ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཟླ་11ཚེས་7ཉིན་གསར་འགོད་པས་ལྷ་ས་གྲོང་ཁྱེར་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གིས་འཚོགས་པའི་ཁྲེང་ཀོན་ཆུས་ཀྱི་ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱས་ཚུལ་སྐོར་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་དོན། འདི་ལོ་ནས་བཟུང་ཁྲེང་ཀོན་ཆུས་ཀྱིས་གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བའི་འཐབ་ཇུས་ཀྱི་བླང་བྱར་དམ་པོར་དམིགས་ནས“ལྔ་ལྔའི་ལས་ཀའི་བྱེད་ཐབས”གསར་གཏོད་དང་ལག་བསྟར་བྱས་ཏེ་ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་དང་། དྲ་མིག་གིས་འདེགས་སྐྱོར། ལས་བྱེད་པས་སྐུལ་ཁྲིད། ཚན་རྩལ་ནུས་སྐྱེད། སྣ་མང་མཉམ་བཅོས་བཅས་ཀྱི་ལས་ཀའི་རྣམ་པ་ཞིག་བཏོད་ནས་གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཕྱོགས་ཡོངས་ནས་ཆེ་རུ་ཕྱིན་ཡོད།
གསར་འགྱུར་མགྲིན་ཚབ་པ་དང་ཁྲེང་ཀོན་ཆུས་ཨུད་རྩ་འཛུགས་པུའི་རྒྱུན་ལས་པུའུ་ཀྲང་གཞོན་པ་ཆི་ཤིན་གྱིས་ངོ་སྤྲོད་བྱས་པར་གཞིཊ་ན། འདི་ལོ་ནས་བཟུང་ཁྲེང་ཀོན་ཆུས་ཀྱིས་ཚད་ལྡན་ཏང་འཛུགས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་ཐོག་བརྩེགས་ཁང་ཆེན་གྱི་ཏང་ཚོགས་ཆུང་523དང་ཏང་ཡོན་གྱི་ལྟེ་བའི་དུད་ཚང་ཁྲི་1.8བཙུགས་པ་དང་། ལས་བྲལ་ལས་འཁྱུར་ངལ་གསོ་རྒྱག་མཁན་དང་། ལས་ཐོག་ལས་བྱེད་པ་དང་ལས་བཟོ་བ།(པར་ངོས་བཞི་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社