(པར་ངོས་དང་པོར་མཐུད)དེ་དང་ཆབས་ཅིག་གསོ་རླུང་ལས་གཉེར་བྱེད་མཁན་ཚོང་དུད་10ལ་གསོ་རླུང་སྡེབ་སྐྱེལ་དང་གསོ་རླུང་དབུཊ་དམ་བོཊ་མར་གཏོང་བ་སོཊ་ཀྱི་འབྲེལ་ཡོད་འགྲོ་གྲོན་གསལ་སྟོན་བྱེད་དགོས་པའི་ཁ་ཏ་བསླབ་བྱ་བྱས་པར་མ་ཟད། ལས་བཟོ་བར་རིན་གོང་གསལ་པོར་འགོད་དགོས་པ་དང་།
ཞབས་ཞུའི་འདུ་ཤེས་ཟབ་ཏུ་བཏང་ནས་ཁ་དན་ཚིག་གནས་དང་། ཡ་རབས་ངང་ཁྲིམས་སྲུང་གཉེར་སྐྱོང་བྱེད་དགོས་པའི་དྲན་སྐུལ་ཡང་བྱས་པ་རེད།
གསོ་རླུང་ལས་རིགས་ཀྱི་རིན་གོང་གནད་དོན་རྩ་བའི་ཆ་ནས་ཐག་གཅོད་བྱས་ཏེ། རྒྱལ་ཡོངས་ཀྱི་ཡུལ་སྐོར་བར་དེ་བས་ལེཊ་པའི་སྒོ་ནས་ཞབས་འདེཊ་ཞུ་བ་དང་ལྷ་སའི་ཡུལ་སྐོར་གྲོང་ཁྱེར་གྱི་གཟུགས་བརྙན་གཏོད་ཆེད། ཟླ་11ཚེས་1ཉིན། གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་གྲོང་ཁྱེར་ཡོངས་ཀྱི་གསོ་རླུང་ལས་རིཊ་གཉེར་སྐྱོང་འཐུས་མི་སྒྲིག་འཛུཊ་བྱས་ཏེ་གསོ་རླུང་ལས་རིགས་ཀྱི་རིན་གོང་ཚད་ལྡན་བཟོ་དགོས་པའི་ཚོགས་འདུ་འཚོགས་པ་རེད། ལྷ་སའི་དབྱང་སྨི་ཨེར་དང་།ལྷ་སའི་ལི་པོ་སོགས་ལས་རིགས་ཀྱི་འཐུས་མིས་གཅིག་རྗེས་གཉིས་མཐུད་ངང་གཏམ་བཤད་སྤེལ་བ་དང་སྦྲགས། འཕྲལ་དུ་བྱ་སྤྱོད་སྤེལ་ནས་བཅོས་སྒྲིག་བྱེད་པ་དང་། གཉེར་སྐྱོང་བྱ་སྤྱོད་ཚད་ལྡན་དུ་གཏོང་བ། རིན་གོང་ཁ་གསལ་འགོད་པ། ཚོང་ཟོག་གི་རིན་གོང་ངོ་མ་ཡོངས་བསྒྲཊ་བྱེད་པ། ཁྲིམས་འགལ་ཚོང་དུད་ཀྱི་སྐྱེད་ཀ་ཕྱིར་སློག་གི་བླང་བྱ་ཁས་ལེན་མི་བྱེད་པ། ལུཊ་མཐུན་ངང་ཚོང་རྒྱག་པ། ཁེ་བཟང་མི་ལེན་པ་བཅས་བྱ་རྒྱུའི་ཁས་ལེན་བྱས་པ་རེད།
གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་ཕྱིས་འབྱུང་། ཚད་གཞི་མཐོ་བ་དང་གནས་བབ་མཐོ་བའི་འགན་འཁྲིའི་ཐོག་ནས་གནད་དོན་ཆེན་པོ་དུས་ཐོག་ཏུ་ཐག་གཅོད་དང་། ཚོགས་འདུ་ཆུང་ངུས་འཕེལ་རྒྱས་ཆེན་པོ་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་ལས་དོན་གྱི་འདུ་ཤེས་མཐའ་འཁྱོངས་ཀྱིས་མང་ཚོགས་ཀྱི་བྱ་བ་ཆུང་ངུ་དང་། དམངས་འཚོའི་དོན་དངོས་ཐད་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ། གྲོང་ཁྱེར་གྱི་གཟུགས་བརྙན་ལ་གནོད་པའི་ཁྲིམས་འགལ་གྱི་གཉེར་སྐྱོང་བྱེད་སྤྱོད་ལ་ཞིབ་བཤེར་ནན་པོ་དང་ཐག་གཅོད་ནན་པོ་བྱས་ཐོག གསོ་རླུང་ལས་རིགས་ཀྱི་རིན་གོང་བརྟན་པོ་མེད་པའི་སྣང་ཚུལ་མུ་མཐུད་ཚད་ལྡན་དང་བཅོས་སྒྲིག་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།
(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社