分享按钮

ལྷ་ས་གྲོང་ཁྱེར་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་ཀྲུང་གོའི་གསར་འགོད་པའི་དུས་ཆེན་ཐེངས་25 པར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་སྤེལ་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཟླ་11ཚེས་8ཉིན་གྱི་ཕྱི་དྲོར། ལྷ་ས་གྲོང་ཁྱེར་སྨྱན་སྦྱོར་མཉམ་འདྲེས་ལྟེ་གནས་ཀྱིས་ལས་བྱེད་པ་དང་ལས་བཟོ་བ་ཡོངས་སྒྲིག་འཛུགས་བྱས་ཏེ།དུས་རབས་ཀྱི་རྣམ་པ་ཟིན་ཐོར་བཀོད་ཅེས་པ་གཙོ་དོན་དུ་བྱས་པའི་བྱེད་སྒོ་སྤེལ་བ་རེད།

བྱེད་སྒོ་སྤེལ་རིང་།ལྷ་ས་གྲོང་ཁྱེར་སྨྱན་སྦྱོར་མཉམ་འདྲེས་ལྟེ་གནས་ཀྱི་འགོ་ཁྲིད་གཙོ་བོས་ཤིས་ཚིག་གསུངས་པ་རེད། ཤིས་ཚིག་ནང་འདས་ཟིན་པའི་ལོ་གཅིག་ནང་ལྷ་ས་གྲོང་ཁྱེར་སྨྱན་སྦྱོར་མཉམ་འདྲེས་ལྟེ་གནས་ཀྱིས་གོམ་པ་བརྟན་སྤོ་དང་། མིག་གིས་ལྟ་ཞིབ། ཀླད་པས་བསམ་གཞིགས། སྨྱུ་གུས་མཚོན་པ་བཅས་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ།བཅར་འདྲི་རྩོམ་སྒྲིག་གི་ནུས་པ་དང་། ནང་དོན་གྱི་ལེགས་ཆ། ཐབས་ལམ་འཛུགས་སྐྲུན། སྤུས་རྟགས་གཏོད་པ་སོགས་ཀྱི་ཐད་སྤུས་ལེགས་ནང་དོན་འདུས་གང་ཐུབ་དང་མཉམ་འདྲེས་ཁྲོད་གསར་གཏོད་དང་མཐོར་གཏོང་བྱས་ཡོད། 《ལྷ་སའི་སྲིད་དོན་བགྲོ་གླེང》དང་། 《གྲོང་ཁྱེར་གྱི་ཕྱོགས་སྟོན》《ས་མཐོའི་འཕྲོས་མོལ》《ལྷ་སའི་གཏམ་རྒྱུད》《ལྷ་སའི་ཞོགས་པའི་འཚམས་འདྲི》སོགས་ཤུགས་རྐྱེན་ལྡན་པའི་ལེ་ཚན་རྩེ་གྲ་རབ་དང་རིམ་པ་བཏོན་ནས་ཁྱད་ཆོས་ཐུན་མོང་མ་ཡིན་པ་དང་རྣམ་པ་ལེགས་པའི་གཙོ་སྐྱོང་པའི་སྤུས་རྟགས་མང་པོ་ཞིག་བཟོས་ཡོད།ལྷ་སའི་ཡོངས་བསྒྲགས་ཞེས་པའི་འཁྱུག་དབྱིངས་སྤྱི་སྟེགས་དང་། ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ཞེས་པའི་འཁྱུག་དབྱིངས་སྤྱི་སྟེགས། བདེ་སྐྱིད་ལྷ་ས་ཞེས་པའི་འཕྲིན་ཕྲན་སྤྱི་སྟེགས་བཅས་ཐོག་མཐའ་བར་གསུམ་དུ་རང་སྐྱོང་ལྗོངས་དྲ་འཕྲིན་གཞུང་དོན་ཁང་གིས་ཁྱབ་བསྒྲགས་བྱས་པའི་སྲིད་དོན་འཕྲིན་ཕྲན་སྤྱི་སྟེགས་དང་འཁྱུག་དབྱིངས་སྤྱི་སྟེགས་ཀྱི་ཨང་རིམ་ཁྲོད་དུ་མདུན་གྲལ་དུ་སླེབས་ཡོད། བདེ་སྐྱིད་ལྷ་ས་ཞེས་པའི་འཁྱུག་དབྱིངས་སྤྱི་སྟེགས་དེ་ད་ལོའི་དུས་ཚིགས་གཉིས་པའི་ལྗོངས་ཡོངས་ཀྱི་གཙོ་གནད་གསར་འགྱུར་རིགས་ཀྱི་འཁྱུག་དབྱིངས་ཀྱི་དྲ་རྒྱའི་བརྒྱུད་སྤེལ་ནུས་པར་བརྟག་དཔྱད་བྱས་འབྲས་ལས་བདེ་སྐྱིད་ལྷ་སའི་DCIདེ་ལྗོངས་ཡོངས་ཀྱི་ཨང་དང་པོར་སླེབས་པ་དང་། བོད་རང་སྐྱོང་ལྗོངས་དྲ་འཕྲིན་གཞུང་དོན་ཁང་གིས་2023ལོའི་ལྗོངས་ཡོངས་ཀྱི་ཕུལ་བྱུང་གི་དྲ་རྒྱའི་དཔྱད་གཏམ་སྤྱི་སྟེགས་ལ་བདམས་པ་རེད། ཕྱིས་འབྱུང་སྨྱན་སྦྱོར་མཉམ་འདྲེས་ཀྱི་འཕེལ་ཕྱོགས་ཆེན་པོའི་འོག་ལྷ་ས་གྲོང་ཁྱེར་སྨྱན་སྦྱོར་མཉམ་འདྲེས་ལྟེ་གནས་ཀྱིས་འགན་འཁྲི་དང་བརྩེ་སེམས་མུ་མཐུད་ནས་རྒྱུན་འཁྱོངས་བྱས་ཏེ།ཡང་བསྐྱར་མགོ་འཛུགས་པའི་སེམས་ཁམས་དང་། འགན་འཁྲི་འཁུར་ཕོད་པའི་རྣམ་འགྱུར། དམ་པ་དོན་གཉེར་གྱི་རྣམ་པ་བཅས་ཀྱི་ཐོག་ནས་སྨྱན་སྦྱོར་མཉམ་འདྲེས་ལ་གཏིང་ཟབ་པའི་ལས་དོན་འཆར་འགོད་དང་སྐུལ་འདེད་གཏོང་བ་དང་། རྣམ་པ་གཙོ་རྒྱུན་སྨྱན་སྦྱོར་ཧུར་ཐག་གཏོད་པ། ཀུན་འདུས་སྨྱན་སྦྱོར་གྱི་ཤེས་ལྡན་པ་དེ་བས་མང་བ་འབུར་དུ་ཐོན་པ་དང་། སྨྱན་སྦྱོར་མཉམ་འདྲེས་ཀྱི་བརྒྱུད་སྤེལ་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་གསར་འགྱུར་གྱི་གཡུལ་ས་སྲ་བརྟན་ཏུ་གཏོང་བ་དང་གྲོང་ཁྱེར་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་བཤད་ཡོད།

