分享按钮

གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གིས་གློད་སྡོམ་ཞབས་གསུམ་གྱི་ལས་དོན་ཏན་ཏིག་སྤེལ་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།གྲོང་ཁྱེར་ཡོངས་སུ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་འཐབ་ཇུས་ལག་བསྟར་བྱས་པ་ནས་བཟུང་། གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གིས་བྱ་སྤྱོད་ཧུར་ཐག་སྤེལ་ནས་འཁོར་རིགས་དང་ཁ་ལོ་བ་དོ་དམ་གྱི་འགན་འཁྲི་གཙོ་བོ་དང་ལས་རིགས་གཙོ་བོར་དམིགས་ཏེ།གློད་སྡོམ་ཞབས་གསུམ་གྱི་སྒྱུར་བཅོས་མུ་མཐུད་ནས་གཏིང་ཟབ་ཏུ་གཏོང་བ་དང་། དྲ་ཐོག་དང་། ཐག་ཉེ་ས། སྟབས་བདེ་བཅས་ཀྱི་སྒོ་ནས་བསྒྲུབ་རྒྱུ་ཁྱབ་གདལ་ཤུགས་ཆེན་བཏང་ནས། ནུས་ཤུགས་ཡོད་རྒུས་མང་ཚོགས་ཀྱི་ཉེ་འགྲམ་གྱི་འཁོར་རིགས་དོ་དམ་ཁང་བཏོད་པར་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད།

ཉིན་ཤས་གོང་།གསར་འགོད་པས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་རླངས་འཁོར་དོ་དམ་སུའོ་ཡི་ཕྱོགས་བསྡུས་ལས་སྒོའི་ཚོམས་ཆེན་ནས་གཙང་ཞིང་གྲལ་འགྲིག་པའི་ཁོར་ཡུག་དེས་མི་རྣམས་ལ་སྐྱིད་པའི་སྣང་བ་ཞིག་སྦྱིན་ཞིང་། ཉིན་གུང་གི་ངལ་གསོའི་དུས་ཡིན་རུང་ལས་དོན་པས་ལས་གནས་བརྟན་སྲུང་བྱས་ཏེ་སྒོ་རྩར་ཡོང་མཁན་ཚང་མར་ངང་རྒྱུད་རིང་པོས་ལས་སྒོ་གཉེར་བཞིན་པ་མཐོང་བྱུང་། ཤེས་རྟོགས་བྱུང་བར་གཞིགས་ན། ལས་དོན་བསྒྲུབ་ཡུལ་་མང་ཚོགས་ལ་དེ་བས་སྐྱིད་སྣང་དོད་པའི་ཁོར་ཡུག་ཅིག་སྐྲུན་ཆེད། ཟླ་9པར་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གིས་རླངས་འཁོར་དོ་དམ་སུའོ་ཕྱོགས་བསྡུས་ལས་སྒོའི་ཚོམས་ཆེན་ལ་ཁྱོན་ཡོངས་ཀྱི་རིམ་སྤོར་དང་སྒྱུར་བཀོད་བྱས་ནས་ལས་སྒྲུབ་ཚོམས་ཆེན་གྱི་སྒུག་ཁུལ་དང་བཀོད་འདོམས་ཁུལ་འཐུས་ཚང་དུ་བཏང་བ་དང་། མ་བུ་ཁང་།ཇ་ཁང་སོགས་ཀྱང་གང་སར་བསྐྲུན་ཡོད། སྒྲིག་བཀོད་ལེགས་སུ་བཏང་བས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གིས་ལས་སྒྲུབ་ཚོམས་ཆེན་གྱི་ཕྱོགས་བསྡུས་ཞབས་ཞུའི་ནུས་པ་སྔར་བས་ཆེ་རུ་ཕྱིན་པའི་ཁར་སྐར་ཁུང་ཞབས་ཞུའི་ལས་དོན་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཉིན་གུང་གི་ངལ་གསོའི་རིང་མུ་མཐུད་དེ་ལས་གཉེར་བྱས་ནས་ལས་ཕྱོད་ཆེ་རུ་བཏང་བ་དང་། མང་ཚོགས་ཀྱིས་བང་བསྒྲིགས་པའི་དུས་ཚོད་ཐུང་དུ་བཏང་ཡོད།

