分享按钮

ཞི་ཅིན་ཕིང་གིས་དབྱིི་ཐ་ལིའི་སྲིད་འཛིན་མ་ཐ་ལེ་ལ་དང་གྲོས་མོལ་གནང་བ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་8ཉིན་གློག་འཕྲིན་འབྱོར་གསལ། ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་8ཉིན་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་8ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་ཀྲུང་གོར་རྒྱལ་དོན་གྱི་འཚམས་འདྲི་གནང་བར་ཕེབས་པའི་དབྱི་ཐ་ལིའི་སྲིད་འཛིན་མ་ཐ་ལེ་ལ་དང་གྲོས་མོལ་གནང་བ་རེད།

ཞི་ཅིན་ཕིང་གིས་བསྟན་དོན། ད་ལོ་ནི་ཀྲུང་གོ་དང་དབྱི་ཐ་ལིའི་དབར་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་ནས་ལོ་ངོ་20འཁོར་བའི་ལོ་ཞིག་རེད། ཕྱོགས་གཉིས་པོས་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་ཤུགས་སྣོན་རྒྱག་རྒྱུའི་བྱ་སྤྱོད་འཆར་གཞི་སྤེལ་བ་དང་ལོ་རྒྱུས་ཡུན་རིང་ལྡན་པའི་དར་གོས་ལམ་བུའི་སྙིང་སྟོབས་རྒྱུན་འཁྱོངས་བྱས་ནས་ཕྱོགས་གཉིས་པོའི་འབྲེལ་བ་དེ་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སླེབས་རྒྱུར་སྐུལ་འདེད་གཏོང་རྒྱུའི་མོས་མཐུན་མགྲིན་གཅིག་ཏུ་གནང་བ་རེད། མིག་སྔར་འཛམ་གླིང་ལ་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འཕོ་འགྱུར་འགྲོ་བཞིན་ཡོད། ཀྲུང་གོ་དང་དབྱི་ཐ་ལི་ནི་ཤེས་དཔལ་ལྡན་པའི་གནའ་བོའི་རྒྱལ་ཁབ་ཆེན་པོ་གཉིས་ཡིན་པའི་ཆ་ནས་སྒོ་དབྱེ་ཁོང་ཡངས་དང་འཆམ་མཐུན་མཉམ་གནས་ཀྱི་སྲོལ་རྒྱུན་དར་སྤེལ་བཏང་སྟེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སྐད་ཆ་ཤོད་རེས་ཀྱི་ཐོག་ནས་མི་མཐུན་ས་སེལ་བ་དང་། མཉམ་ལས་ལ་བརྟེན་ནས་གདོང་གཏུག་ལས་བརྒལ་བར་སྐུལ་འདེད་བཏང་སྟེ་ལག་གདང་སྦྲེལ་ནས་འཆམ་མཐུན་མཉམ་གནས་དང་མཛེས་པའི་འཛམ་གླིང་བསྐྲུན་དགོས།

ཞི་ཅིན་ཕིང་གིས་ཕན་ཚུན་བརྩི་འཇོག་དང་། ཕན་ཚུན་ཡིད་ཆེས། གཉིས་ཁེ་གཉིས་ཕན་བཅས་བྱ་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་ཀྲུང་དབྱིའི་འབྲེལ་བའི་ཆེས་མངོན་གསལ་དོད་པའི་གཞི་གདན་དུ་འགྱུར་བར་བྱེད་དགོས། ཕྱོགས་གཉིས་པོས་ཀྲུང་གོ་དང་དབྱི་ཐ་ལིའི་སྲིད་གཞུང་ཨུ་ལྷན་དང་ཁྱབ་ཁོངས་ཁག་གི་སྐད་ཆ་ཤོད་རེས་ལམ་སྲོལ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་འགྲོ་འོང་ལ་ཤུགས་སྣོན་དང་ཕན་ཚུན་གྱི་ཡིད་ཆེས་བརྟན་དུ་གཏོང་བ་དང་། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་གལ་ཆེན་ལ་མུ་མཐུད་བསམ་ཤེས་དང་རྒྱབ་སྐྱོར་བྱས་ནས་ཕན་ཚུན་རྒྱབ་སྐྱོར་བྱེད་པའི་འཐབ་ཇུས་རོགས་ཟླ་ཞིག་བྱེད་དགོས། ཀྲུང་གོ་དང་དབྱི་ཐ་ལིའི་རིག་གནས་མཉམ་ལས་ལ་གྲུབ་འབྲས་དང་གསོན་ཤུགས་ལྡན་པས་ཕྱོགས་གཉིས་པོས་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་སྤེལ་རེས་མུ་མཐུད་ཟབ་ཏུ་གཏོང་བ་དང་། རེས་སྐོར་གསར་པའི་རིག་གནས་མཉམ་ལས་ལག་བསྟར་འཆར་གཞི་དོན་འཁྱོལ་ཡག་པོ་བྱེད་པ། རིག་གནས་སྒྱུ་རྩལ་དང་། རིག་དངོས་སྲུང་སྐྱོང་། གསུང་རབ་སྒྱུར་རེས། ཡུལ་སྐོར། སློབ་གསོ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ཏེ།

(པར་ངོས་གསུམ་པར་གཟིགས)

ཟླ་11ཚེས་8ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་ཀྲུང་གོར་རྒྱལ་དོན་གྱི་འཚམས་འདྲི་གནང་བར་ཕེབས་པའི་དབྱི་ཐ་ལིའི་སྲིད་འཛིན་མ་ཐ་ལེ་ལ་དང་གྲོས་མོལ་གནང་ཞིང་། པར་འདི་ནི་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན།མ་ཐ་ལེ་ལ་དང་བུ་མོ་ལའོ་ལ་བཅས་ལྷན་དུ་སྐུ་པར་བསྐྱོན་བཞིན་པའི་རྣམ་པ་ཡིན།

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-10 6 6 拉萨日报藏文 c190746.html 1 ཞི་ཅིན་ཕིང་གིས་དབྱིི་ཐ་ལིའི་སྲིད་འཛིན་མ་ཐ་ལེ་ལ་དང་གྲོས་མོལ་གནང་བ། /enpproperty-->