད་རོགས་བྱས་པ་དང་། མ་མཐའི་འཚོ་བའི་འགན་ལེན་བྱ་ཡུལ་དུད་ཚང་96ལ་སྒུལ་རྣམ་གྱི་ལྟ་ཞིབ་ཚད་ལེན་དང་དོ་དམ་བྱས་པ། རྒྱུན་རྣམ་ཅན་གྱི་སྒོ་ནས་དབུལ་པོར་འཚམས་འདྲི་དང་བདེ་སྡུག་འདྲི་བའི་བྱེད་སྒོ་སྤེལ་བ།མཉམ་སྡེབ་དཔལ་འབྱོར་གྱི་ཕན་འབྲས་ལ་བརྟེན་ནས་སློབ་མར་རོགས་རམ་དང་དཀའ་ངལ་སེལ་བའི་ལམ་ལུགས་བཙུགས་ཏེ་སློབ་ཆེན་དུ་རྒྱུགས་འཕྲོད་པའི་སློབ་མར་བྱ་དགའི་དངུལ་སྤྲོད་པ་དང་མི་ཤི་བའི་གནས་ཚུས་ཐོན་པའི་དཀའ་ངལ་ཡོད་པའི་མང་ཚོགས་ལ་རྗེས་འཇུག་བྱེད་རོགས་སོགས་བྱས་ཡོད། ཏང་དང་མང་ཚོགས་ཀྱི་ཞབས་ཞུའི་ལྟེ་གནས་དེ་ཏང་དང་མང་ཚོགས་ཀྱི་ཞབས་ཞུའི་ས་ཚིགས་ལ་སྒྱུར་བཀོད་རིམ་སྤོར་བྱས་ནས་སྤྱི་ཚོགས་ཀྱི་སྡེ་ཁུལ་ལས་དོན་པ་གཅིག་ལས་རེས་ལྟ་སྲུང་བྱེད་དུ་བཅུག་སྟེ་མང་ཚོགས་ནས་བྱ་བ་སྒྲུབ་སྐབས་ས་ཚིགས་གཅིག་ནས་ཚང་མ་སྒྲུབ་ཐུབ་པར་བྱས་པ་མ་ཟད།མང་ཚོགས་ལ་གནས་སྐབས་ངལ་གསོ་དང་།སྤྲོ་གསེང་། ལྟ་ཀློག བྱིས་པར་ལྟ་སྐྱོང་།ཡིག་པར།དཔར་ལོག གློག་གསོག འཐུང་ཆུ་སོགས་ཀྱི་གཞི་རྩའི་ཞབས་ཞུ་རིན་མེད་ངང་མཁོ་འདོན་བྱས་ཡོད།
བརྒྱད་ནས་འཐབ་ས་དང་པོར་མི་རིགས་མཐུན་སྒྲིལ་བྱ་རྒྱུ་མཐའ་འཁྱོངས་བྱས་པ།དེ་ཡང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་གཏོད་པའི་སྲོལ་ཡིག་ལག་བསྟར་ནན་ཏན་བྱས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་ལས་དོན་དེ་ཏང་རྩ་འཛུགས་ཀྱི་འཚོ་བ་དང་ཏང་ཡོན་ཚོའི་སློབ་སྦྱོང་གི་ནང་དོན་གལ་ཆེན་ནང་བཅུག་པ་དང་།ཏང་གི་མི་རིགས་ལས་དོན་གྱི་མཛད་ཕྱོགས་དང་སྲིད་ཇུས་ཁག་རྒྱུན་རྣམ་ཅན་གྱི་ཐོག་ནས་དྲིལ་བསྒྲགས་བྱ་རྒྱུ་དེ་ཨང་དང་པོར་བཞག་སྟེ་མི་རིགས་ཁག་གི་མང་ཚོགས་ཚོས་ཁ་འབྲལ་ཐབས་མེད་པ་གསུམ་གྱི་བསམ་བློ་བརྟན་པོར་འཛུགས་རྒྱུར་སློབ་གསོར་ཁྲིད་སྟོན་བྱས་ནས་མི་ཚང་མས་མཐུན་སྒྲིལ་ལ་སྣང་ཆེན་དང་ཞི་མཐུན་ལ་སྣང་ཆེན་བྱེད་པའི་རྣམ་པ་བཟང་པོ་ཞིག་བཏོད་ཡོད།མི་རིགས་མཐུན་སྒྲིལ་ཟླ་བ་དང་།རྒྱལ་སྟོན།ཟླ་མཆོད་དུས་ཆེན་སོགས་དུས་ཆེན་གྱི་མཚམས་སུ་རྒྱ་རིགས་དང་། བོད་རིགས།ཧུའེ་རིགས། པུའུ་དབྱི་རིགས་སོགས་