(པར་ངོས་དང་པོར་མཐུད)རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཀྲུང་དབྱིའི་རིག་གནས་དང་སློབ་ཆེན་མཉམ་ལས་ཀྱི་འབྲེལ་ཡོད་གནས་ཚུལ་སྐོར་གྱི་ཕྱོཊ་གཉིས་པོའི་འཐུས་མིའི་སྙན་སེང་གསན་པ་རེད།
ཞི་ཅིན་ཕིང་གིས་ཀྲུང་གོ་དང་དབྱི་ཐ་ལིའི་དབར་ལོ་ངོ་སྟོང་གི་མཛའ་གྲོགས་འགྲོ་འོང་གི་ལོ་རྒྱུས་ལས་རྒྱལ་ཁབ་གཉིས་པོའི་མི་རབས་ནས་མི་རབས་བར་གྱི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་སྤེལ་རེས་རྒྱུན་བསྐྱངས་ཡོད་པ་དང་། གནའ་བོའི་དར་གོས་ལམ་བུས་ཤར་ནུབ་དབར་སྤེལ་རེས་ཀྱི་སྔོན་དཔེ་བཏོད་པ།མ་ཁོ་པོ་ལུའོ་ཡིས་ནུབ་ཕྱོགས་ཀྱིས་ཀྲུང་གོར་ཤེས་རྟོགས་བྱེད་པའི་སྐར་ཁུང་བཏོད་པ།མི་རབས་ནས་མི་རབས་བར་གྱི་ཕོ་ཉ་ཚོས་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་ཀྱི་ལེའུ་རྒྱུན་མཐུད་ངང་བརྩམས་པ།འཛམ་གླིང་གི་ཤེས་དཔལ་མི་འདྲ་བས་འདྲ་མཉམ་ངང་སྐད་ཆ་ཤོད་རེས་དང་ཐུན་མོང་ཐོག་འཕེལ་རྒྱས་འགྲོ་བའི་དཔེ་མཚོན་བཏོད་ཡོད། ཉེ་བའི་ལོ་ཤས་རིང་། ཀྲུང་གོ་དང་དབྱི་ཐ་ལིའི་རིག་གནས་མཉམ་ལས་ལམ་སྲོལ་གྱིས་རྒྱལ་ཁབ་གཉིས་པོས་ཕན་ཚུན་རིག་གནས་དང་ཡུལ་སྐོར་ལོ་གཉེར་རྒྱུར་སྐུལ་འདེད་བཏང་བ་དང་། མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་འཛམ་གླིང་ཤུལ་བཞག་ཁུལ་སྐྱེད་སྲིང་བྱེད་སྟངས་གསར་གཏོད་བྱས་པ། རྒྱལ་ཁབ་གཉིས་པོའི་མཐོ་སློབ་ཀྱིས་རིག་གཞུང་དང་གཞོན་ནུའི་སྤེལ་རེས་རྒྱ་ཁྱབ་བྱས་པ།གསར་དར་རིག་ཚན་གྱི་མཉམ་འབྲེལ་ཞིབ་འཇུག་རྒྱ་བསྐྱེད་བཏང་བ་བཅས་བྱས་པར་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད་ཅེས་གསུངས་པ་རེད།
ཞི་ཅིན་ཕིང་གིསདེང་སྐབས་ཀྱི་འཛམ་གླིང་གཡོ་འགུལ་དང་འཕོ་འགྱུར་ཡོང་བའི་དུས་རིམ་གསར་པ་ཞིག་ཏུ་སླེབས་ཡོད་པས།ཀྲུང་གོ་དང་དབྱི་ཐ་ལི་གཉིས་ཤེས་དཔལ་ལྡན་པའི་གནའ་བོའི་རྒྱལ་ཁབ་ཆེན་པོ་གཉིས་ཡིན་པའི་ངོས་ནས་འབད་བརྩོན་བྱེད་དགོས་པ་དང་། རིག་གནས་ལ་བརྟེན་ནས་མི་སེམས་འགུགས་པ་དང་ཀུན་སྤྱོད་ལ་བརྟེན་ནས་ལུས་སེམས་གསོ་རྒྱུ་ཐུན་མོང་ཐོག་དར་སྤེལ་གཏོང་དགོས་པ། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་བརྩེ་སེམས་ཟབ་མོར་བརྟེན་ནས་མིའི་རིགས་ཀྱི་ལས་དབང་ལ་ལྟ་རྟོག་བྱེད་དགོས་པ། ཁོངས་ཡངས་མཉམ་གནས་ཀྱི་སྙིང་སྟོབས་ཐོག་ནས་འགལ་ཟླ་སེལ་དགོས་པ།འཆམ་མཐུན་མཉམ་གནས་ཀྱི་འདུན་པ་བཅངས་ནས་འཕེལ་རྒྱས་ཀྱི་མཉམ་ཤུཊ་གཅིག་ཏུ་སྒྲིལ་བ་བཅས་ཀྱི