ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། སྐལ་བཟང་མེ་ཏོག་བཞད་པ་དང་། ནན་ཅིང་དང་མལ་གྲོའི་གཟའ་འཁོར་གྱི་མལ་གྲོའི་རིག་གནས་ནན་ཅིང་དུ་སྤེལ་བའི་བྱེད་སྒོ་སྐབས་ལྔ་པ་དེ་ཞོན་ཝུའུ་ཆུས་པད་མ་ཐང་ཆེན་དུ་སྤེལ་འགོ་ཚུགས་པ་དང་། ནན་ཅིང་གི་གྲོང་མིར་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་སྟོན་མོ་གཟབ་རྒྱས་ཤིག་བཤམས་པ་རེད།
བྱེད་སྒོ་སྤེལ་ཡུལ་དུ་འབྲི་གུང་གི་འཚེམ་དྲུབ་ཐང་ག་དང་། ཐང་སྐྱའི་བོད་ཤོག གཟིམ་སྤོས། བོད་ཡིག་གི་ཡིག་གཟུགས་སོགས་མངོན་མིན་རིག་གནས་ཤུལ་བཞག་འགྲེམས་ཚོང་ལས་མི་རྣམས་ལྟ་བས་མི་ཁོམ་པ་ཞིག་ཡོད་པ་དང་། ལྟ་ན་སྡུག་པའི་ལག་ཤེས་ཐོན་རྫས་ཀྱིས་མལ་གྲོ་གུང་དཀར་རྫོང་གི་ཁྱད་ལྡན་རིག་གནས་ཀྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་མངོན་ཡོད། མངོན་མིན་རིག་གནས་ཤུལ་བཞག་གི་ཐོན་རྫས་བཟོ་བའི་ལྷུ་ཚིགས་ནང་ནན་ཅིང་གི་གྲོང་མི་རང་ཉིད་དངོས་སུ་ཞུགས་ནས་སྲོལ་རྒྱུན་གྱི་ལག་རྩལ་རྩེར་སོན་ཡིན་པ་ཚོར་ཐུབ་པ་བྱུང་ཡོད། ཞིམ་ཟས་ཀྱི་བྲོ་བ་མྱོང་ཁུལ་དུ་མལ་གྲོའི་ས་གཙང་ཀུང་སིས་འཁྱེར་ཡོང་བའི་ཁྱད་ལྡན་ཞིམ་ཟས་ཀྱི་དྲི་ཞིམ་ལས་དེ་གའི་མི་རྣམས་ཀྱི་བྲོ་བ་མྱོང་འདོད་རབ་ཏུ་འཕེལ། སྲོང་བཙན་སྒྱུ་རྩལ་ཚོགས་པས་འཁྲབ་སྟོན་བྱས་པའི་ངོ་མཚར་ཆེ་བའི་རིག་རྩལ་ལེ་ཚན་གྱིས་ནན་ཅིང་གི་གྲོང་མི་མང་པོའི་ཡིད་དབང་དེ་བས་འཕྲོག་ཡོད། རིག་གནས་འགྲེམས་འཁྲབ་དང་ཐོན་རྫས་འགྲེམས་ཚོང་བྱེད་སྒོ་ཕུད། ད་ཐེངས་ཀྱི་སྐལ་བཟང་མེ་ཏོག་བཞད་པ་དང་ནན་ཅིང་དང་མལ་གྲོའི་གཟའ་འཁོར་ནང་ད་དུང་སྤེལ་རེས་མཉམ་ལས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་རེད།
བྱེད་སྒོའི་ཁྲོད། ནན་ཅིང་དང་མལ་གྲོ་ས་གནས་གཉིས་ཀྱིས་འབྲེལ་གཏུགས་དང་གྲོས་མོལ་གཏིང་ཟབ་བྱས་པ་དང་འབྲེལ་རིག་གནས་ཡུལ་སྐོར་དང་། ཤེས་ལྡན་པའི་སྤེལ་རེས་ཚོགས་འདུ། སྨྱན་སྦྱོར་མཉམ་འདྲེས་འཕེལ་རྒྱས་ཀྱི་འཐབ་ཇུས་རོགས་སྐྱོར་སྤེལ་རེས་ཚོགས་འདུ་སོགས་ཁྱད་ལྡན་ཐོན་ལས་ཁྱབ་ཁོངས་ཀྱི་མཉམ་ལས་གྲོས་མཐུན་