分享按钮

ལྷུན་གྲུབ་རྫོང་གསུམ་འཕྲེང་ཤང་གིས་སྒྲིག་འགལ་གཉིས་ཀྱི་ཆེད་དོན་བཅོས་སྒྲིག་ལས་དོན་མུ་མཐུད་སྤེལ་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། ལྷུན་གྲུབ་རྫོང་གསུམ་འཕྲེང་ཤང་གིས་སྒྲིག་འགལ་གཉིས་ཀྱི་ཆེད་དོན་བཅོས་སྒྲིག་ལས་དོན་རབ་དང་རིམ་པ་སྤེལ་ནས་སྒྲིག་འགལ་གཉིས་ཀྱི་སྐྲུན་དངོས་36བཤིག་སྟེ། ཁོངས་གཏོགས་ཁུལ་གྱི་མང་ཚོགས་ཀྱིས་རང་དགར་ལྐོག་ཏུ་འཛུགས་སྐྲུན་བྱེད་པའི་བྱེད་སྤྱོད་ལ་བཀག་འགོག་ནུས་ལྡན་བྱས་པ་རེད།

བཅོས་སྒྲིག་བྱེད་རིང་། གསུམ་འཕྲེང་ཤང་གིས་ཁོངས་གཏོགས་ཁུལ་གྱི་གྲོང་མིས་ཁྲིམས་འགལ་ངང་ཁང་པ་བསྐྲུན་པར་གྲལ་བཤེར་དང་བཤིག་རྒྱུའི་གོང་གི་ཁྲིམས་ལུགས་ཁྱབ་གདལ་དྲིལ་བསྒྲགས་དང་བསམ་བློའི་སྐུལ་སློང་ལས་དོན་སྤེལ་བ་དང་། ཡུལ་མིར་སྒྲིག་འགལ་གཉིས་ཀྱི་བྱ་སྤྱོད་ཀྱི་གནོད་འཚེའི་རང་བཞིན་སྒྲོག་འགྲེལ་ཞིབ་ཚགས་བྱས་ཏེ། མང་ཚོགས་ཀྱི་བསམ་ཤེས་དང་རྒྱབ་སྐྱོར་ཐོབ་པར་བྱས་ནས་བརྟན་ལྷིང་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་བཅོས་སྒྲིག་ལས་དོན་སྤེལ་བ་རེད། ཆེད་དོན་བཅོས་སྒྲིག་ནུས་ལྡན་བྱས་ནས་སྒྲིག་འགལ་གཉིས་ཀྱི་བྱེད་སྤྱོད་ལ་རྡུང་རྡེག་ནུས་ལྡན་བཏང་བ་དང་། རྨོ་ཞིང་གི་དམར་ཐིག་དང་སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་ནན་སྲུང་གིས་ཁྲིམས་མཐུན་ངང་ས་ཆ་སྤྱོད་པ་དང་འཛུགས་སྐྲུན་བྱེད་པའི་སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་ཞིག་བཏོད་ཡོད།

རྗེས་མར་གསུམ་འཕྲེང་ཤང་གིས་ཁོངས་གཏོགས་ཁུལ་དུ་སྒྲིག་འགལ་གཉིས་ཀྱི་ཆེད་དོན་བཅོས་སྒྲིག་ལས་དོན་རྒྱུན་རྣམ་ཅན་དུ་སྤེལ་རྒྱུ་དང་།སྒྲིག་འགལ་གཉིས་ཀྱི་ལས་དོན་ཆེད་དོན་བཅོས་སྒྲིག་ཚོགས་ཆུང་གིས་མཁའ་ཐོག་ནས་པར་ལེན་དང་། སྲུང་སྐར་གྱི་རྒྱང་ཚོར། མང་ཚོགས་ཀྱིས་ལྟ་སྐུལ་བྱེད་པ་སོགས་ཀྱི་བྱ་ཐབས་སྤྱད་དེ། ཁོངས་གཏོགས་ཁུལ་ནང་གི་ཁྲིམས་འགལ་ངང་ས་ཆ་སྤྱོད་པ་དང་ཁྲིམས་འགལ་ངང་འཛུགས་སྐྲུན་བྱེད་པའི་བྱེད་སྤྱོད་ལ་མུ་མཐུད་རྡུང་རྡེག་ཤུགས་ཆེན་བཏང་ནས། ས་ཆ་སྤྱོད་པའི་བྱེད་སྤྱོད་ཁག་ཁྲིམས་མཐུན་དང་ལུགས་མཐུན་ཡོང་བའི་འགན་ལེན་བྱས་ཏེ། ཤང་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།

(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-10 6 6 拉萨日报藏文 c190753.html 1 ལྷུན་གྲུབ་རྫོང་གསུམ་འཕྲེང་ཤང་གིས་སྒྲིག་འགལ་གཉིས་ཀྱི་ཆེད་དོན་བཅོས་སྒྲིག་ལས་དོན་མུ་མཐུད་སྤེལ་བ། /enpproperty-->