་ཐོག་ནས་ཤེས་དཔལ་གྱི་སྒྲོན་ལྕོག་དེ་མིའི་རིགས་མདུན་སྐྱོད་ཀྱི་ཡང་དག་པའི་ལམ་བུར་འཕྲོ་ཐུབ་པར་བྱེད་དགོས་པ་དང་། ཕྱོཊ་གཉིས་པོས་མཉམ་དུ་འབད་བརྩོན་བྱས་ཏེ། ཤེས་ལྡན་པ་དེ་བས་མང་བས་ཀྲུང་གོ་དང་དབྱི་ཐ་ལིའི་མཛའ་གྲོགས་མཉམ་ལས་ཀྱི་ལག་ལེན་པ་དང་།ཤར་ཕྱོགས་དང་ནུབ་ཕྱོགས་ཀྱི་ཤེས་དཔལ་ཕན་ཚུན་དཔྱད་གཞིར་འཛིན་རེས་བྱེད་པར་སྐུལ་འདེད་གཏོང་མཁན། མིའི་རིཊ་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་པའི་ནང་ཞུགས་མཁན་བཅས་བརྩོན་ལེན་བྱ་རྒྱུར་སྐུལ་འདེད་བཏང་སྟེ། འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད།ཀྲུང་གོ་དང་དབྱི་ཐ་ལིའི་ལེགས་སྐྱེས་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
མ་ཐ་ལེ་ལ་ཡིས་དབྱི་ཀྲུང་རིག་གནས་མཉམ་ལས་ལམ་སྲོལ་དང་སློབ་ཆེན་གྱི་སློབ་སྤྱིའི་སྐད་ཆ་ཤོད་རེས་ཚོགས་འདུས་དབྱི་ཀྲུང་རྒྱལ་ཁབ་གཉིས་ཀྱི་མི་དམངས་དབར་ཕན་ཚུན་ཤེས་རྟོགས་དང་། མཛའ་གྲོགས། མཉམ་ལས་བཅས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་བར་གདེང་འཇོག་གང་ལེགས་གནང་ཞིང་། ཁོང་གིས་དབྱི་ཀྲུང་རྒྱལ་ཁབ་གཉིས་པོ་ནི་ཤེས་དཔལ་ལྡན་པའི་གནའ་བོའི་རྒྱལ་ཁབ་ཡིན་པ་དང་འོད་སྟོང་འཕྲོ་བའི་རིག་གནས་ལྡན་ཡོད། རྒྱལ་ཁབ་གཉིས་པོའི་མི་དམངས་དབར་ཕན་ཚུན་མྱོང་རོལ་དང་ཕན་ཚུན་བརྩི་འཇོག་བྱེད་ཀྱི་ཡོད། མ་ཁོ་པོ་ལུའོ་དང་ཀྲུང་གོའི་དབར་གྱི་སྤེལ་རེས་ཀྱི་གཏམ་སྙན་ནི་ཤར་ཕྱོགས་དང་ནུབ་ཕྱོགས་ཀྱི་ཤེས་དཔལ་ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་པའི་མཚོན་ཚུལ་ཞིག་རེད། ཕྱོགས་གཉིས་པོས་ཉམས་མྱོང་ཕྱོཊ་བསྡོམས་དང་། མཛའ་གྲོགས་རྒྱུན་འཛིན། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོཊ་སྤེལ་རེས་ཀྱི་འབྲེལ་ཟམ་སྔར་བས་མང་བ་འཛུཊ་པ། མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་དང་། ཁ་གཏད་ལ་ངོ་རྒོལ་བཅས་བྱས་ཏེ། དབྱི་ཀྲུང་གི་ཕྱོཊ་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་རྨང་གཞི་བརྟན་པོ་དང་འདེགས་སྐྱོར་མཁོ་འདོན་བྱེད་དགོས་ཞེས་གསུངས་པ་རེད།
མཇལ་འཛོམས་མ་གནང་གོང་།རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཕྱོགས་གཉིས་པོའི་འཐུས་མི་དང་ལྷན་དུ་དྲན་རྟེན་སྐུ་པར་བསྐྱོན་པ་རེད།
ཝང་དབྱིས་གོང་གསལ་གྱི་བྱེད་སྒོའི་ནང་ཞུཊ་པ་རེད།
(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社