分享按钮

གྲོང་ཁྱེར་སྲིད་གཞུང་གིས་རྒྱུན་ལས་ཚོགས་འདུ་འཚོགས་པ།

(པར་ངོས་དང་པོར་མཐུད)རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྲིད་ཇུས་ཀྱི་ཁྲིམས་སྲོལ་ལ་བརྒྱུད་རིམ་ལྡན་པའི་སྒོ་ནས་ཞིབ་འཇུག་བྱས་ཏེ་བཅའ་ཁྲིམས་དང་སྒྲིག་སྲོལ་གཞིར་བཟུང་ནས་དངོས་ཐོག་བདེན་འཚོལ་གྱི་རྩ་དོན་མཐའ་འཁྱོངས་ཀྱིས་སྟབས་བདེ་དང་དབྱེ་བ་གང་ཡང་མི་འབྱེད་པ་གཏན་འགོག་བྱས་ནས་ལས་དོན་དོན་འཁྱོལ་ཞིབ་ཚགས་དང་གཏིང་ཟབ་ཏུ་གཏོང་རྒྱུའི་འགན་ལེན་བྱེད་དགོས། རལ་གྲི་འཕྱར་ཕོད་པ་དང་བྱེད་ཐབས་ཡག་པོ་ཡོད་དགོས། ལོ་རྒྱུས་ལ་འགན་འཁུར་བའི་རྣམ་འགྱུར་གྱི་ཐོག་ནས་གནད་དོན་གྱི་འབྱུང་རྩ་གནད་འཁེལ་འཚོལ་བ་དང་། ཁྲིམས་འཛིན་གྱི་ལས་དོན་སྒྲུབ་ཤུགས་ཆེ་རུ་གཏོང་བ། མཁྲེགས་སར་གཏུག་ཕོད་པའི་བློ་སྟོབས་དང་ཆོད་སེམས་ཀྱི་ཐོག་ནས་བཅོས་སྒྲིག་ཡོ་བསྲང་གི་འགག་སྒྲོལ་ལས་དོན་ལ་རྒྱལ་ཁ་ཐོབ་པ་བཅས་བྱེད་དགོས།

ཚོགས་འདུའི་ཐོག་ནན་གསུངས་གནང་དོན། ཁང་པ་རྩིས་སྤྲོད་འགན་ལེན་གྱི་ལས་དོན་དེ་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་། དཔལ་འབྱོར་འཕེལ་རྒྱས་བཅས་དང་འབྲེལ་བ་ཡོད་པས་དམངས་འཚོའི་འདུ་འགོད་གལ་ཆེན་ཞིག་ཡིན་ལ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཀྱང་ཡིན། བསམ་བློའི་ངོས་འཛིན་མཐོ་རུ་བཏང་ནས་ཆབ་སྲིད་ལ་སྣང་ཆེན་དང་ཁྱོན་ཡོངས་ལ་སྣང་ཆེན་བྱེད་པའི་མཐོ་ཚད་ཐོག་ནས་ལས་ཡུན་ལྡོག་སྒྲིག་བྱེད་པ་དང་། རྣམ་གྲངས་འཛུགས་སྐྲུན་རྩིས་སྤྲོད་ལ་མགྱོགས་མྱུར་ངང་སྐུལ་འདེད་བཏང་སྟེ་ལས་འགན་དང་དམིགས་ཚད་དུས་ཐོག་ཏུ་ལེགས་འགྲུབ་ཡོང་བའི་འགན་ལེན་བྱེད་དགོས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་རྣམ་གྲངས་ཀྱི་གནས་ཚུལ་ངོ་མ་དང་གནད་དོན་གྱི་འབྱུང་རྩ་གསལ་པོར་ཤེས་པ་བྱས་ཏེ་རྣམ་གྲངས་གཅིག་ལ་ཇུས་གཞི་གཅིག་གི་ཐོག་ནས་ཁང་པ་རྩིས་སྤྲོད་འགན་ལེན་གྱི་བྱ་ཐབས་བཟོས་ནས་རིགས་དབྱེ་ཐག་གཅོད་དང་གནད་སྨིན་ཇུས་འདོན་བྱེད་དགོས། གཅིག་གྱུར་འཆར་འགོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྲིད་ཇུས་ཁོང་དུ་ཆུད་པ་དང་སྲིད་ཇུས་ཡག་པོ་སྤྱོད་པ། ཁང་པ་རྩིས་སྤྲོད་འགན་ལེན་གྱི་སྲིད་ཇུས་ཁག་ལག་བསྟར་ཡག་པོ་བྱེད་པ། སྲིད་གཞུང་དང་། དངུལ་ཁང་། ཁེ་ལས་བཅས་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ངར་ཤུགས་གཅིག་སྒྲིམ་གྱིས་སྐུལ་འདེད་མགྱོགས་སུ་གཏོང་དགོས་ལ་བློ་རྩ་བརྟན་པོའི་ངང་ལས་དོན་ཏན་ཏིག་བསྒྲུབས་ནས་མཐའ་ཚད་ཀྱི་དམར་ཐིག་ཁག་བརྟན་པོར་སྲུང་དགོས།

ཚོགས་འདུའི་ཐོག་བསྟན་དོན། བཟོ་ལས་ཅན་གསར་པར་སྐུལ་འདེད་གཏོང་རྒྱུ་ནི་སྤུས་ཚད་གསར་པའི་ཐོན་སྐྱེད་ནུས་ཤུགས་སྐྱེད་སྲིང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁ་ཕྱོགས་གཙོ་བོ་ཞིག་ཡིན། འབྲེལ་ཡོད་རྫོང(ཆུས)དང་ནུས་པའི་གླིང་ཁུལ་གྱིས་རང་སོ་སོའི་དངོས་ཡོད་གནས་ཚུལ་དང་ཟུང་འབྲེལ་བྱས་ནས་འབྱུང་འགྱུར་གྱི་གོང་འཕེལ་ལ་ཁ་ཕྱོགས་ཏེ་ཁ་ཕྱོགས་གཏན་འཁེལ་དང་། བཀོད་སྒྲིག་བྱེད་མགྱོགས་སུ་གཏོང་བ། རང་སོ་སོའི་ལེགས་ཆར་བརྟེན་ནས་བཟོ་ལས་ཅན་གསར་པར་སྐུལ་འདེད་གཏོང་བའི་ཞིབ་ཕྲའི་ཇུས་གཞི་འདོན་པ། ཚོང་འགུགས་མ་འདྲེན་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་སྲིད་ཇུས་ཀྱི་ཁེ་འབབ་དག་གོང་འཕེལ་གྱི་ཕན་འབྲས་སུ་འགྱུར་བར་བྱེད་དགོས།

ཚོགས་འདུའི་ཐོག་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་གནང་བ་རེད།

(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-10 6 6 拉萨日报藏文 c190750.html 1 གྲོང་ཁྱེར་སྲིད་གཞུང་གིས་རྒྱུན་ལས་ཚོགས་འདུ་འཚོགས་པ། /enpproperty-->