分享按钮

གྲོང་ཁྱེར་སྲིད་གཞུང་གིས་རྒྱུན་ལས་ཚོགས་འདུ་འཚོགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་11ཚེས་7ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་གྲོང་སྤྱི་ཝང་ཆང་གིས་གྲོང་ཁྱེར་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ནས་འཚོགས་ཏེ་ཁྲིམས་འགལ་ངང་ས་ཆ་སྤྱོད་པའི་གནད་དོན་བཅོས་སྒྲིག་དང་། གཏན་འཇགས་རྒྱུ་ནོར་ཐོ་འགོད་ཐད་ཀྱི་ལོ་རྒྱུས་ཁྲོད་ལུས་པའི་གནད་དོན་སེལ་བ། གྲོང་ཁྱེར་ཡོངས་ཀྱི་སྡོད་ཁང་རྩིས་སྤྲོད་འགན་ལེན་གྱི་ལས་དོན། བཟོ་ལས་ཅན་གསར་པར་མགྱོགས་མྱུར་ངང་སྐུལ་འདེད་གཏོང་བ་སོགས་ཀྱི་དོན་གནད་ལ་ཞིབ་འཇུག་གནང་བ་རེད།

ཚོགས་འདུའི་ཐོག་བསྟན་དོན། ས་ཆ་ནི་དམངས་འཚོའི་གཞི་མ་དང་འཕེལ་རྒྱས་ཀྱི་རྨང་གཞི་ཡིན། ད་ལོ་ནས་བཟུང་། གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་སྐུལ་འདེད་ཤུགས་ཆེན་ལ་བརྟེན་ནས་རིམ་ཁག་ཚན་ཁག་གིས་བྱེད་ཐབས་ཏན་ཏིག་དང་བྱ་སྤྱོད་སྤེལ་མགྱོགས་པས་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད། དུས་བབ་གསལ་རྟོགས་དང་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་དགོས་ཤིང་།ཁྲིམས་འགལ་ངང་ས་ཆ་སྤྱོད་པ་དང་གཏན་འཇགས་རྒྱུ་ནོར་ཐོ་འགོད་ཐད་ཀྱི་ལོ་རྒྱུས་ཁྲོད་ལུས་པའི་གནད་དོན་གྱི་རྙོག་འཛིང་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ་རང་རྟོགས་ངང་བཅོས་སྒྲིག་བྱེད་པའི་འགན་འཁྲི་ཁུར་ནས་རེ་རེ་བཞིན་ཞིབ་འཇུག་དང་། རྩིས་ཐོ་བཀོད་ནས་སྒྲུབ་སྐུལ། རྩིས་ཐོ་བཀོད་ནས་སྐུལ་འདེད་བཅས་བྱས་ཏེ་བཅོས་སྒྲིག་དུས་ཐོག་ཏུ་གནད་ལ་འཁེལ་བའི་འགན་ལེན་བྱེད་དགོས། བཅའ་ཁྲིམས་དང་ཁྲིམས་སྲོལ་བཅོས་སྒྲིག་ལེགས་སུ་གཏོང་དགོས་ཤིང་།ཁྲིམས་འགལ་ངང་ས་ཆ་སྤྱོད་པ་དང་གཏན་འཇགས་རྒྱུ་དངོས་ཐོ་འགོད་བྱེད་རྒྱུའི་སྐོར་གྱི་རྒྱལ་ཁབ་དང་།

(པར་ངོས་གཉིས་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-10 6 6 拉萨日报藏文 c190745.html 1 གྲོང་ཁྱེར་སྲིད་གཞུང་གིས་རྒྱུན་ལས་ཚོགས་འདུ་འཚོགས་པ། /enpproperty-->