分享按钮

གྲོང་ཁྱེར་སྲིད་གྲོས་ཀྱིས་གྲོས་གཞིའི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་འཚོགས་པ།

(པར་ངོས་དང་པོར་མཐུད)དམིགས་བསལ་ནུས་པ་ལྡན་ཡོད་པས། མི་དམངས་སྲིད་གྲོས་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ལག་བསྟར་ནན་ཏན་བྱས་ཏེ། ཐབས་འདོན་ཇུས་འབུལ་དང་ཐུན་མོང་གི་ངོས་འཛིན་གཅིག་ཏུ་བསྒྲིལ་ཏེ་གཉིས་ཀས་ཤུགས་བརྒྱབ་ནས་ཕྱོགས་གཅིག་ཏུ་འབད་པའི་གྲོས་གཞིའི་ལས་དོན་ཡག་པོ་སྒྲུབ་པའི་འགན་འཁྲིའི་བསམ་པ་དང་ལས་འགན་སྒྲུབ་སེམས་ཆེ་རུ་ཏན་ཏིག་གཏོང་དགོས་པ་དང་། གནད་དོན་གྱི་ཁྲིད་ཕྱོགས་དང་མཇུག་འབྲས་ཀྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་ཀྱིས་སྔོན་ནས་སྐུལ་སློང་དང་། སྔོན་ནས་བཀོད་སྒྲིག ཞིབ་ཚགས་ངང་དྲི་བ་འདེམས་པ། ནན་ཏན་གྱིས་བརྟག་དཔྱད་ཞིབ་འཇུག་བཅས་བྱས་ཏེ་སྔར་ལས་མཐོ་བའི་བླང་བྱ་དང་ནན་པའི་ཚད་གཞི་ལྟར་གྲོས་གཞིའི་ལས་དོན་གྱི་སྤུས་ཚད་མཐོ་རུ་གཏོང་བ་དང་། མུ་མཐུད་དུ་གྲོས་གཞིའི་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱས་ཏེ་ལས་ཀའི་ནང་རྐྱེན་ཆགས་པ་དང་། ཐབས་མང་མཉམ་སྤྱོད་ཀྱིས་གྲོས་གཞིའི་གྲོས་འགོ་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་དགོས་པ། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་ཏང་ཨུད་དང་སྲིད་གཞུང་གི་མཐོང་ཆེན་དང་སྤྱི་ཚོགས་ཕྱོགས་ཁག་ཞུགས་རྒྱུའི་བརྩོན་ལེན་བྱས་ཏེ། ལས་ཀའི་མཉམ་ཤུགས་ཤིག་ཆགས་པར་བྱས་ནས་གྲོས་གཞི་ཚང་མས་ལྷ་སའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། དམངས་འཚོའི་བདེ་རྩ་ཆེ་རུ་གཏོང་བའི་སྟོབས་ཤུཊ་ཆེན་པོར་འགྱུར་བར་བྱེད་དགོས་པའི་ནན་གསུངས་གནང་བ་རེད།

ཚོགས་འདུ་གྲོལ་རྗེས་གྲོས་གཞི་ཨུ་ལྷན་གྱིས་ལས་རིགས་ཁག་གི་ཨུ་ཡོན་དང་འབྲེལ་གཏུགས་བྱས་ནས་སློབ་སྦྱོང་ཚོགས་འདུ་འཚོགས་ཤིང་། ཀྲུང་གུང་ལས་རིགས་དང་ཆེད་དུ་གདན་ཞུས་ལས་རིགས་ཀྱི་ཨུ་ཡོན་གྱི་འཐུས་མིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་དབུ་བརྙེས་ནས་ལོ་ངོ་75འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུར་དམིགས་ནས་མྱོང་ཚོར་ལྷུག་པོར་གླེང་བ་རེད།

གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཟླ་བ་དང་། ལིའུ་ལེང་། སུང་ལིའུ་ཀྲུའུ། ཧན་ཡུན་ཧྲོན། ལུའུ་ཝུའེ་ཧྲེང་བཅས་དང་དེ་བཞིན་དྲུང་ཆེ་ཙོའུ་ཡུས་མིང་ཚོགས་འདུར་ཕེབས་ཡོད་པ་རེད། གྲོང་ཨུད་ལྟ་སྐུལ་ཞིབ་བཤེར་ཁང་དང་། སྲིད་གཞུང་ལྟ་སྐུལ་ཞིབ་བཤེར་ཁང་། རྫོང(ཆུས)ཁག་གི་སྲིད་གྲོས་ཀྲུའུ་ཞི་དང་དེ་བཞིན་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་། གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུང་གུང་ལས་རིགས་དང་ཆེད་མངགས་གདན་ཞུས་ལས་རིགས་ཀྱི་སྲིད་གྲོས་ཨུ་ཡོན། དེ་བཞིན་གྲོང་ཁྱེར་སྲིད་གྲོས་གྲོས་གཞི་ཨུ་ལྷན་གྱི་ཆེད་བསྐོས་ཨུ་ཡོན། གྲོང་ཁྱེར་སྲིད་གྲོས་ལས་ཁུངས་ཀྱི་རྫོང་རིམ་པའི་ལས་བྱེད་པ་དང་ཚན་ཁག་ཁག་གི་འགན་འཁུར་བློ་མཐུན་བཅས་ཚོགས་འདུར་ཞུགས་ཡོད་པ་རེད། (ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-10 6 6 拉萨日报藏文 c190749.html 1 གྲོང་ཁྱེར་སྲིད་གྲོས་ཀྱིས་གྲོས་གཞིའི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་འཚོགས་པ། /enpproperty-->