分享按钮

(པར་ངོས་དང་པོར་མཐུད)ཞིབ་ཚཊ་ཀྱི་ཐོག་ནས་ཆེད་ལས་དང་གཟབ་ནན་བྱས་པ་མངོན་གྱི་ཡོད་ལ། གོམ་སྟབས་ཚང་མར་འཕྲུལ་ཆས་ཅན་དང་རིག་ནུས་ཅན་གྱི་བཀོལ་སྤྱོད་བྱས་པས་ཐོན་སྐྱེད་ཀྱི་ལས་ཕྱོད་ཆེས་ཆེར་མཐོ་རུ་ཕྱིན་པར་མ་ཟད། དཀར་ཆུའི་ཐོན་རྫས་ཀྱི་སོས་ཚད་དང་འཚོ་བཅུད་ཀྱི་རིན་ཐང་ཡང་འགན་ལེན་ཐུབ་ཀྱི་ཡོད། བྲེལ་འཚུབ་ཆེ་ལ་གོ་རིམ་ལྡན་པའི་ཐོན་སྐྱེད་ཀྱི་རྣམ་པ་འདི་ནི་དཀར་ཆུའི་ཐོན་རྫས་ལས་རིཊ་འདི་ཉིད་རིག་ནུས་བཟོ་སྐྲུན་ཕྱོཊ་སུ་བསྐྱོད་པའི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་རེད།

དེ་རྗེས་གསར་འགོད་པ་ཐུམ་སྒྲིལ་འཁོར་ཁང་དུ་སྐྱོད་སྐབས། ལས་མི་ཚང་མས་གཙང་ཞིང་གྲལ་འགྲིག་པའི་ལས་གོས་དང་། ཞྭ་མོ། ཁ་རས་བཅས་གྱོན་ནས་སླ་བཅོས་སྤུ་ཙམ་ཡང་མེད་པའི་སྒོ་ནས་དཀར་ཆུའི་ཐོན་རྫས་ཐུམ་སྒྲིལ་རྒྱག་པའི་ལས་ལ་གཞོལ་བཞིན་ཡོད་པ་མཐོང་བྱུང་། ཞོ་དང་འོ་མ་སོགས་བླུགས་པའི་ཤོག་སྒམ་ཚང་མ་གྲལ་འགྲིག་པོས་བཞག་ཡོད་པ་དེ་དག་ཕྱིར་ཚོང་བྱ་ཡུལ་ཁག་ཏུ་བསྐྱལ་ནས་འཛད་སྤྱོད་པར་ཞིམ་ཟས་དང་བདེ་ཐང་མཁོ་འདོན་བྱེད་བཞིན་ཡོད། ད་ཆ་བོད་ལྗོངས་བོད་ཀྱི་ནོར་གཡང་ཞིང་ལས་གསར་སྤེལ་ཚད་ཡོད་ཀུང་སིས་རང་བརྟེན་ཞིབ་བཟོ་དང་ཐོན་སྐྱེད་བྱས་པའི་བོད་ཀྱི་ནོར་གཡང་སོགས་སྤུས་རྟགས་ཀྱི་དཀར་ཆུའི་ཐོན་རྫས་ཀྱི་གསར་གཏོད་ནུས་པ་དང་སྤུས་རྟཊ་ཀྱི་ཤུགས་རྐྱེན་སྔར་བས་ཆེ་རུ་ཕྱིན་ཡོད་པ་རེད། འདི་ལོ་ཀུང་སི་འདིས་ད་དུང་ཉིན་བདུན་རིང་གི་འོ་མ་སོས་པ་དང་། ལྷ་སའི་བྲོ་ལྡན་འོ་མ་དང་། འབྲི་ཞོ། བཏུང་བྱ་སོགས་ཐོན་རྫས་གསར་པ་4བཏོན་ཏེ་འཛད་སྤྱོད་པའི་སྣ་མང་ཅན་གྱི་དགོས་མཁོ་བསྐངས་ཡོད། བོད་ལྗོངས་བོད་ཀྱི་ནོར་གཡང་ཞིང་ལས་གསར་སྤེལ་ཚད་ཡོད་ཀུང་སིའི་ཐོན་རྫས་ཚོད་འཛིན་པུའི་ལས་མི་བློ་བཟང་སྒྲོལ་དཀར་གྱིས་ང་ནི་སྟོད་ལུང་བདེ་ཆེན་ཆུས་རྒུ་རུམ་གྲོང་རྡལ་རྒུ་རུམ་གྲོང་ཚོའི་སློབ་ཆེན་སློབ་མ་ཞིག་ཡིན་ཞིང་། 2021ལོ་ནས་ད་ལྟའི་བར་ཀུང་སིའི་སྤུས་ཚད་ཞིབ་དཔྱད་པའི་འགན་འཁུར་གྱི་ཡོད། སྤུས་ཚད་ཞིབ་དཔྱད་པ་ཞིག་གི་ངོས་ནས་བརྗོད་ན། གལ་འགངས་ཆེ་ཤོས་ནི་ཐོན་རྫས་ཀྱི་སྤུས་ཚད་ལ་ཚོད་འཛིན་བྱེད་རྒྱུ་དང་ཐོག་མཐའ་བར་གསུམ་དུ་ལས་བཀུར་གྱི་སྙིང་སྟོབས་རྒྱུན་འཁྱོངས་བྱ་རྒྱུ་དེ་ཡིན། ཕྱིས་སུ་རང་ཉིད་ཀྱིས་ལས་གནས་ཐོག་གཞི་ཚུགས་པ་དང་འགན་འཁྲི་ནན་ཏན་ངང་བསྒྲུབས་ནས་རང་ངོས་ཀྱི་ལས་ཀའི་ནུས་པ་རྒྱུན་ཆད་མེད་པར་མཐོ་རུ་གཏོང་རྒྱུ་ཡིན་ཞེས་བཤད།

