ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་11ཚེས་9ཉིན་ནི་རྒྱལ་ཡོངས་ཀྱི་མེ་ཟོན་ཉིན་མོ་ཐེངས་33པ་ཡིན་ཞིང་།ཉིན་དེའི་སྔ་དྲོར་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡི་མངཊ་བཅོལ་ལྟར་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་གྲོང་སྤྱི་ཝང་ཆང་ལྷ་ས་གྲོང་ཁྱེར་མེ་ཟོན་རོཊ་སྐྱོབ་ཉིང་ལག་རུ་ཁག་ཏུ་ཕེབས་ནས་གྲོང་ཁྱེར་ཡོངས་ཀྱི་མེ་ཟོན་རོགས་སྐྱོབ་དཔུང་ཁག་ལ་བྱམས་བརྩེའི་ངང་གཟིཊ་པ་དང་འབྲེལ་འཚམས་འདྲི་ཡང་གནང་བར་མ་ཟད།མེ་ཟོན་བཀོད་འཐབ་པས་ལྷ་སའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཆེད་དུ་དཀའ་སྤྱད་འབད་བརྩོན་བྱས་པར་ཐུགས་རྗེ་ཆེ་ཡང་ཞུས་གནང་ཡོད།
ཝང་ཆང་ལྷ་ས་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གི་ཉེན་རྟོག་སྣེ་ལེན་ལྟེ་གནས་དང་བཀོད་འདོམས་ཚོམས་ཆེན་དུ་ཕེབས་ནས་མེ་ཟོན་དཔོན་དམག་གི་རྒྱུན་གཏན་གྱི་ལས་དོན་དང་དམག་གྲབས་ལས་སྒྲུབ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བ་དང་འབྲེལ་ཚང་མར་མཇལ་དར་བསྒྲོན་ནས་འཚམས་འདྲིའི་དངུལ་ཡང་གནང་བ་རེད།
བརྙན་ལམ་སྦྲེལ་མཐུད་བརྒྱུད་ནས། ཝང་ཆང་གིས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ཚབ་ཞུས་ནས་གྲོང་ཁྱེར་ཡོངས་ཀྱི་རྫོང་དང་ཆུས་ཁག་དང་། ས་ཚིགས་ཁག་གི་མེ་ཟོན་དཔོན་དམག་ཡོངས་དང་དེ་བཞིན་ནང་མི་ཡོངས་ལ་བླ་ན་མེད་པའི་གུས་འདུད་དང་ལྷག་བསམ་ཟོལ་མེད་ཀྱི་ཐུགས་རྗེ་ཆེ་ཞུས་གནང་ཡོད། ཁོང་གིས་མེ་ཟོན་རོགས་སྐྱོབ་རུ་ཁག་གིས་དུས་ཡུན་རིང་བོའི་ནང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ཐད་འབད་བརྩོན་བྱས་པར་གདེང་འཇོག་གང་ལེགས་གནང་ཞིང་། ཁོང་གིས་གསུངས་དོན། མེ་ཟོན་བདེ་འཇགས་ནི་ཁྱིམ་ཚང་ཁྲི་སྟོང་མང་པོའི་བདེ་འཇགས་དང་གྲོང་ཁྱེར་གྱི་ཁྱོན་ཡོངས་ཀྱི་བདེ་འཇཊ་དང་འབྲེལ་བ་ཡོད། དུས་དང་རྣམ་པ་ཀུན་ཏུ་གྲོང་ཁྱེར་ཡོངས་ཀྱི་རྒྱ་ཆེའི་མེ་ཟོན་དཔོན་དམག་གིས་རང་གྲོང་གི་དཔལ་འབྱོར་དང་།
(པར་ངོས་བཞི་པར་གཟིགས)
ཟླ་11ཚེས་9ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་གྲོང་སྤྱི་ཝང་ཆང་ལྷ་ས་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་ཏུ་ཕེབས་ཏེ་གྲོང་ཁྱེར་ཡོངས་ཀྱི་མེ་ཟོན་རོགས་སྐྱོབ་དཔུང་ཁག་ལ་གཟིགས་སྐོར་འཚམས་འདྲི་གནང་བ།
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社