འཁོར་རིགས་དོ་དམ་སུའོ་ཕྱོགས་བསྡུས་ལས་སྒོའི་ཚོམས་ཆེན་འགྲམ་གྱི་འཁོར་རིགས་དང་ཁ་ལོ་བ་དོ་དམ་གྱི་ལས་སྒོའི་རང་འདེམས་ཞབས་ཞུའི་ཁུལ་དུ་ལག་ཁྱེར་བཟོ་བའི་རང་འདེམས་མཐའ་སྣེ་དང་།གནས་སྐབས་བྱང་བུ་བཟོ་བའི་རང་འགུལ་མཐའ་སྣེ་20ལྷག་ཙམ་ཡོད་པ་དང་།དེའི་ནང་ཁ་ལོ་བའི་རང་འདེམས་པར་རྒྱག་འཕྲུལ་ཆས་དང་།གཟུགས་པོའི་བརྟག་དཔྱད་འཕྲུལ་ཆས་ཡོད་ཅིང་། གྲོང་མི་མི་ཉུང་བ་ཞིག་གིས་ཐོབ་ཐང་ལག་ཁྱེར་བརྟེན་ནས་འགྲོ་ལུགས་གཉེར་བཞིན་ཡོད། ལས་སྒོའི་བརྒྱུད་རིམ་ལེགས་སུ་གཏོང་བ་དང་དམངས་ལ་སྟབས་བདེ་དང་ཕན་པ་དེ་བས་ལེགས་པ་ཡོང་ཆེད། གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གིས་གློད་སྡོམ་ཞབས་གསུམ་གྱི་སྒྱུར་བཅོས་བྱེད་ཐབས་ལག་བསྟར་གཏིང་ཟབ་བྱས་ནས་ད་ལོའི་ཟླ་7པའི་བར་རྨང་གཞིའི་འཁོར་རིགས་དང་ཁ་ལོ་བ་དོ་དམ་གྱི་ལས་སྒོའི་ལག་ཁྱེར་གཅིག་འཐུས་རྣམ་པའི་12123གྱི་Appདྲ་ཐོག་ལས་སྒོ་ཁྱོན་ཡོངས་ནས་གཉེར་བ་དང་།འཁོར་རིགས་དང་ཁ་ལོ་བ་དོ་དམ་གྱི་གཞི་གཅིག་ཅན་གྱི་རང་འགུལ་ཞབས་ཞུའི་མཐའ་སྣེ་ནང་འདྲེན་བྱས་པ། རླངས་འཁོར་དོ་དམ་སུའོ་ཡི་རང་འགུལ་ལས་སྒོ་སྒྲུབ་གཉེར་ཁུལ་བཙུགས་པ་དང་འབྲེལ། ལྷ་སའི་རིམ་གསུམ་སྲིད་དོན་ཞབས་ཞུའི་ཚོམས་ཆེན་དང་ཀླུ་སྒུག་སྡེ་ཁུལ་དུ་སྤྱོད་འགོ་ཚུགས་ཡོད།

