分享按钮

ཞི་ཅིན་ཕིང་གིས་དབྱི་ཐ་ལིའི་སྲིད་འཛིན་མ་ཐ་ལེ་ལ་དང་གྲོས་མོལ་གནང་བ།

(པར་ངོས་དང་པོར་མཐུད)རིག་གནས་ཤུལ་བཞག་ཁུལ་གྱི་མཉམ་ལས་དེ་ཀྲུང་གོ་དང་དབྱི་ཐ་ལིའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་ཀྱི་བཀྲག་མདངས་འཚེར་ས་གསར་པ་ཞིག་ཏུ་འགྱུར་བར་བྱེད་དགོས། ཕྱོགས་གཉིས་པོས་སྐད་བརྡའི་སློབ་ཁྲིད་དང་གཞོན་ནུ་ལོ་ཆུང་གི་སྤེལ་རེས་ལ་རྒྱབ་སྐྱོར་བྱས་ནས་དུས་རབས་གསར་པའི་མ་ཁོ་པོ་ལུའོ་དེ་བས་མང་བ་ཐུན་མོང་ཐོག་སྐྱེད་སྲིང་བྱེད་དགོས། ཕྱོགས་གཉིས་པོས་ཕན་ཚུན་གྲུབ་འབྲས་ཐོབ་པའི་མཉམ་ལས་རོགས་ཟླ་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་དབྱི་ཐ་ལིའི་སྤུས་ལེགས་ཐོན་རྫས་ནང་འདྲེན་བྱེད་རྒྱ་ཆེ་རུ་བཏང་ནས་རྒྱལ་ཁབ་གཉིས་པོའི་ཁེ་ལས་དབར་ཕན་ཚུན་མ་འཇོག་བྱ་རྒྱུར་རྒྱབ་སྐྱོར་བྱས་ཏེ་ཚན་རྩལ་ཁོར་ཡུག་སྲུང་སྐྱོང་དང་། ནུས་རྒྱུ་གཙང་མ། འཇིག་རྟེན་འཕུར་སྐྱོད་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་མུ་མཐུད་སྐུལ་འདེད་གཏོང་འདོད་ཡོད།

ཞི་ཅིན་ཕིང་གིས་བསྟན་དོན། དེང་སྐབས་འཛམ་གླིང་ལ་འགྱུར་ལྡོག་ཤུཊ་ཆེན་འགྲོ་བཞིན་ཡོད། ཞི་བདེ་དང་འཛུགས་སྐྱོང་རང་བཞིན་གྱི་སྟོབས་ཤུགས་ཆེན་པོ་གཉིས་ཡིན་པའི་ཀྲུང་གོ་དང་ཡོ་རོབ་ཀྱིས་འབྲེལ་འདྲེས་ཀྱི་འཐབ་ཇུས་དང་། སྒོ་དབྱེ་མཉམ་ལས། སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པ་བཅས་ཀྱི་ཡང་དག་པའི་ཁ་ཕྱོགས་མཐའ་འཁྱོངས་བྱ་རྒྱུ་དེ་ཕྱོཊ་གཉིས་པོར་ཕན་ཐོཊ་ཡོད་ལ་འཛམ་གླིང་ལའང་ཕན་ཐོཊ་ཡོད། ཀྲུང་གོས་ཡོ་རོབ་འདི་ཉིད་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་མངོན་འགྱུར་བྱེད་མཁན་གྱི་རོཊ་ཟླ་གལ་ཆེན་ཞིག་ཏུ་བརྩིས་པས་ཕྱོགས་གཉིས་པོས་མཉམ་ལས་གཉིས་ཕན་མཐའ་འཁྱོངས་བྱེད་པ་དང་མི་མཐུན་པའི་ཆ་དོ་དམ་དང་ཚོད་འཛིན་འོས་འཚམ་བྱས་ཏེ་ཀྲུང་གོ་དང་ཡོ་རོབ་དབར་གྱི་འབྲེལ་བ་འཐུས་ཚང་དང་བརྟན་པོ་ཡོང་བར་བྱེད་དགོས། ཀྲུང་གོས་ཡོ་རོབ་ཕྱོཊ་དང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་གཅོག་འདོད་ཡོད་ལ་དབྱི་ཐ་ལི་ཕྱོགས་ཀྱིས་དེའི་ཐད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱ་རྒྱུའི་རེ་བ་ཡོད།

