分享按钮

རང་ལྗོངས་ཀྱིས་ནུས་རྒྱུ་གཙང་མའི་གཅིག་སྡུད་དྲོད་རླངས་མཁོ་འདོན་བྱས་ནས་མང་ཚོགས་ཁྲི་20ཙམ་ལ་ཕན་པ་ཐོབ་རྒྱུ་ཡིན་པ།

ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་11ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ད་ལོར་རང་ལྗོངས་ཀྱིས་ནུས་རྒྱུ་གཙང་མའི་གཅིག་སྡུད་དྲོད་རླངས་མཁོ་འདོན་གྱི་དམིགས་བསལ་ཆོག་འཐུས་གཉེར་སྐྱོང་ཚོད་ལྟ་ལག་ལེན་དུ་བསྟར་འགོ་ཚུགས་པ་དང་། མ་དངུལ་སྒོར་དུང་ཕྱུར་37.75གཏོང་རྩིས་ཡོད། དྲོད་རླངས་མཁོ་འདོན་གསར་སྐྲུན་དང་སྒྱུར་བཀོད་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྨི་ངོས་གྲུ་ཁྲི་622.41ཡོད་ཅིང་། བསྐྲུན་རྗེས་ལས་བྱེད་པ་དང་མང་ཚོགས་ཁྲི་20ཙམ་ལ་ཕན་པ་ཐོབ་རྒྱུ་རེད། དེ་དང་ཆབས་ཅིག་ད་དུང་མཐོ་ཚད་སྨི་5000ཡན་གྱི་ས་བབ་མཐོ་བའི་ས་ཁུལ་དུ་དྲོད་རླངས་མཁོ་འདོན་གྱི་ཚོད་ལྟ་ཡང་བྱས་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོར་རང་ལྗོངས་ཀྱིས་དམིགས་བསལ་ཆོག་འཐུས་གཉེར་སྐྱོང་རྣམ་པའི་ཐོག་ནས་སྤྱི་ཚོགས་ཀྱི་མ་དངུལ་གྲོང་ཁུལ་གྱི་ནུས་རྒྱུ་གཙང་མའི་གཅིག་སྡུད་དྲོད་རླངས་མཁོ་འདོན་གྱི་འཛུགས་སྐྲུན་ནང་སྤྱད་པ་དང་། མངའ་རིས་ས་ཁུལ་མཚོ་ཆེན་རྫོང་དང་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་སོགས་ཚོད་ལྟའི་རྫོང(ཆུས)7བདམས་ནས་དྲོད་ལེན་དང་འཚོ་བའི་ཆུ་ཚ་པོ་ཟུང་འབྲེལ་གྱི་གཉིས་སྦྲེལ་མཁོ་འདོན་བྱེད་སྟངས་འཚོལ་ཞིབ་བྱས་ཏེ། གྲོང་མིའི་དྲོད་ལེན་དང་འཚོ་བའི་ཆུ་ཚ་པོའི་གནད་དོན་དུས་གཅིག་ཏུ་ཐག་གཅོད་བྱས་ཡོད། ད་ལྟའི་ཆར། མཚོ་ཆེན་རྫོང་གི་ཚོད་ལྟའི་རྣམ་གྲངས་སྤྱོད་འགོ་ཚུགས་པ་དང་། དེ་བྱིངས་ཀྱི་ཚོད་ལྟའི་རྫོང(ཆུས)ལ་2025ལོའི་དཔྱིད་གསར་དུས་ཆེན་གྱི་སྔ་རྗེས་སུ་དྲོད་རླངས་མཁོ་འདོན་ཐུབ་རྒྱུ་རེད།

རང་ལྗོངས་ཀྱི་ས་བབ་མཐོ་ཚད་སྨི་5000ཡན་གྱི་ས་ཁུལ་གྱི་གནམ་གཤིས་ཧ་ཅང་གྲང་ངར་ཆེ་བ་དང་། (པར་ངོས་བཞི་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-11 6 6 拉萨日报藏文 c190762.html 1 རང་ལྗོངས་ཀྱིས་ནུས་རྒྱུ་གཙང་མའི་གཅིག་སྡུད་དྲོད་རླངས་མཁོ་འདོན་བྱས་ནས་མང་ཚོགས་ཁྲི་20ཙམ་ལ་ཕན་པ་ཐོབ་རྒྱུ་ཡིན་པ། /enpproperty-->