分享按钮

ཤའོ་ཡིའུ་ཚའེ་ཡིས་གྲོང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་ནས་འཚོགས་པ།

(པར་ངོས་དང་པོར་མཐུད)གནས་དང་ཁྱོན་གཉིས།གཏོར་བ་དང་འཛུགས་པ།བརྟན་པོ་དང་ཡར་ཐོན།ཐབས་འདོན་དང་སྒྲུབ་པ་བཅས་ཀྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ཏེ།སྒྱུར་བཅོས་ཀྱི་གསོན་ཉམས་ལྡན་པའི་ལག་ལེན་ཁྲོད་གནད་ལ་འཁེལ་པོས་བེད་སྤྱོད་བྱས་ཐོག་སྒྱུར་བཅོས་ཀྱི་ཚན་རིག་རང་བཞིན་དང་གསར་གཏོད་རང་བཞིན་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་པ། སྒྱུར་བཅོས་ཀྱི་ཁོར་ཡུག་བསྐྲུན་རྒྱུར་གོ་བ་ནན་ཏན་ལེན་དགོས་ཤིང་།ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་ངང་གཅིག་སྡུད་བྱེད་པ་དང་།དགེ་མཚན་ལྡན་པའི་རྒྱུ་རྐྱེན་མཐའ་དག་སྐོང་འཐེན་གང་ལེགས་བྱས་ཏེ་མི་དེ་བས་མང་བས་སྒྱུར་བཅོས་ལ་རང་རྟོགས་ངང་བརྩི་བཀུར་དང་སྒྱུར་བཅོས་ལ་རྒྱབ་སྐྱོར་ཧུར་ཐག་བྱ་རྒྱུར་སྣེ་ཁྲིད་དང་ཁྲིད་སྟོན་བྱས་ཏེ།སྒྱུར་བཅོས་ཀྱི་ལས་འགན་ཁག་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་ཐོན་རྒྱུར་སྔར་བས་སྐུལ་འདེད་གཏོང་དགོས།

ཚོགས་འདུའི་ཐོག་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོཊ་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱིས་སྐབས་ཉི་ཤུ་པའི་ཀྲུང་དབྱང་གི་རེས་སྐོར་གསུམ་པའི་སྐོར་ཞིབ་ལས་དོན་གྱི་ཕན་འབྲས་ལ་ཁས་ལེན་གང་ལེགས་བྱས་ཡོད་ལ། གནས་ཚུལ་དང་གནད་དོན་གསར་པར་དམིཊ་ནས་བཀོད་སྒྲིག་གསར་པ་ཡང་བྱས་ཡོད། གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་ཚན་ཁག་གིས་སྐོར་ཞིབ་བཅོས་སྒྲིག་དེ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་དང་ཟུང་འབྲེལ་དང་། ཕྱོཊ་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་དང་ཟུང་འབྲེལ།འགོ་ཁྲིད་ཚན་ཁག་དང་ལས་བྱེད་པའི་དཔུང་ཁག་འཛུཊ་སྐྱོང་དང་ཟུང་འབྲེལ་བཅས་བྱས་ཏེ།བཅོས་སྒྲིག་གི་ཕན་འབྲས་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

ཚོཊ་འདུའི་ཐོག་ནན་གསུངས་གནང་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཚོགས་འདུ་ཐེངས་བཅུ་བདུན་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ནང་རིག་གནས་སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ལས་འགན་གྱི་བླང་བྱ་དང་།བྱེད་ཕྱོཊ་ཀྱི་རྩ་དོན།རིཊ་པའི་གཞུང་ལུགས་ཀྱི་ཁྲིད་སྟོན།ལག་ལེན་གྱི་ཐབས་ལམ་བཅས་རྒྱས་བཤད་གཏིང་ཟབ་བྱས་ཡོད།གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མས་རིག་གནས་ལ་བརྟེན་ནས་གྲོང་ཁྱེར་དར་འཕེལ་གཏོང་རྒྱུར་གཡོ་འགུལ་མི་གཏོང་བ་མཐའ་འཁྱོངས་ཀྱིས་རིག་གནས་ལ་བརྟེན་ནས་སེམས་སྐྱེད་ཐུབ་པ་དང་།རིག་གནས་ལ་བརྟེན་ནས་མི་སེམས་འགུཊ་པ།རིག་གནས་ལ་བརྟེན་ནས་བྱ་གཞག་དར་སྤེལ་གཏོང་བ།རིག་གནས་ལ་བརྟེན་ནས་གྲོང་ཁྱེར་གྱི་གཟུགས་བརྙན་གཏོད་པ།རིག་གནས་ལ་བརྟེན་ནས་རྨང་གཞི་བརྟན་པོ་འདིང་བའི་འདུ་འགོད་ཆེན་པོ་ལྔ་ལག་བསྟར་ཤུགས་ཆེན་བྱེད་པ་བཅས་ཀྱི་སྒོ་ནས་རིག་གནས་ལ་བརྟེན་ནས་གྲོང་ཁྱེར་སྟོབས་ཆེན་སྐྲུན་མགྱོགས་སུ་གཏོང་དགོས།

