ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་9ཉིན་གློག་འཕྲིན་འབྱོར་གསལ།ཟླ་11ཚེས་9ཉིན་གྱི་ཕྱི་དྲོ།རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་ཧིན་རྡུ་ཉི་ཞི་ཡའི་སྲིད་འཛིན་ཕུའུ་ལ་པོ་ཨོ་དང་མཇལ་མོལ་གནང་བ་རེད།
ཞི་ཅིན་ཕིང་གིས་སྐུ་ཉིད་འདི་ལོའི་ཟླ་བ་གསུམ་པར་སྲིད་འཛིན་ལ་བདམས་ཐོན་བྱུང་རྗེས་ཐོག་མར་ཀྲུང་གོར་འཚམས་འདྲིར་ཕེབས་པ་དང་དངོས་སུ་ལས་འགན་བཞེས་རྗེས་ཐོག་མར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བ་དེའི་ཐོག་ནས་སྐུ་ཉིད་ནས་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་གནང་ལུགས་མཚོན་ཡོད་ལ་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ཆུ་ཚད་མཐོན་པོ་དང་འཐབ་ཇུས་རང་བཞིན་ཡང་མཚོན་ཡོད།འཐབ་ཇུས་རང་བདག་དང་། ཕན་ཚུན་ཡིད་ཆེས་དང་རོགས་རེས། མཉམ་ལས་གཉིས་ཁེ། གཞུང་དྲང་དྲང་བདེན་བཅས་མཐའ་འཁྱོངས་བྱ་རྒྱུ་ནི་འདས་ཟིན་པའི་ལོ་བཅུ་ཕྲག་ཁ་ཤས་རིང་གི་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་འབྲེལ་བའི་འཕེལ་རྒྱས་ཀྱི་ཉམས་མྱོང་ལ་ཕྱོགས་སྡོམ་བྱས་པ་ཞིག་ཡིན་ལ་འབྱུང་འགྱུར་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཡུན་རིང་བརྟན་ལྷིང་དང་འཕེལ་རྒྱས་གཏོང་བར་བརྩི་སྲུང་ཞུ་དགོས་པའི་རྩ་དོན་གལ་ཆེན་ཞིག་ཀྱང་རེད། ཀྲུང་གོ་ཕྱོགས་ཀྱིས་ཧིན་རྡུ་ཉི་ཞི་ཡའི་སྲིད་གཞུང་གསར་པ་དང་མཉམ་དུ་སྔ་འཛིན་ཕྱི་གཏོད་ཀྱིས་ས་ཁུལ་དང་གོ་ལ་ཧྲིལ་པོར་ཤུགས་རྐྱེན་ལྡན་པའི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོའི་མཉམ་འབྲེལ་རང་འབད་དང་། མཐུན་སྒྲིལ་རོགས་ལས། གཉིས་ཁེ་གཉིས་ཕན་བཅས་ཀྱི་ལེའུ་གསར་པ་མུ་མཐུད་རྩོམ་འདོད་ཡོད་ཅེས་གསུངས་པ་རེད།
ཞི་ཅིན་ཕིང་གིས་ཕྱོགས་གཉིས་པོས་ཆུ་ཚད་དེ་བས་མཐོ་བའི་འཐབ་ཇུས་ཀྱི་ཡིད་ཆེས་བརྟན་དུ་གཏོང་བ་དང་།མཐོ་རིམ་དབར་འགྲོ་འོང་དང་། སྲིད་གཞུང་དང་།ཁྲིམས་འཛུགས་སྒྲིག་གཞི།ས་གནས་མཉམ་ལས་བཅས་ཟབ་ཏུ་གཏོང་བ།རྒྱལ་སྲིད་སྐྱོང་ལུགས་ཀྱི་ཉམས་མྱོང་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ།ཕན་ཚུན་དབར་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་དེང་རབས་ཅན་གྱི་འགྲོ་ལམ་འཚོལ་ཞིབ་བྱ་རྒྱུར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་པ།ཕན་ཚུན་དབར་སྲུང་སྐྱོང་བྱེད་པའི་ལྟེ་བའི་ཁེ་ཕན་དང་དོ་ཁུར་གལ་ཆེན་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་དགོས། འཐབ་ཇུས་མཉམ་ལས་ཀྱི་བཀོད་པ་སྔར་བས་འཐུས་ཚང་དུ་བཏང་ནས་ཆབ་སྲིད་དང་།དཔལ་འབྱོར།སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས།མཚོ་ཐོག བདེ་འཇགས་བཅས་ཀྱི་ཀ་རྟེན་ཆེན་པོ་ལྔའི་མཉམ་ལས་གཏོད་དགོས་པ།སྤུས་ཚད་མཐོ་བའི་རྒྱུད་གཅིག་ལམ་གཅིག་མཉམ་བསྐྲུན་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཅ་དབན་མྱུར་བགྲོད་ལྕགས་ལམ་རྒྱུན་མཐུད་གཉེར་སྐྱོང་ཡག་པོ་བྱེད་པ།
(པར་ངོས་གཉིས་པར་གཟིགས)
ཟླ་11ཚེས་9ཉིན་གྱི་ཕྱི་དྲོ།རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་ཧིན་རྡུ་ཉི་ཞི་ཡའི་སྲིད་འཛིན་ཕུའུ་ལ་པོ་ཨོ་དང་མཇལ་མོལ་གནང་ཞིང་།པར་འདི་ནི་ཞི་ཅིན་ཕིང་གིས་ཕུའུ་ལ་པོ་ཨོ་དང་ཕྱག་བཏང་གནང་བཞིན་པའི་རྣམ་པ་ཡིན།
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社