དེའི་རྗེས་ཀྱི་རིག་རྩལ་འཁྲབ་སྟོན་ནི་སྤྲོ་སྣང་ལྡན་པའི་འགོ་ཚུགས་མཛད་སྒོའི་ཞབས་བྲོ《Welcom to lhasa》ཡི་ཁྲོད་དུ་འགོ་ཚུགས་པ་དང་། ལྷ་ས་གྲོང་ཁྱེར་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱི་ཚན་ཁག་ཁག་གི་ལས་དོན་པས་རེས་མོས་ཀྱིས་ཞབས་བྲོ《སྣང་བ་སྐྱིད་པོ》དང་། རྐྱང་གཞས《སྒེར་རྩེའི་བུ་མོ》དང《རེ་སྒུག》 མཉམ་གཞས་ཆུང་གྲས《ཕུགས་འདུན་མི་འགྱུར་བ》 གྱོན་ཆས་ངོམ་སྟོན《རྒྱན་ཆ》 སྒྲ་སྙན་དཀྲོལ་གཏོང《ཨ་སྐྱིད་ལ་གྲོང》ཞེས་པ། འཁྱུག་དབྱིངས་ཐོལ་ཤོད《ང་ལྷ་སར་ལས་ཀ་བྱེད་བཞིན་ཡོད》ཅེས་པ་སོགས་གསར་རྩོམ་ཞིབ་ཚགས་བྱས་པའི་ལེ་ཚན་18འཁྲབ་སྟོན་བྱས་ཏེ་གསར་འགོད་པའི་དུས་ཆེན་ལ་རིག་རྩལ་གྱི་སྟོན་མོ་ཞིག་བཤམས་ཡོད། འཁྲབ་སྟོན་ཧྲིལ་པོའི་རྣམ་པ་འཁྲུག་ཆ་དོད་པོ་ཡོད་པ་དེ་ཐོག་ནས་ལྷ་ས་གྲོང་ཁྱེར་སྨྱན་སྦྱོར་མཉམ་འདྲེས་ལྟེ་གནས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་ལས་བཟོ་བ་ཚོའི་ལང་ཚོ་དང་། བདེ་ཐང་། བློ་གྲོས། ཤེས་དཔལ། ཡར་རྒྱས་བཅས་ཀྱི་བསམ་པའི་ཉམས་འགྱུར་བཟང་པོ་མངོན་ཡོད།

བྱེད་སྒོ་སྤེལ་རིང་ལོ་གཅིག་རིང་གྲུབ་འབྲས་བཟང་པོ་ཐོན་པའི་སྔོན་ཐོན་མཉམ་སྡེབ་་དང་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་ཀྱང་བྱས་པ་རེད།

(ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-11 6 6 拉萨日报藏文 c190772.html 1 ལྷ་ས་གྲོང་ཁྱེར་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་ཀྲུང་གོའི་གསར་འགོད་པའི་དུས་ཆེན་ཐེངས་25 པར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་སྤེལ་བ། /enpproperty-->