ཚོགས་འདུའི་ཐོག་ནན་གསུངས་གནང་དོན།

གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧུའུ་པེར་རྟོག་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་ནན་ཏན་བྱེད་པ་དང་གོ་བ་གཏིང་ཟབ་བླངས་ཏེ།སྒྲིག་སྲོལ་ལམ་སྲོལ་ལ་དབྱེ་ཞིབ་དང་གནད་ཆེའི་རྒྱུ་རྐྱེན་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་ནས་ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད།གྲོང་ཁྱེར་འཛུགས་སྐྲུན་དང་གྲོང་གསེབ་དར་རྒྱས་མཉམ་འདྲེས་འཕེལ་རྒྱས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་དགོས།

ཚོགས་འདུའི་ཐོག་ནན་གསུངས་གནང་དོན།

དུས་རབས་གསར་པའི་སྤྱི་ཚོགས་ལས་དོན་གྱི་རྩ་བའི་རྩ་དོན་དང་།རིན་ཐང་གི་ལྟ་ཕྱོཊ།འཕེལ་རྒྱས་ཀྱི་ཁ་ཕྱོགས།ལས་འགན་གཙོ་བོ་བཅས་ཁོང་དུ་ཡང་དག་ཆུད་པར་བྱས་ནས་ལས་ཀའི་གཙོ་གནད་མངོན་གསལ་དོད་དུ་གཏོང་བ་དང་།རང་ངོས་འཛུགས་སྐྱོང་ལ་ཤུཊ་སྣོན་རྒྱག་པ།འཇོན་ཐང་ཆེ་རུ་དང་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ་ལྷ་སའི་སྤྱི་ཚོཊ་ལས་དོན་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་བ་དང་ལྗོངས་ཡོངས་ཀྱི་མདུན་གྲལ་དུ་སླེབས་རྒྱུར་སྐུལ་འདེད་གཏོང་དགོས།

ཚོགས་འདུའི་ཐོག་བསྟན་དོན། དབུལ་སྒྲོལ་འགག་སྒྲོལ་ཐད་སྲ་བརྟན་དུ་གཏོང་དགོས་པ་དང་གྲོང་གསེབ་དར་རྒྱས་གཏོང་བཞིན་ཡོད་པས། འགུལ་རྣམ་ལྟ་ཞིབ་ཚད་ལེན་ལ་ཤུཊ་སྣོན་རྒྱག་པ་དང་། རོཊ་སྐྱོར་བྱ་ཐབས་ལེགས་སུ་བཏང་ནས་གཞི་ཁྱོན་རང་བཞིན་གྱི་དབུལ་པོ་བསྐྱར་ལོག་མི་ཡོང་བའི་མ་མཐའི་མཚམས་ཐིག་བརྟན་པོར་སྲུང་དགོས། ཞན་ཆ་གསབ་པ་དང་ཉམས་ཞན་ལྷུ་ཚིགས་སྟོབས་ཆེར་བཏང་ནས་ཞིང་ལས་ཁྱོན་ཡོངས་ནས་རིམ་སྤོར་དང་། གྲོང་གསེབ་ཁྱོན་ཡོངས་ནས་ཡར་ཐོན། ཞིང་པ་ཁྱོན་ཡོངས་ནས་འཕེལ་རྒྱས་བཅས་ལ་སྐུལ་འདེད་གཏོང་དགོས།

ཚོགས་འདུའི་ཐོག་ནན་གསུངས་གནང་དོན།

ཡུན་རིང་མ་ཐོན་ན། གནད་དོན་ནམ་ཡང་མི་ཐོན་པའི་བསམ་བློ་གཏན་འགོག་མཐའ་གཅིག་ཏུ་བྱེད་པ་དང་། ཉིན་སྟོང་ལ་གནད་དོན་རྩ་བ་ནས་མ་ཐོན་ཀྱང་ཉིན་གཅིག་ལའང་དོཊ་ཟོན་བྱེད་པའི་འདུ་ཤེས་བརྟན་པོར་བཙུཊ་ཏེ་དུས་དང་རྣམ་པ་ཀུན་ཏུ་སེམས་ཁྲལ་བྱེད་པའི་འགན་འཁྲི་ཁུར་སེམས་དང་བྱ་བ་ཚང་མ་དོན་ཐོག་ཏུ་འཁྱོལ་བའི་ལག་བསྟར་བྱེད་ཤུཊ་ཀྱི་ཐོག་ནས་ཐོལ་བྱུང་དོན་རྐྱེན་ལ་དམ་འཛིན་ཞིབ་ཚཊ་དང་ལས་དོན་ཁག་ལ་ཁ་གཏད་བཅག་སྟེ།མི་རིགས་ཁག་གི་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས།

ཚོཊ་འདུའི་ཐོག་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས་པ་རེད།

(བུ་ཆུང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-10 6 6 拉萨日报藏文 c190756.html 1 ཤའོ་ཡིའུ་ཚའེ་ཡིས་གྲོང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་ནས་འཚོགས་པ། /enpproperty-->