མ་ཐ་ལེ་ལ་ཡིས་བསྟན་དོན། ངས་2017ལོར་ཀྲུང་གོར་འཚམས་འདྲི་བྱས་པ་དང་དེ་བཞིན་2019ལོར་ཀྲུའུ་ཞི་ཞི་ཅིན་ཕིང་དབྱི་ཐ་ལིར་འཚམས་འདྲི་གནང་བར་ཕེབས་པར་སྣེ་ལེན་ཞུས་པའི་གནས་ཚུལ་ངའི་སེམས་ལ་སྔར་བཞིན་གསལ་པོར་ངེས་ཡོད། ད་ལོ་ནི་མ་ཁོ་པོ་ལུའོ་གྲོངས་ནས་ལོ་ངོ་700འཁོར་བའི་ལོ་ཞིག་ཡིན་པ་དང་། མ་ཁོ་པོ་ལུའོ་དང་ཀྲུང་གོའི་དབར་གྱི་མཛའ་གྲོགས་འབྲེལ་བ་ནི་དབྱི་ཀྲུང་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་ཀྱི་ལོ་རྒྱུས་ཡུན་རིང་ལྡན་པ་དང་ཤེས་དཔལ་ཆེན་པོ་གཉིས་ལ་འོད་མདངས་འཕྲོ་བའི་བསྡུས་རིས་ཤིག་རེད། དེང་སྐབས་འཛམ་གླིང་ལ་འཕོ་འགྱུར་ཆེན་པོ་འགྲོ་བཞིན་ཡོད་པས་མིའི་རིགས་ཀྱི་སྤྱི་ཚོགས་ཀྱིས་མཐུན་སྒྲིལ་རོགས་རེས་ལ་ཤུགས་སྣོན་བརྒྱབ་ནས་ཞི་མཐུན་མཉམ་གནས་ཡོང་བར་བྱེད་དགོས། དབྱི་ཀྲུང་གིས་རིག་གནས་དང་། སློབ་གསོ། སྐད་ཡིག་སློབ་ཁྲིད། ཤུལ་བཞག་ཁུལ་ཡག་པོ་འཛུགས་པ་སོགས་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཁྱབ་ཁོངས་ཀྱི་སྤེལ་རེས་མཉམ་ལས་སྔར་བས་གཏིང་ཟབ་ཏུ་བཏང་སྟེ་ཤར་ཕྱོགས་དང་ནུབ་ཕྱོགས་ཀྱི་ཤེས་དཔལ་སྤེལ་རེས་དང་དཔྱད་གཞིར་འཛིན་རྒྱུར་སྐུལ་འདེད་གཏོང་བ་དང་མིའི་རིགས་ཀྱི་ཤེས་དཔལ་ཡར་ཐོན་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་འབུལ་དགོས། དབྱི་ཐ་ལི་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་བློ་བརྟན་འགྱུར་མེད་ངང་བརྩི་སྲུང་ཞུས་ནས་ཀྲུང་གོ་འདི་ཉིད་ཐོག་མཐའ་བར་གསུམ་དུ་མཉམ་ལས་རོགས་ཟླ་གལ་ཆེན་ཞིག་ཏུ་བརྩིས་ཏེ་ཀྲུང་གོ་ཕྱོགས་དང་མཉམ་དུ་དབྱི་ཀྲུང་དབར་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་ནས་ལོ་ངོ་20འཁོར་བར་རྟེན་འབྲེལ་ཞུ་བ་དེ་གོ་སྐབས་སུ་བྱས་ནས་དཔལ་འབྱོར་ཚོང་དོན་དང་ཚན་རྩལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་མཐོ་ཚད་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་རྒྱུར་རེ་སྒུག་བྱེད་ཀྱི་ཡོད། དབྱི་ཐ་ལི་ཕྱོགས་ནི་གནད་དོན་གལ་ཆེན་མང་པོའི་ཐད་ཀྲུང་གོ་ཕྱོགས་དང་ལངས་ཕྱོགས་འདྲ་པོ་ཡོད་པས་ཚང་མས་སྲུང་སྐྱོང་རིང་ལུགས་ལ་ངོ་རྒོལ་དང་། ཕན་ཚུན་སྒོ་དབྱེ་དར་སྤེལ་བཏང་སྟེ་དགེ་མཚན་ལྡན་པའི་འབྲེལ་གཏུགས་དང་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་འགྲན་སློང་སྣ་ཚོཊ་ལ་ཐུན་མོང་ཐོག་ཁ་གཏད་གཅོག་རྒྱུའི་འདོད་ཚུལ་འཛིན་གྱི་ཡོད། དབྱི་ཐ་ལིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཕྱོགས་མང་མཉམ་ལས་ཟབ་ཏུ་བཏང་ནས་འཛམ་གླིང་ཞི་བདེ་དང་བརྟན་ལྷིང་ལ་སྐུལ་འདེད་གཏོང་ཆེད་དབྱི་ཀྲུང་ཤེས་དཔལ་ཆེན་པོ་གཉིས་ཀྱི་བློ་གྲོས་ལེགས་སྐྱེས་སུ་འབུལ་འདོད་ཡོད་ཅེས་གསུངས་པ་རེད།