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གདན་དྲངས་ཏེ་མཉམ་དུ་དུས་ཆེན་གཏོང་བ་དང་ཅི་འཕྲོས་མོལ་འཕྲོས་བྱེད་པ་དང་། བཞུགས་མོལ་སྤེལ་རེས་དང་རིག་རྩལ་མཉམ་འཁྲབ།དགོད་བྲོ་བའི་བྱེད་སྒོ་སོགས་ཀྱི་རྣམ་པའི་ཐོག་ནས་མི་རིགས་ཁག་གི་མང་ཚོགས་དབར་ཕན་ཚུན་འགྲོ་འོང་དང་།སྤེལ་རེས།མཉམ་འདྲེས་བཅས་ལ་སྐུལ་འདེད་བཏང་ཡོད།
དགུ་ནས་འཐབ་ས་དང་པོར་ཁོར་ཡུག་བཅོས་སྒྲིག་བྱ་རྒྱུ་མཐའ་འཁྱོངས་བྱས་པ།དེ་ཡང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་འཐབ་ཇུས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང་།དང་བླངས་ཞབས་ཞུའི་གཞི་རྟེན་ཆེན་པོ་བརྒྱད་ལ་བརྟེན་ནས་ལམ་བཟུང་ནས་གཉེར་སྐྱོང་བྱེད་པ་གཙང་བཤེར་དང་ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག་སོགས་ཀྱི་བྱ་སྤྱོད་ཐེངས་200ལྷག་ཙམ་སྤེལ་བར་མ་ཟད།གྲོང་མི་མང་ཚོགས་ལ་མེ་ཏོག་འདེབས་པ་དང་སྔོ་ལྗང་གཏོད་རྒྱུར་ཁྲིད་སྟོན་བྱས་ཏེ་དུད་སྦྲེལ་དཔོན་དང་དང་བླངས་པར་གསོ་སྐྱོང་དང་།དོ་དམ། བདག་སྐྱོང་བཅས་ཀྱི་བྱ་ཐབས་དུས་གཅིག་ཏུ་བཀོད་སྒྲིག་བཅས་བྱས་པ་རེད།སྡེ་ཁུལ་གྱི་གྲོང་མིའི་སྒོ་ར་རྙིང་ལ་མང་བ་དང་སྲང་ལམ་མང་བ།ཁོར་ཡུག་འཕྲོད་བསྟེན་གྱི་སྟོབས་ཤུགས་མི་འདང་བ་བཅས་ཀྱི་གནད་དོན་ལ་དམིགས་ནས་སྲང་ལམ་རེ་དང་སྒོ་ར་རེར་དོ་དམ་པ་གཅིག་རེ་ཡོད་པའི་ལམ་སྲོལ་གསར་གཏོད་བྱས་ནས་ཁྲོམ་གཞུང་དང་སྲང་ལམ་9དང་ཡུལ་མིའི་སྒོ་ར་ཆེན་པོ་41ལ་འཕྲོད་བསྟེན་དོ་དམ་པ་བཀོད་སྒྲིག་བྱས་པ་དང་འབྲེལ་ཟླ་རེར་དོ་དམ་པ་ཡག་ཤོས་དཔྱད་འདེམས་བྱེད་པ་དང་སྐོར་སྐྱོད་དར་དམར་དཔྱད་འདེམས་དོ་དམ་ལམ་ལུགས་ཁྱབ་གདལ་དུ་བཏང་སྟེ་མཉམ་འབྲེལ་དུད་སྦྲེལ་དང་སེམས་རྩ་འཁོལ་བའི་གྲོང་མི་མང་ཚོགས་ཀྱི་སྣེ་ཁྲིད་དེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་ནང་ཞུགས་རྒྱུར་སྐུལ་ལྕག་བྱས་ཡོད།
(གྲོང་ཨུད་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་ཨུ་ཡོན་ལྷན་ཁང་གིས་གནས་ཚུལ་སྤེལ་བ་གཞིར་བཟུང)
(པདྨ་རྒྱལ་དང་སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社