ཤེས་རྟོགས་བྱུང་བར་གཞིགས་ན། ཀུང་སི་དེས་རྒྱུན་ཆད་མེད་པར་འཕེལ་རྒྱས་གཏོང་བ་དང་སྦྲགས། ཞིང་འབྲོག་མང་ཚོགས་ལས་ཞུཊ་ཐུབ་རྒྱུར་སྐུལ་ཁྲིད་ཧུར་ཐག་བྱས་ཡོད། ཀུང་སི་དེ་བཙུཊ་པ་ནས་བཟུང་། སྔ་རྗེས་སུ་ཞིང་འབྲོག་མང་ཚོགས་མི་ཐེངས་300ལྷག་ཙམ་ལས་ཞུགས་ཐུབ་པ་དང་། ཀུང་སིར་ད་ཆ་ས་གནས་དེ་གའི་ལས་མི་54ཡོད་པའི་ནང་སློབ་ཆེན་སློབ་མ་16ཡོད་པ་དང་། ཆ་སྙོམས་བྱས་ན་ཟླ་རེར་གླ་ཆ་སྒོར་4500ཡོད། རིམ་རྩིས་བྱས་པ་ལྟར་ན་གླ་ཆ་སྒོར་ཁྲི་1000ལྷག་ཙམ་སྤྲོད་ཀྱི་ཡོད། ས་གནས་དེ་གའི་ཞིང་འབྲོག་པ་ལས་ཞུགས་ཐུབ་པའི་མི་གྲངས་ཀྱིས་ལས་བཟོ་བའི་མི་འབོར་གྱི་བརྒྱ་ཆ་70ཡན་ཟིན་ཡོད།

བོད་ལྗོངས་བོད་ཀྱི་ནོར་གཡང་ཞིང་ལས་གསར་སྤེལ་ཚད་ཡོད་ཀུང་སིའི་མཁོ་སྤྲོད་པུའི་ལས་མི་བདེ་སྐྱིད་ཀྱིས་ངའི་ཁྱིམ་ཆུ་ཤུར་རྫོང་གནམ་ཤང་དུ་ཡོད། 2023ལོའི་ཟླ་10པར་ཀུང་སིའི་མཁོ་སྤྲོད་པུའི་ནང་ཞུཊ་ནས་མཛོད་ཉར་དོ་དམ་པའི་འགན་འཁུར་གྱི་ཡོད། རང་ཉིད་ཀྱིས་འབད་བརྩོན་ལྷོད་མེད་བྱས་པ་དང་དེ་བཞིན་ཀུང་སིའི་གསོ་སྐྱོང་ལ་བརྟེན་ནས་ད་ལྟ་མཁོ་སྤྲོད་པུའི་ལས་འགན་གཙོ་བོ་འཁུར་མཁན་ཡིན་ལ་ཟླ་རེར་གླ་ཆ་སྒོར་6000ཙམ་ཡོད། ཕྱིས་སུ་ངས་སྔར་བས་འབད་བརྩོན་བྱས་ཏེ་ཀུང་སིའི་མ་བཅོས་རྒྱུ་ཆ་དང་ཟུར་སྦྱོར་དངོས་རྫས་ཉོ་སྒྲུབ་ཀྱི་འགག་སྒོ་ནན་པོ་སྲུང་བ་དང་འབྱུང་རྩ་ནས་ནན་འགོག་དང་། བརྒྱུད་རིམ་ལ་དོ་དམ་ནན་པོ། ཉེན་ཁར་ཚོད་འཛིན་ནན་པོ་བཅས་བྱ་རྒྱུ་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ་འཛད་སྤྱོད་པར་སྤུས་ལེགས་དང་སྐྱོན་བྲལ་གྱི་ཐོན་རྫས་མཁོ་འདོན་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