གྲོས་མོལ་གནང་མཇུག་འགྲིལ་རྗེས། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཐུན་མོང་ཐོག་རིག་གནས་དང་། ཚན་རྩལ། སློབ་གསོ། འཛམ་གླིང་ཤུལ་བཞག་ཁུལ་འཛུགས་སྐྲུན་ཡག་པོ་བྱེད་པ་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་པོའི་མཉམ་ལས་ཡིག་ཆ་མང་པོར་མིང་རྟགས་བཀོད་དེ་དཔང་པོ་གནང་བ་རེད།

གྲོས་མོལ་མ་གནང་གོང་།ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མར་ཕེབས་བསུའི་མཛད་སྒོ་འཚོགས་པ་རེད།

གནམ་བདེ་སྒོ་མོའི་ཐང་ཆེན་དུ་རྟེན་འབྲེལ་མེ་སྒྱོགས་21བརྒྱབ་པ་དང་གུས་དམག་རུ་བསྒྲིགས་ནས་གུས་འདུད་ཞུས་པ་རེད། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གཟིགས་ཞིབ་སྟེགས་བུར་ཕེབས་པ་དང་དམག་མིའི་རོལ་ཆ་ཚོགས་པས་ཀྲུང་གོ་དང་དབྱི་ཐ་ལི་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་དཀྲོལ་བ་རེད། མ་ཐ་ལེ་ལ་་ཡིས་ཞི་ཅིན་ཕིང་གི་ཕེབས་རོགས་འོག་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་བ་དང་འབྲེལ་ཁག་བགོས་མཛད་སྒོར་གཟིགས་པ་རེད།

ཉིན་དེའི་དགོང་མོ།ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཟླ་ཕིང་ལི་ཡོན་རྣམ་གཉིས་ཀྱིས་མི་དམངས་ཚོགས་ཁང་ཆེན་མོའི་གསེར་མདོག་ཚོམས་ཆེན་དུ་སྲིད་འཛིན་མ་ཐ་ལེ་ལ་་དང་ཁོང་གི་བུ་མོ་ལའོ་ལར་དགའ་བསུ་ཞུ་བའི་གསོལ་སྟོན་བཤམས་པ་རེད།

ཝང་དབྱི་གོང་གསལ་གྱི་བྱེད་སྒོའི་ནང་ཞུགས་ཡོད་པ་རེད།

(ཕུར་སྒྲོན་དང་ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-10 6 6 拉萨日报藏文 c190758.html 1 ཞི་ཅིན་ཕིང་གིས་དབྱི་ཐ་ལིའི་སྲིད་འཛིན་མ་ཐ་ལེ་ལ་དང་གྲོས་མོལ་གནང་བ། /enpproperty-->