ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཟླ་11ཚེས་8ཉིན།རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡིས་གྲོང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོཊ་འདུ་གཙོ་སྐྱོང་གནང་ནས་འཚོཊ་ཏེ།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གལ་ཆེའི་གསུང་བཤད་དང་། གལ་ཆེའི་མཛུབ་སྟོན།གལ་ཆེའི་འཕྲིན་ལན། གལ་ཆེའི་རྟེན་འབྲེལ་འཕྲིན་ཡིག་བཅས་ཀྱི་དགོངས་དོན་བརྒྱུད་བསྒྲཊ་དང་སློབ་སྦྱོང་བྱས་པ་དང་།ཀྲུང་དབྱང་གི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་བརྒྱུད་བསྒྲཊ་བྱས་པ།ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ཉེ་དུས་གནང་བའི་གསུང་བཤད་ཀྱི་དགོངས་དོན་བརྒྱུད་བསྒྲཊ་དང་སློབ་སྦྱོང་བྱས་པ།རང་གྲོང་གི་ལག་བསྟར་དོན་འཁྱོལ་བསམ་འཆར་ལ་ཞིབ་འཇུག་བྱས་པ་རེད།
ཚོཊ་འདུའི་ཐོག་བསྟན་དོན།དུས་ཡུན་ཟླ་9སོང་རྗེས།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སླར་ཡང་ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པའི་སློབ་ཚན་དང་པོ་གཙོ་ཁྲིད་གནང་བ་དེ་ནི་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་བར་ཆབ་སྲིད་ཐད་ནས་སླར་ཡང་སྐུལ་སློང་དང་།བསམ་བློའི་ཐད་ནས་སླར་ཡང་གཅིག་གྱུར།རིགས་པའི་གཞུང་ལུགས་ཐད་ནས་སླར་ཡང་ཟུར་ཁྲིད།ལས་དོན་ཐད་ལ་སླར་ཡང་བཀོད་སྒྲིག་བཅས་བྱེད་པ་ཞིག་ཡིན་པ་དང་།ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ཁོང་དུ་ཡང་དག་ཆུད་པ་དང་།ནུས་སེམས་གཅིག་སྒྲིལ་གྱིས་སྒྱུར་བཅོས་བརྟན་པོའི་ངང་ཡུན་རིང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད་པ་སྟེ།
སྒྱུར་བཅོས་ཀྱི་རྩ་དོན་གལ་ཆེན་ལ་གོ་བ་ནན་ཏན་ལེན་དགོས་ཤིང་།འགྲོ་ལམ་དང་།རྩ་བའི་རིག་པ།ལངས་ཕྱོགས་བཅས་ཡང་དག་ཡོང་བར་བྱེད་པ་དང་། ཐབས་ལམ་དང་།འདུ་ཤེས།བྱེད་སྟངས་བཅས་གསར་པ་གཏོད་པ།གང་ཞིག་བསྒྱུར་དགོས་པ་དང་།གང་ཞིག་བསྒྱུར་མི་དགོས་པ།གང་དུ་བསྒྱུར་དགོས་པ།ཇི་ལྟར་བསྒྱུར་དགོས་པ་བཅས་ཚང་མར་རིག་པ་དྭངས་གསལ་དང་ཆབ་སྲིད་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱེད་དགོས་པ།
སྒྱུར་བཅོས་ཀྱི་ཚན་རིག་དང་མཐུན་པའི་བྱེད་ཐབས་ལ་གོ་བ་ནན་ཏན་ལེན་དགོས་ཤིང་།གོང་དང་འོག་དང་།
(པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社