མང་པོ་བཞག་པ་རེད། དེ་དང་ཆབས་ཅིག་ས་གནས་གཉིས་ཀྱི་ཏང་སྲིད་ལས་བྱེད་པས་ད་དུང་སྤེལ་རེས་དང་སློབ་སྦྱོང་བྱས་པ་དང་། རང་སོ་སོའི་འཕེལ་རྒྱས་ཀྱི་ཉམས་མྱོང་དང་འདུ་ཤེས་མཉམ་སྤྱོད་བྱས་ཏེ། ས་གནས་གཉིས་ཐུན་མོང་ཐོག་འཕེལ་རྒྱས་འགྲོ་རྒྱུར་དགེ་མཚན་ལྡན་པའི་དཔྱད་གཞི་མཁོ་འདོན་བྱས་པ་རེད།
2019ལོར། སྐལ་བཟང་མེ་ཏོག་བཞད་པ་དང་ནན་ཅིང་དང་མལ་གྲོའི་གཟའ་འཁོར་སྐབས་དང་པོ་སྤེལ་ཚུན། ས་གནས་གཉིས་ཀྱིས་མཉམ་དུ་ནན་ཅིང་དང་མལ་གྲོའི་གླུང་དབྱངས་ལེན་པ་དང་ནན་ཅིང་དང་མལ་གྲོའི་བརྩེ་སེམས་གླེང་བ་ཞེས་པའི་ལས་སྟེགས་གལ་ཆེན་དང་དུས་རབས་གསར་པའི་མཉམ་འདྲེས་རྣམ་པའི་བོད་སྐྱོར་གྱི་སྤུས་རྟགས་གལ་ཆེན་དང་། དེ་བཞིན་དུས་རབས་གསར་པའི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་གཞི་རྟེན་གསར་རྐྱང་ཞིག་ཏུ་གྱུར་ཡོད། ནན་ཅིང་དང་མལ་གྲོའི་གཟའ་འཁོར་སྐབས་ལྔ་པ་སླར་ཡང་འགོ་ཚུགས་པ་དང་བྱེད་སྒོའི་ནང་དོན་ཐད་འགོ་ཚུགས་མཛད་སྒོ་དང་། ཁ་གཏད་རོགས་སྐྱོར་བྱས་ནས་ལོ་ངོ་30འཁོར་བའི་གྲུབ་འབྲས་འགྲེམས་སྟོན། ས་གཙང་ཐོན་རྫས། མངོན་མིན་རིག་གནས་ཤུལ་བཞག་འགྲེམས་སྟོན། ཡུལ་སྐོར་འོས་སྦྱོར། མེ་ཕུང་མཚན་ཚོགས། རིག་གནས་མཉམ་འདྲེས་ཀྱི་བྱེད་སྒོ། པད་ཁའི་སྣུམ་འོས་སྦྱོར་ཉོ་སྒྲུབ་བྱེད་སྒོ། ཚོང་འགུགས་མ་འདྲེན་གྱི་འདུ་ཚོགས། ལས་ཞུཊ་དང་ལས་གཏོད། དམིཊ་བསལ་སྦྱོང་བརྡར་གྱི་སྒར་ས། གཅེས་སེམས་སྨན་བཅོས། མཇུག་འགྲིལ་མཛད་སྒོ་སོགས་ཚུད་ཡོད་པ་རེད། སྐབས་འདིར་ད་དུང་ཉིང་མལ་གྱི་ཤེས་ལྡན་པའི་སྤེལ་རེས་ཚོགས་འདུ་དང་། བོད་ཀྱི་རིག་གནས་གློག་བརྙན་འགྲེམས་སྟོན་དང་དེ་བཞིན་སྨྱན་སྦྱོར་མཉམ་འདྲེས་ཀྱི་འཐབ་ཇུས་རོགས་སྐྱོར་སྤེལ་རེས་ཚོགས་འདུ་སོགས་ཀྱི་བྱེད་སྒོའི་ལྷུ་ཚིགས་མང་དུ་བཏང་བ་རེད།
(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)
པར་འདི་ནི་བོད་ཡིག་ཡིག་གཟུགས་འགྲེམས་སྟོན་དེ་ནན་ཅིང་གི་གྲོང་མིའི་མིག་གི་ལོངས་སྤྱོད་དུ་གྱུར་བའི་རྣམ་པ་ཡིན།
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社