ལྷ་སའི་ཚོང་གཉེར་གྱི་ཁོར་ཡུག་ཡག་པོ་ཡོད་པར་བརྟེན་ནས་2023ལོར་བོད་ཀྱི་ནོར་གཡང་ཞིང་ལས་གསར་སྤེལ་ཚད་ཡོད་ཀུང་སིས་ཁྱོན་བསྡོམས་དཀར་ཆུའི་ཐོན་རྫས་ཏུན་1400ལྷག་ཙམ་ཐོན་སྐྱེད་བྱས་ཤིང་། ཕྱིར་ཚོང་བྱས་པར་ཕྱིར་ཚོང་གི་ཡོང་འབབ་སྒོར་ཁྲི་1800ཙམ་བྱུང་བ་དང་། 2025ལོར་དཀར་ཆུའི་ཐོན་རྫས་ཏུན་2500ཐོན་སྐྱེད་བྱས་ནས་ཕྱིར་ཚོང་བྱ་རྩིས་ཡོད་པས་ཕྱིར་ཚོང་གི་ཡོང་འབབ་སྒོར་ཁྲི་3000ཟིན་རྒྱུ་རེད། བོད་ཀྱི་ནོང་གཡང་ཞིང་ལས་གསར་སྤེལ་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ལི་ཧྲེང་ལུང་གིས་ཕྱིས་སུ་ངེད་ཀུང་སིས་ཁྱད་ཆོས་མངོན་གསལ་དོད་དུ་གཏོང་བ་དང་། སྤུས་ཚད་ལེགས་སུ་གཏོང་བ། སྤུས་རྟགས་རྩེ་གྲ་གཏོད་པ་བཅས་བྱས་ཏེ་ཁྲོམ་རའི་དགོས་མཁོ་ཁྲིད་སྟོན་དུ་བྱེད་པ་དང་། ས་ཁོངས་རིག་གནས་སྔོག་འདོན་བྱེད་པ། ཁྱད་ལྡན་དཀར་ཆུའི་ཐོན་རྫས་ཀྱི་ཐོན་ལས་སྔར་བས་ལེགས་སུ་གཏོང་བ། ཐོན་རྫས་ཀྱི་སྤུས་ཚད་དང་སྤུས་རྟགས་ཀྱི་ཤུགས་རྐྱེན་མུ་མཐུད་ཇེ་རྒྱས་ཇེ་ལེགས་སུ་གཏོང་བ་བཅས་བྱས་ནས་ཁྲོམ་རར་སྤུས་ལེགས་དང་། སྐྱོན་བྲལ། རིག་གནས་བཅས་ཀྱི་ནང་དོན་ལྡན་པའི་དཀར་ཆུའི་ཐོན་རྫས་དེ་བས་མང་བ་མཁོ་འདོན་བྱས་ཏེ་བོད་ཀྱི་དཀར་ཆུའི་ཐོན་རྫས་དེ་བས་རྒྱ་ཆེ་བའི་ཁྲོམ་རར་ཁྱབ་པར་བྱས་ནས་ཁྱིམ་ཚང་ཁྲི་སྟོང་མང་པོར་ཕན་པ་ཐོབ་པ་དང་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་གྲོང་གསེབ་དར་རྒྱས་ལ་སྒུལ་ཤུཊ་ཆེན་པོ་སྣོན་རྒྱུ་རེད་ཅེས་ངོ་སྤྲོད་བྱས་པ་རེད།(ཉི་མ་ཆོས་སྒྲོན་དང་དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-10 6 6 拉萨日报藏文 c190754.html 1 /enpproperty-->