分享按钮

ལྷོ་བྱང་རི་བོའི་སྔོ་འགྱུར་གྲྭས་ལྷ་སའི་རྣམ་པ་མཛེས་སུ་བཏང་བ།

ལྷ་སའི་ལྷོ་བྱང་རི་བོའི་སྔོ་འགྱུར་ལས་གྲྭ་ནི་རང་ལྗོངས་ཀྱི་གཞི་ཁྱོན་ཅན་གྱི་རི་བོ་སྔོ་འགྱུར་གྱི་སྐྱེ་ཁམས་ཉམས་གསོའི་ལས་གྲྭ་གལ་ཆེན་ཐོག་མ་དེ་ཡིན་ལ། མི་རིགས་ཁག་གི་མང་ཚོགས་ཀྱི་སྐྱེ་ཁམས་ཀྱི་བདེ་སྐྱིད་ལེགས་སུ་གཏོང་བའི་དམངས་འཚོའི་ལས་གྲྭ་གལ་ཆེན་ཞིག་ཀྱང་ཡིན་པས། ཆུ་ཁུངས་གསོ་སྐྱོང་དང་། ས་ཆུ་སྲུང་འཛིན། སྲ་ཐཱན་གསོ་རླུང་གཏོང་བ། མཁའ་རླུང་གཙང་བཟོ་སོགས་ཀྱི་ཐད་སྐྱེ་ཁམས་ཀྱི་ཕན་འབྲས་ཧ་ཅང་ཆེན་པོ་ཐོན་ཡོད། ལྷོ་བྱང་རི་བོའི་སྔོ་འགྱུར་ལས་གྲྭ་ལག་བསྟར་བྱས་པ་ནས་བཟུང་། རང་གྲོང་གིས་ས་ཆ་མུའུ་ཁྲི་51.7ལ་ནགས་བཟོ་བྱས་པ་དང་། ལྷ་ས་བའི་ཕྱོགས་གང་སར་ལྗོན་ཤིང་བཙུགས་ནས་རི་ཀླུང་སྔོ་ལྗང་ཅན་དུ་འགྱུར་བའི་བསམ་འདུན་རིམ་བཞིན་མངོན་དུ་འགྱུར་བཞིན་ཡོད་པ་དང་། སྐྱེ་ཁམས་ལེགས་སུ་ཕྱིན་པ་ལས་བྱུང་བའི་མི་འཚོ་སྡོད་ལ་འཚམ་པའི་འཚོ་བས་ལྷ་སའི་མི་རིགས་ཁག་གི་མང་ཚོགས་ཀྱི་སྐྱིད་སྣང་སྔར་བས་ཆེ་རུ་ཕྱིན་ཡོད།

གསར་འགོད་པས་2024ལོར་སྟག་རྩེ་ཆུས་ཀྱི་སྔོན་བསྐྲུན་རྗེས་གསབ་རྣམ་གྲངས་ཀྱི་དུས་ཐེངས་དང་པོའི་དར་རྒྱས་ཨང་དང་པོའི་རྣམ་གྲངས་ས་ཚིགས་ནས་མཐོང་བ་ལྟར་ན། སྟོན་མཇུག་ཏུ་སླེབས་པས་གྲང་ངར་རིམ་བཞིན་ཆེ་རུ་འགྲོ་བཞིན་ཡོད་མོད། འདེབས་བཙུགས་བྱས་ཟིན་པའི་ཤིང་སོན་སྣ་ཚོགས་སྔར་བཞིན་སྔོ་ཐིང་ཐིང་དང་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་ཡོད། 2024ལོར།སྟག་རྩེའི་སྐྱེད་ཚལ་སྔོ་འགྱུར་ཚད་ཡོད་ཀུང་སིས་ཡུལ་དེའི་ས་སྟོང་མུའུ་3900ལྷག་ཙམ་གྱི་སྔོ་འགྱུར་ལས་དོན་འགན་གཙང་བླངས་པ་རེད། མིག་སྔའི་བར། རིགས་ཁག་གི་ཤིང་སོན་རྐང་ཁྲི་49ལྷག་ཙམ་བཙུགས་ཟིན་པ་དང་། དེའི་ནང་ཐང་ཤིང་དང་། འབྲས་ཤིང་། གླ་ཚེར་སོགས་སྣ་ཁ་10ལྷག་ཙམ་བཙུགས་ཡོད་པ་དང་། དེའི་ནང་གི་ཤིང་སོན་མི་ཉུང་བ་ཞིག་ནི་ལྷ་ས་རང་ས་ནས་འདེབས་གསོ་བྱས་པའི་ཤིང་སོན་རེད།