ལྷ་སའི་རླངས་འཁོར་དོ་དམ་སུའོ་ཡི་ཉེན་དོན་ལག་རྩལ་གྱི་རིམ་པ་གཉིས་པའི་འགན་འཁུར་བ་གཙོ་་བོ་ཞུས་ཡུས་ཡིང་གིས།2024ལོའི་ཟླ་3པར་རང་འགུལ་ལས་སྒོ་སྒྲུབ་གཉེར་ཁུལ་བེད་སྤྱོད་བྱས་ཚུན་ཁ་ལོ་བའི་ལག་ཁྱེར་བརྗེ་བ་དང་། བོར་བརླག་སོང་བའི་ལག་ཁྱེར་གསབ་པ། འགྲོ་སྐྱོད་ལག་ཁྱེར་གསབ་བརྗེས། འཕྲུལ་སྒུལ་འཁོར་རིགས་ཀྱི་བདག་པོ་དང་འབྲེལ་གཏུགས་ཁ་པར་སྒྱུར་བ། འཕྲུལ་སྒུལ་འཁོར་རིགས་ཀྱི་འཁོར་བྱང་གསབ་ལེན་བྱེད་པ། རླངས་འཁོར་ལ་ཞིབ་བཤེར་ཚད་ལོན་མཚོན་རྟགས་སྤྲོད་པ། གནས་སྐབས་འཕྲུལ་སྒུལ་འཁོར་རིགས་ཀྱི་འཁོར་བྱང་རེ་ཞུ་བྱེད་པ། འཕྲུལ་སྒུལ་འཁོར་རིགས་ཀྱི་རང་བརྟེན་ཨང་རྟགས་འདེམས་པ་སོགས་ཀྱི་ལས་སྒོ་སྣ་ཚོགས་གཉེར་ཆོག་ཅེས་བཤད།

མིག་སྔར་རང་གྲོང་གི་རྫོང་རིམ་པའི་རླངས་འཁོར་དོ་དམ་སུའོ་7ཚང་མས་རླངས་འཁོར་ཆུང་གྲས་ཐོ་འགོད་དང་། འཕྲུལ་སྒུལ་འཁོར་རིགས་དང་ཁ་ལོ་བའི་ལག་ཁྱེར་བརྗེ་བ་སོགས་ཀྱི་ལས་སྒོ་གཉེར་ཐུབ་ཀྱི་ཡོད། སྟོད་ལུང་བདེ་ཆེན་ཆུས་དང་། ཆུ་ཤུར་རྫོང་། མལ་གྲོ་གུང་དཀར་རྫོང་། འདམ་གཞུང་རྫོང་བཅས་སུ་འཕྲུལ་སྒུལ་འཁོར་རིགས་ཀྱི་ཞིབ་དཔྱད་ས་ཚིགས་བཙུགས་ཟིན་པ་དང་།སྟོད་ལུང་བདེ་ཆེན་ཆུས་དང་། མལ་གྲོ་གུང་དཀར་རྫོང་། སྙེ་མོ་རྫོང་བཅས་སུ་རླངས་འཁོར་ཆུང་གྲས་ཀྱི་རིག་ཚན་ཆ་ཚང་གི་ཡིག་རྒྱུགས་གཏོང་ཐུབ་ཀྱི་ཡོད། ཁ་ལོ་བའི་ལག་ཁྱེར་C1གི་ཡིག་རྒྱུགས་འཁོར་ཡུན་དེ་སྔའི་ཉིན་90ནས་30བར་ཐུང་དུ་ཕྱིན་པ་དང་། འཕྲུལ་སྒུལ་འཁོར་རིགས་ཀྱི་ཐོ་འགོད་ཆུ་ཚོད་3ནས་སྐར་མ་35བར་ཐུང་དུ་ཕྱིན་པ། ལག་ཁྱེར་ཁ་གསབ་དང་བརྗེ་པོ་རྒྱག་པའི་དུས་ཚོད་སྐར་མ་15བར་ཐུང་དུ་ཕྱིན་པ། འཕྲུལ་སྒུལ་འཁོར་རིགས་ཀྱི་དྲ་ཐོག་ཞིབ་བཤེར་བྱེད་པའི་དུས་ཚོད་དེ་སྔའི་ཆུ་ཚོད་5ནས་སྐར་མ་40བར་ཐུང་དུ་ཕྱིན་པ་བཅས་རེད།

ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ་དང་ལས་སྒོའི་ཆུ་ཚད་དང་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་ཆེད། 2023ལོའི་ལོ་འགོར་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གིས་ད་དུང་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་ཕྱོགས་བསྡུས་ལྟ་སྐུལ་དོ་དམ་ལྟེ་གནས་ཀྱི་གྲ་སྒྲིག་ལས་དོན་སྤེལ་བཞིན་ཡོད། མིག་སྔར།ལྟེ་གནས་དེ་སྤྱོད་འགོ་ཚུགས་ནས་གྲོང་ཁྱེར་ཡོངས་ཀྱི་ཁ་ལོ་བའི་སློབ་གྲྭ་24དང་། རྒྱུགས་ར་7 འཕྲུལ་སྒུལ་འཁོར་རིགས་ཐོ་འགོད་ཞབས་ཞུའི་ས་ཚིགས་19 ཞིབ་དཔྱད་ས་ཚིགས་12 བེད་མེད་ཚུར་བསྡུའི་ཀུང་སི་4བཅས་དང་།དེ་བཞིན་རྫོང(ཆུས)ཁག་གི་རླངས་འཁོར་དོ་དམ་སུའོ་རུ་ཡང་ལས་སྒོའི་ཞིབ་དཔྱད་དང་ལྟ་སྐུལ་དོ་དམ་ལས་དོན་སྤེལ་ནས་གྲོང་ཁྱེར་དེའི་ཁ་ལོ་བ་དང་འཕྲུལ་སྒུལ་འཁོར་རིགས་ཀྱི་ཆོག་འཐུས་ལས་དོན་ཚད་ལྡན་དང་གོ་རིམ་ལྡན་པའི་ངང་སྤེལ་རྒྱུར་རྨང་གཞི་བརྟན་པོ་བཏིང་ཡོད།

གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གི་ཉེན་རྟོག་ལས་དོན་ལག་རྩལ་གྱི་རིམ་པ་གཉིས་པའི་གཙོ་གཉེར་བ་ལི་ཧྥེ་ཡིས།ང་ཚོས་ཉིན་ལྟར་གྲངས་གཞི་ཁག་ལ་དབྱེ་ཞིབ་དང་བརྡར་ཤ་གཅོད་པ་དང་། རྒྱུན་གཏན་མིན་པའི་ལས་སྒོ་དང་སྔོན་ཚུད་ཉེན་བརྡའི་ཆ་འཕྲིན་ལ་དོ་ཁུར་བྱེད་པ། མི་མངོན་པའི་རྐྱེན་ངན་དུས་ཐོག་ཏུ་དབྱེ་ཞིབ་བྱེད་པ། ཉེན་ཁ་སྔོན་འགོག་དང་མེད་པར་བཟོ་བ་བཅས་བྱེད་ཀྱི་ཡོད། མིག་སྔའི་བར་འཕྲུལ་སྒུལ་འཁོར་རིཊ་ཞབས་ཞུའི་ས་ཚིཊ་ཀྱི་ལྟ་སྐུལ་དོ་དམ་ལས་སྒོ་ཁྱོན་ཁྲི་17ཙམ་ལེགས་སྒྲུབ་བྱས་པ་དང་། ཞིབ་བཤེར་ས་ཚིཊ་ཀྱི་ལྟ་སྐུལ་དོ་དམ་ལས་སྒོ་ཁྲི་21ཙམ་ལེཊ་སྒྲུབ་བྱས་པ། ལས་དོན་ཁག་གི་འཐེན་བཤེར་འཚམས་འདྲི་ཁྲི་10ཙམ་ལེཊ་སྒྲུབ་བྱས་ཡོད་ཅེས་བཤད།

(ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

པར་འདི་ནི་གྲོང་མིས་རང་འདེམས་ཞབས་ཞུའི་ཁུལ་དུ་ལས་སྒོ་གཉེར་བཞིན་པའི་གནས་ཚུལ་ཡིན།

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-11 6 6 拉萨日报藏文 c190773.html 1 གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གིས་གློད་སྡོམ་ཞབས་གསུམ་གྱི་ལས་དོན་ཏན་ཏིག་སྤེལ་བ། /enpproperty-->