སྟག་རྩེའི་སྐྱེད་ཚལ་སྔོ་འགྱུར་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ལི་ཆི་ཅུན་གྱིས། 2024ལོར་སྟག་རྩེ་ཆུས་ཀྱི་སྔོན་བསྐྲུན་རྗེས་གསབ་རྣམ་གྲངས་ཀྱི་དུས་ཐེངས་དང་པོའི་དར་རྒྱས་ཨང་དང་པོའི་རྣམ་གྲངས་ས་ཚིགས་སུ། ད་ལོའི་ཟླ་4པའི་ཟླ་སྟོད་དུ་ཤིང་སོན་འདེབས་འགོ་བཙུགས་ནས་ཟླ་6པའི་ཟླ་སྟོད་དུ་ས་ཁོངས་ཧྲིལ་པོའི་འདེབས་འཛུགས་ལེགས་གྲུབ་ཟིན་པ་དང་། ད་ཆ་ས་ཁོངས་དེར་ཤིང་སོན་སྐྱེ་ཚད་བརྒྱ་ཆ་90ཡན་ཟིན་ཡོད། རྗེས་མར། ང་ཚོས་དོ་དམ་དང་སྲུང་སྐྱོང་གི་དཔུང་ཁག་ཆེད་དུ་བཀོད་སྒྲིག་བྱས་ཏེ། ཕྱུགས་རིགས་དང་། མེ་ཟོན། ནད་འབུའི་གནོད་འཚེ། དགུན་དུས་ཀྱི་འཁྱག་འགོག་བཅས་ཀྱི་ཐད་ཚན་རིག་དང་མཐུན་པའི་སྒོ་ནས་འགོག་སྲུང་བྱེད་པའི་ལས་དོན་རབ་དང་རིམ་པ་སྤེལ་ནས། ཐོབ་པར་དཀའ་བའི་ནགས་བཟོའི་གྲུབ་འབྲས་ལ་སྲུང་སྐྱོང་བྱ་རྒྱུ་ཡིན་ཞེས་བཤད།

གསར་འགོད་པས་ཡུལ་དངོས་སུ་མཐོང་བ་ལྟར་ན། ལས་མི་ཚོས་ཤིང་སོན་རྐང་ཁ་ཤས་དྲེལ་གྱི་སླེ་པོའི་ནང་བླུགས་པ་དང་ཆབས་ཅིག་གཟབ་གཟབ་ངང་ཐག་པས་བསྡམས་རྗེས། ཤིང་སོན་དབོར་མཁན་གྱི་དྲེལ་པའི་རྗེས་སུ་འབྲངས་ནས་རི་ངོས་སུ་སྐྱོད་བཞིན་ཡོད་ཅིང་།དེ་ནི་གཞན་དང་མི་འདྲ་བའི་ཡུལ་ལྗོངས་ཤིག་ཏུ་ཆགས་ཡོད། ལྷོ་བྱང་རི་བོའི་སྔོ་འགྱུར་ལས་གྲྭའི་ཁྲོད་མེད་དུ་མི་རུང་བའི་སྟོབས་ཤུགས་ཤིག་ཡིན་པའི་ངོས་ནས་དྲེལ་པ་རུ་ཁག་གིས་སྐྱེལ་འདྲེན་གྱི་ནུས་པ་དང་ལས་ཕྱོད་ཆེ་རུ་གཏོང་བ་དང་མིའི་ཁུར་པོ་ཡང་དུ་གཏོང་བ་སོགས་ཀྱི་ཐད་ནུས་པ་གལ་ཆེན་འདོན་བཞིན་ཡོད་པ་དང་།

(པར་ངོས་གསུམ་པར་གཟིགས)

པར་འདི་ནི་ལས་མི་ཚོས་ཤིང་སོན་ལ་ཆུ་རྒྱག་བཞིན་པའི་རྣམ་པ་ཡིན།

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-11 6 6 拉萨日报藏文 c190764.html 1 ལྷོ་བྱང་རི་བོའི་སྔོ་འགྱུར་གྲྭས་ལྷ་སའི་རྣམ་པ་མཛེས་སུ་བཏང་བ། /enpproperty-->